སྨན་རྩིས་དྲ་བ། - དྲ་བརྙན།

གསོ་རིག་སྨན་རྫས་གལ་གནད་ཀྱི་ཤེས་བྱ།

ཕྱི་ལོ་ ༢༠༢༣ ཟླ་ ༨ ཚེས་ ༤ ཉིན་སྨན་རྩིས་མཐོ་སློབ་ཚོགས་ཁང་དུ་འགྲོ་ཕན་སྨན་རྩིས་ཁང་གི་འགན་འཛིན་ཟུར་པ་བོད་ཀྱི་གསོ་བ་རིག་པའི་སྨན་རྫས་ཀྱི་མཁས་དབང་སྨན་རམས་པ་ཟླ་བ་ལགས་ཀྱིས་དགེ་སློབ་དང་སྨན་པ་རྣམས་ལྷན་འཛོམས་སྟེང་། བོད་ཀྱི་གསོ་བ་རིག་པའི་སྨན་རྫས་ཀྱི་གལ་གནད་དང་འབྲེལ་བའི་ཤེས་བྱ་ཞེས་པའི་བརྗོད་གཞི་སྟེང་གཏམ་བཤད་གནང་། དེ་རྗེས་སྨན་རྫས་འབྲེལ་བའི་དོགས་འདྲི་ལ་བཀའ་ལན་གནང་ཡོད། རྒྱས་པར་གཟིགས་་

བདེ་ལེགས་སྨན་ཁང་གི་འགོ་ལས་རྣམས་ལ་བསྩལ་བའི་བཀའ་སློབ།

ཕྱི་ལོ་ ༢༠༢༢ ཟླ་ ༡༠ ཚེས་ ༦ ཉིན་ྋསྤྱི་ནོར་ྋགོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་བཞུགས་སྒར་ཕོ་བྲང་དུ་བདེ་ལེགས་སྨན་ཁང་དབུ་བརྙེས་ནས་ལོ་ ༥༠ འཁོར་བའི་དུས་སྐབས་དང་བསྟུན་སྨན་ཁང་གི་ལས་སྣེ་དང་ཞབས་ཞུ་བ་ཡོངས་ལ་མཇལ་ཁའི་སྐབས་སྩལ་བའི་བཀའ་སློབ། རྒྱས་པར་གཟིགས་་

བྱང་ཁོག་ཡུལ་ཐིག་གི་རྩ་ཚིག་སློབ་ཁྲིད།

བཞུགས་སྒར་སྨན་རྩིས་མཐོ་སློབ་ཁང་གི་སྨན་དགེ་སྨན་རམས་པ་བསྟན་པ་ཆོས་འཕེལ་ལགས་ཀྱིས་སྨན་སློབ་སྐབས་ ༢༠ པའི་སློབ་གཉེར་བ་རྣམས་ལ་འཛིན་གྲྭའི་ནང་དུ་གསོ་རིག་སློབ་ཚན་ཁོངས་གཏོགས་བྱང་ཁོག་ཡུལ་ཐིག་སྐོར་སློབ་ཁྲིད་གནང་བའི་སྒྲ་སྒམ་ཡིན། འདིའི་ནང་བྱང་ཁོག་ཡུལ་ཐིག་གི་དོན་སྣོད་ཁག་གི་སྡེ་ཚན་འབྱེད་པ་ལག་སོན་བྱུང་བ་གཞིར་བཟུང་བཞག་ཡོད། མ་ཟད་འོག་ཏུ་བྱང་ཁོག་ཡུལ་ཐིག་གི་རྩ་ཚིག་སྦྲེལ་མཐུད་ཀྱང་བཀོད་ཡོད། རྒྱས་པར་གཟིགས་་

མངལ་དུ་ལུས་གྲུབ་ཚུལ་སྐོར་གསུང་བཤད།

༢༠༡༩ ཟླ་ ༥ ཚེས་ ༡༠ ཉིན་རྒྱབ་སྨན་རྩིས་མཐོ་སློབ་ཚོགས་ཁང་དུ་ཝཱཎ་དབུས་བོད་ཀྱི་ཆེས་མཐོའི་གཙུག་ལག་སློབ་ཁང་གི་སྨན་རྩིས་རིག་སྡེའི་འགན་འཛིན་རག་རྡོ་བློ་བཟང་བསྟན་འཛིན་ལགས་ཀྱིས་དུས་འཁོར་གྱི་གཞུང་ནས་གསུངས་པའི་མངལ་དུ་བྱིས་པའི་ལུས་ཕུང་གྲུབ་སྟངས་དང་། དེང་དུས་ཚན་རིག་གི་བྱིས་པ་མངལ་དུ་ཆགས་རིམ་དབར་མི་འདྲ་བའི་ཁྱད་པར་སྐོར་གནང་བའི་གསུང་བཤད།

