སྨན་རྩིས་དྲ་བ། - གསོ་རིག་མཁས་དབང་རིམ་བྱོན།

ལེགས་གྲུབ་དཔལ།

བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 29.06.2017
གསོ་རིག་མཁས་དབང་རིམ་བྱོན། >>

                                             ལེགས་གྲུབ་དཔལ།

- བྱམས་པ་འཕྲིན་ལས།
 

ལེགས་གྲུབ་དཔལ་ནི།  ཐོག་མའི་རིགས་རུས་ལ་སོགས་པ་བོད་སྨན་མཁས་པ་མི་དགུའི་ནང་ནས་གཉའ་པ་ཆོས་བཟང་གི་གདུང་རྒྱུད་དུ་འཁྲུངས་པ་ཞིག་དང་།  རིགས་ལྡན་ཆོས་ཀྱི་རྒྱལ་པོ་རྣམ་རྒྱལ་གྲགས་པ་བཟང་པོའི་གསོ་རིག་གཙོ་བོར་གྱུར་པའི་བུ་ཆེན་གནང་རིགས་རྗེས་སྦྱངས་ཀྱི་སྨན་པ་ལྷུན་སྡིངས་ལེགས་གྲུབ་དཔལ་བ་ཞེས་པ་འདི་ཉིད་ཡིན། དམ་པ་དེའི་ཡབ་ནི་དཀོན་ཅོག་གཞོན་ནུ་ཞེས་པ་གསོ་བ་རིག་པ་དང་། སྔགས་རྙིང་མ་ལ་མཁས་ཤིང་སེམས་ཅན་ཐམས་ཅད་ལ་ཐུགས་བརྩེ་བས་བྱང་ཆུབ་སེམས་དཔར་གྲགས།
 

ཐེག་ཆེན་ཆོས་རྗེ་རྒྱའི་བླ་མར་བྱོན་པའི་བླ་སྨན་གནང་བས་རྒྱའི་ལུང་དང་འཇའ་ས་ལོན་པས་སྨན་པ་མཁས་པའི་རྩེ་མོར་སོན། དེའི་དབང་གིས་རང་སྲས་ལེགས་གྲུབ་དཔལ་ཡང་། རིག་གནས་སྤྱི་དང་ཁྱད་པར་གསོ་རིག་ལ་མཆོག་ཏུ་གྱུར། རིགས་ལྡན་རྣམ་རྒྱལ་གྲགས་བཟང་ལ་གསོ་རིག་གི་གཞུང་བཤད་གདམས་པ་མང་དུ་གསན་ཅིང་། གསོ་དཔྱད་བརྒྱུད་འཛིན་འཕེར་བའི་བུ་ཆེན་དུ་མངའ་གསོལ། དེའི་སྲས་ཤེས་རབ་དཔལ་ལྡན་འཁྲུངས་རྟགས་ཡ་མཚན་པ་སོགས་བྱུང་བས། རིགས་ལྡན་རྣམ་རྒྱལ་གྲགས་བཟང་ལ་གསོ་རིག་གཞུང་བཤད་གདམས་པ་མང་དུ་གསན་ཅིང་། གསོ་དཔྱད་བརྒྱུད་འཛིན་འཕེར་བའི་བུ་ཆེན་དུ་མངའ་གསོལ། དེའི་སྲས་ཤེས་རབ་དཔལ་ལྡན་འཁྲུངས་རྟགས་ཡ་མཚན་པ་སོགས་བྱུང་བས། རིགས་ལྡན་རྣམ་རྒྱལ་གྲགས་བཟང་ལ་མིང་ཞུས་པར། འཚོ་བྱེད་པདྨ་སྲི་ཐར་དུ་འདོགས་པར་མཛད། པཎྜིཏ་ནགས་ཀྱི་རིན་ཆེན་བོད་ཡུལ་དུ་ལན་གསུམ་བྱོན་པའི་ཕྱི་མའི་སྐབས་ ( སྤྱི་ལོ་ 1453 ) ཡར་ལམ་མཇལ།  དགུང་ལོ་ཉེར་དྲུག་པ་ལ་གྲུབ་དབང་ཐང་སྟོང་རྒྱལ་པོའི་དྲུང་དུ་བྱོན། ལོ་བཅུ་དྲུག་བར་སྐུ་དངོས་ཀྱི་ཉེ་གནས་མཛད། གདམས་པ་མཐའ་ཡས་པ་གསན་ཅིང་ཉམས་སུ་བཞེས་པས་ཐུགས་སྲས་དམ་པར་གྱུར། མཁས་གྲུབ་ཤེས་རབ་དཔལ་ལྡན་གྲུབ་ཐོབ་ཐང་སྟོང་པའི་དྲུང་དུ་མ་བྱོན་གོང་ལ་སྲས་ལྷུན་སྡིངས་དགེ་མ་ཞེས་པ་དེས་གསོ་རིག་གི་བཤད་སྲོལ་བསྐྱངས་ཏེ་གཡས་རུ་བྱང་པའི་བླ་སྨན་དུ་གྱུར། དེའི་སྐབས་གོང་གི་གཉའ་པའི་རིགས་རྒྱུད་ལས་བྱུང་བའི་སྨན་པ་རྣམས་ལ་ལྷུན་སྡིངས་ཞེས་པའི་མཚན་བྱུང་བ་ནི་ས་གནས་ལ་བརྟེན་ནས་བརྟེན་ནས་ཐོབ་པའི་མིང་མིན་ནམ་སྙམ། ལྷུན་སྡིངས་དགེ་མའི་སྲས་བསྟན་པ་དར་རྒྱས་སྐུ་ཆུང་ངུ་ནས་བཟང་པོའི་ལས་སད་པས་དད་བརྩོན་ཤེས་རབ་སྙིང་རྗེ་དང་ལྡན་ལ། འཛིན་ཤེས་ཡངས་པས་གོས་ཚགས་བྱེད་རིང་ལ་མདའ་ཚད་མའི་ཤོག་ལོགས་རེ་བློར་ཟིན།  བྱང་བདག་པོར་རྒྱུད་བཞི་འགྲེལ་པ་བཅས་དང་། སྙིང་པོ་བསྡུས་པའི་རྒྱུགས་ཕུལ། རྗེས་སུ་བྱང་སྨན་ལྷའི་བཙུན་པ་བཀྲ་ཤིས་དཔལ་བཟང་གི་སྲས་བསོད་ནམས་རྒྱལ་མཚན་སྐུ་གཤེགས་རྗེས་བརྒྱུད་འཛིན་མཁན་ལ་བསྟན་པ་དར་རྒྱས་ཆེད་བསྐོས་བྱུང་བར་བརྟེན་ལྷ་བཙུན་བཀྲ་ཤིས་དཔལ་བཟང་གི་ཞབས་ལ་ཡུན་དུ་བསྟེན་ཏེ་མདོ་སྔགས་རིག་གནས་དང་། ཁྱད་པར་གསོ་བ་རིག་པའི་གཞུང་ལུགས་མན་ངག་ཡི་གེ་འདྲིར་མ་བཏུབ་པའི་སྙན་བརྒྱུད་ཞལ་ཤེས་དང་བཅས་པ་བུམ་པ་གང་བྱོར་བསྩལ།
 

