སྨན་རྩིས་དྲ་བ། - མན་ངག་རྒྱུད།

ལེའུ་ང་གཉིས་པ། འཁྲུ་བའི་ནད་གསོ་བ།

བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 24.08.2011
མན་ངག་རྒྱུད། >> ལེའུ་ལྔ་བཅུ་ང་གཉིས་པ། འཁྲུ་བའི་ནད་གསོ་བ།

 ལེའུ་ང་གཉིས་པ་འཁྲུ་བའི་ནད་གསོ་བ་ལ་གསུམ། ཉན་པར་གདམས་པ་དང༌། གཞུང་དོན་བཤད་པ་དང༌། ལེའུའི་མཚན་བསྟན་པའོ། །དང་པོ་ནི། དེ་ནས་ཞེས་རྐང་པ་གཉིས་ཀྱིས་བསྟན་ནོ། །གཉིས་པ་ལ་གཉིས། མདོར་རྒྱས་སོ། །དང་པོ་ནི། འཁྲུ་བའི་ཞེས་རྐང་པ་གཉིས་ཀྱིས་བསྟན་ཏེ། འཁྲུ་ནད་ཀྱི་རྒྱུ་རྐྱེན་ལྷན་ཅིག་ཏུ་བསྟན་པ་དང༌། དེ་བཞིན་དུ། དབྱེ་བ། རྟགས། བཅོས་ཐབས་ཏེ་བཞིར་བསྟན་ནོ། །གཉིས་པ་རྒྱས་པར་བཤད་པ་ལ་བཞི་ལས། དང་པོ་ནི། རྒྱུ་ནི་ཞེས་རྐང་པ་གསུམ་གྱིས་བསྟན་ཏེ། དེ་ཡང་མ་ཞུ་བ་དང༌། གནས་སྐབས་སུ་མེ་དྲོད་ཉམས་པ་དང༌། རྒྱུ་ལོང་རྣམས་སུ་གྲང་བ་སྐྱེས་པ་དང༌། མཁྲིས་པ་སྣོད་དུ་ལྷུང་བ་དང༌། མཆིན་ཚད་ཐུར་དུ་བབས་པའོ། །གཉིས་པ་དབྱེ་བ་བཤད་པ་ནི། དབྱེ་བ་ཞེས་རྐང་པ་གཅིག་གིས་བསྟན་པ་ལ། རླུང་གྱུར་དང༌། མཁྲིས་གྱུར་དང༌། བད་གྱུར་དང༌། འདུས་གྱུར་དང་བཞིའོ།།

        གསུམ་པ་རྟགས་བཤད་པ་ལ་གཉིས། སྤྱི་བྱེ་བྲག་གཉིས་ལས། དང་པོ་ནི། དེ་རྟགས་ཞེས་རྐང་པ་ལྔས་བསྟན་ཏེ། རྒྱུ་མར་འབྱང་ཞེས་པ་ནི་འཁྲུ་བར་བྱེད་པའོ། །གཉིས་པ་བྱེ་བྲག་གི་རྟགས་བཤད་པ་ལ་བཞི་ལས། དང་པོ་ནི། རླུང་གྱུར་ཞེས་རྐང་པ་གཅིག་གིས་བསྟན་ནོ། །གཉིས་པ་ནི། མཁྲིས་པ་ཞེས་རྐང་པ་གཅིག་གིས་བསྟན་ནོ། །གསུམ་པ་ནི། བད་ཀན་ཞེས་རྐང་པ་གཅིག་གིས་བསྟན་ནོ། །བཞི་པ་ནི། འདུས་པ་ཞེས་རྐང་པ་གཅིག་གིས་བསྟན་ནོ། །བཞི་པ་བཅོས་ཐབས་བསྟན་པ་ལ་གཉིས། སྤྱི་བཅོས་དང་བྱེ་བྲག་གི་བཅོས་གཉིས་ལས། དང་པོ་ནི། མ་ཞུ་ཞེས་འབྲུ་བདུན་དང་རྐང་པ་བཅུ་གསུམ་གྱིས་བསྟན་ཏེ། དེ་ཡང་ད་ལིས་བདུན་དང་རྒོད་མ་ཁ་ནི་ཕྱི་རྒྱུད་ལྟར་སྦྱར་བའོ། །དྲོད་གསུམ་ནི་ཛ་སུག་ཀ་གསུམ། མཁྲིས་ཕྱེ་བདུན་ནི་ཕྱི་རྒྱུད་ལྟར་རོ། །གཉིས་པ་བྱེ་བྲག་གི་བཅོས་ཐབས་བཤད་པ་ལ་བཞི་ལས། དང་པོ་ནི། རླུང་གི་ཞེས་རྐང་པ་གསུམ་གྱིས་བསྟན་ནོ། །གཉིས་པ་ནི། མཁྲིས་གྱུར་ཞེས་རྐང་པ་བརྒྱད་ཀྱིས་བསྟན་པའི་པ་ཏྲ་ནི་གནྡྷ་པ་ཏྲའོ། །གསུམ་པ་ནི། བད་ཀན་ཞེས་རྐང་པ་དྲུག་དང་འབྲུ་གསུམ་གྱིས་བསྟན་ཏེ། གནྡྷ་ནི་གུ་ཡུའོ། །ཚྭ་སྣ་ལྔ་ནི་རྒྱ་ཚྭ་རྒྱམ་ཚྭ་ཁ་རུ་ཚྭ་ལྕེ་མྱང་ཚྭ་ཐལ་ཚྭ་རྣམས་སོ། །འདིར་འདུས་པའི་འཁྲུ་བ་ལ་བཅོས་མ་གསུངས་པ་ནི་སྐབས་དོན་འཕྲུལ་ཤེས་དགོས་པར་དགོངས་སོ།།