《སྡེ་སྲིད་ཁོག་འབུགས།》 ནང་གཉའ་རིགས་གོང་མ་རྣམས་རིགས་ལྡན་སོགས་ཀྱི་ཞབས་ལ་གཏུགས་པའི་མཁས་པ་ཤ་སྟག་ཡིན་ཀྱང་། བྱང་ལུགས་བཀའ་གཏེར་ཆིག་བརྒྱུད་ཀྱི་གདམས་པ་ཟབ་མོ་འདི་ཡན་ལ་མ་བྱུང་བར་གྲགས། བསྟན་པ་དར་རྒྱས་ལ་རང་སྲས་བསོད་ནམས་ཆོས་འཕེལ་ཞེས་པ་བྱུང་ནས་ཕྱིས་སུ་སྙན་བརྒྱུད་ཞལ་ཤེས་མན་ངག་གི་བདག་པོར་གྱུར་ཞིང་། ངོ་མཚར་རྩ་བདུན་ལ་ནང་བྱན་ཆུད་པས་ཁ་སྨར་ཐམས་ཅད་མངོན་ཤེས་ཡོད་པ་ལྟ་བུ་བྱུང་ཞེས་གསུངས་སོ།།

 

- འདི་ནི་མཁས་དབང་བྱམས་པ་འཕྲིན་ལས་ཀྱིས་བརྩམས་པའི་དཔེ་དེབ་《གངས་ལྗོངས་གསོ་རིག་བསྟན་པའི་ཉིན་བྱེད་རིམ་བྱོན་གྱི་རྣམ་ཐར་ཕྱོགས་བསྒྲིགས་》ནས་ཟུར་འདོན་བྱས་པ་ཞིག་ཡིན།

 

 

 

མཐའ་མའི་འདོན་ཐེངས་།: 29.06.2017 ཉིན། 12:32 PM

<< སྔ་མ།

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

ཡན་ལག་སྨན་ཁང་གཉིས་ལ་ཁ་ལོ་བ་གཉིས་ཀྱི་ས་མིག་གསལ་བསྒྲགས།

སྨན་སྦྱོར་སྡེ་ཚན་དུ་ལས་མི་གྲངས་ ༡༡ ས་མིག་གསལ་བསྒྲགས།

ཆོས་རིག་དྲུང་ཆེ་སྐུ་ཚེ་མ་ཟིན་པའི་ཡིད་སྐྱོའི་གནས་ཚུལ།

སྤྱི་ཁྱབ་འགན་འཛིན་མཆོག་གི་གསུང་བཤད།

འགྲོ་ཕན་བོད་ཀྱི་སྨན་རྩིས་ཁང་དབུ་བརྙེས་པའི་དུས་དྲན་མཛད་སྒོ་སྲུང་བརྩི།

ཞབས་ལོ་ ༤༠། ༣༠། ༢༠། ལོན་པ་རྣམས་ཀྱི་ངོ་སྤྲོད།

སྨན་རྩིས་འབུམ་རམས་པ་དང་ཉེ་བའི་འབུམ་རམས་པར་ཕྱག་ཁྱེར་བསྩལ།

ཐོན་ཟོག་ཁྲལ་འབབ་སྡེ་ཚན་གྱིས་ཆེ་བསྟོད་གནང་།

བོད་ཡིག་མིང་བྱང་ལ་འགྱུར་བཅོས་བཏང་བ།

ཅོན་ཏ་ར་སྨན་སྦྱོར་སྡེ་ཚན་དུ་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།

བརྟན་བཞུགས་སྔོན་འགྲོའི་རིམ་གྲོར་སྲོག་ཆགས་ཚེ་ཐར་བཏང་བ།

འགྲོ་ཕན་སྨན་རྩིས་ཁང་གི་མིང་དུ་བརྫུས་ཏེ་ནད་པ་བསླུ་བྲིད་བྱེད་པའི་གནས་ཚུལ།

ཁ་ལོ་བ་གཅིག་དང་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།

ཆོད་གན་ལས་མི་སྐྱེས་པ་གཉིས་དང་བུད་མེད་གསུམ་གྱི་ས་མིག་གསལ་བསྒྲགས།

ལེའུ་དང་པོ། ཀླད་དོན་གླེང་སློང་བ།