གསུམ་པ་ལེའུའི་མཚན་ནི། བདུད་རྩི་ཞེས་པ་ནས་ལྔ་བཅུ་རྩ་་པའོ་ཞེས་པས་བསྟན་ནོ།།

 

 

མཐའ་མའི་འདོན་ཐེངས་།: 24.08.2011 ཉིན། 10:20 PM

<< སྔ་མ།

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

ཡན་ལག་སྨན་ཁང་གཉིས་ལ་ཁ་ལོ་བ་གཉིས་ཀྱི་ས་མིག་གསལ་བསྒྲགས།

སྨན་སྦྱོར་སྡེ་ཚན་དུ་ལས་མི་གྲངས་ ༡༡ ས་མིག་གསལ་བསྒྲགས།

ཆོས་རིག་དྲུང་ཆེ་སྐུ་ཚེ་མ་ཟིན་པའི་ཡིད་སྐྱོའི་གནས་ཚུལ།

སྤྱི་ཁྱབ་འགན་འཛིན་མཆོག་གི་གསུང་བཤད།

འགྲོ་ཕན་བོད་ཀྱི་སྨན་རྩིས་ཁང་དབུ་བརྙེས་པའི་དུས་དྲན་མཛད་སྒོ་སྲུང་བརྩི།

ཞབས་ལོ་ ༤༠། ༣༠། ༢༠། ལོན་པ་རྣམས་ཀྱི་ངོ་སྤྲོད།

སྨན་རྩིས་འབུམ་རམས་པ་དང་ཉེ་བའི་འབུམ་རམས་པར་ཕྱག་ཁྱེར་བསྩལ།

ཐོན་ཟོག་ཁྲལ་འབབ་སྡེ་ཚན་གྱིས་ཆེ་བསྟོད་གནང་།

བོད་ཡིག་མིང་བྱང་ལ་འགྱུར་བཅོས་བཏང་བ།

ཅོན་ཏ་ར་སྨན་སྦྱོར་སྡེ་ཚན་དུ་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།

བརྟན་བཞུགས་སྔོན་འགྲོའི་རིམ་གྲོར་སྲོག་ཆགས་ཚེ་ཐར་བཏང་བ།

འགྲོ་ཕན་སྨན་རྩིས་ཁང་གི་མིང་དུ་བརྫུས་ཏེ་ནད་པ་བསླུ་བྲིད་བྱེད་པའི་གནས་ཚུལ།

ཁ་ལོ་བ་གཅིག་དང་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།

ཆོད་གན་ལས་མི་སྐྱེས་པ་གཉིས་དང་བུད་མེད་གསུམ་གྱི་ས་མིག་གསལ་བསྒྲགས།

ལེའུ་དང་པོ། ཀླད་དོན་གླེང་སློང་བ།