རྒྱས་པར་གཟིགས་་

སྨན་སྒྲུབ་སྐོར།

ཕྱི་ལོ་ ༢༠༡༨ ཟླ་ ༢ ཚེས་ ༥ ཉིན་ཝྰཎ་དབུས་བོད་ཀྱི་ཆེས་མཐོའི་གཙུག་ལག་སློབ་གཉེར་ཁང་དུ། རྒྱལ་སྤྱིའི་བོད་ཀྱི་གསོ་བ་རིག་པའི་བགྲོ་གླེང་ཚོགས་ཆེན་ཐེངས་གསུམ་པའི་སྐབས། བྱ་དོ་རིན་པོ་ཆེ་མཆོག་གིས་གསང་སྔགས་སྔ་འགྱུར་གྱི་གཞུང་ལས་བྱུང་བའི་བདུད་རྩི་སྨན་སྒྲུབ་ཆེན་མོའི་ཁུངས་དང་ཕྱག་ལེན་དང་ཕན་ཡོན་བཅས་ཀྱི་སྐོར་གནང་བའི་གསུང་བཤད།

རྒྱས་པར་གཟིགས་་

སློབ་ཐོན་པ་རྣམས་ལ་སྩལ་བའི་བཀའ་སློབ།

ཕྱི་ལོ་ ༢༠༡༧ ཟླ་ ༡༡ ཚེས་ ༩ ཉིན་བཞུགས་སྒར་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་གསུང་ཆོས་རྭ་བར་ྋསྤྱི་ནོར་ྋགོང་ས་སྐྱབས་མགོན་ཆེན་པོ་མཆོག་ནས། སྨན་རྩིས་མཐོ་སློབ་ཁང་གི་སྨན་སློབ་སྐབས་ ༡༨ དང་། རྩིས་སློབ་སྐབས་ ༩ པ་བསླབ་པ་མཐར་སོན་པ་རྣམས་དང་། སྨན་རྩིས་དགེ་ལས། དེ་བཞིན་རིག་ལམ་སློབ་གཉེར་ཁང་གི་སློབ་ཐོན་པ་གཙོ་བོར་གྱུར་བའི་མི་མང་རྣམས་ལ་བཀའ་དྲིན་སྩལ་བའི་སྒྲ་ལྡན་བཀའ་སློབ་བཞུགས་སོ།།
རྒྱས་པར་གཟིགས་་

འཆི་རིམ་དང་ཐུགས་དམ་སྐོར།

ཕྱི་ལོ་ ༢༠༡༧ ཟླ་༨ ཚེས་ ༢༨ ཉིན་སྨན་རྩིས་མཐོ་སློབ་ཚོགས་ཁང་དུ་སྨན་རྩིས་དགེ་སློབ་དང་། སྨན་རྩིས་པ། དེ་བཞིན་ཐུགས་དམ་ཉམས་ཞིབ་པ་བཅས་ཚང་འཛོམས་སར་ཐུགས་དམ་ཉམས་ཞིབ་ཚན་པས་ཇི་ལྟར་གསོལ་འདེབས་བཞིན་སྐྱབས་རྗེ་མཁས་དབང་སློབ་དཔོན་ཟམ་གདོང་རིན་པོ་ཆེ་མཆོག་གིས་《སངས་རྒྱས་པའི་གཞུང་ནས་གསུངས་པའི་འཆི་རིམ་དང་ཁྱད་པར་ཐུགས་དམ་གྱི་སྐོར་》ཞེས་པའི་བརྗོད་གཞི་ཐོག་བཀའ་སློབ་བསྩལ། 

རྒྱས་པར་གཟིགས་་

ཁ་ཆེ་ཕ་ལུའི་བསླབ་བྱའི་སྐོར་གླེང་བ།

༢༠༡༦ ཟླ་༡༠ ཚེས་༧ ཉིན་བོད་ཀྱི་སྨན་རྩིས་མཐོ་སློབ་ཚོགས་ཁང་དུ་དགེ་སློབ་དོན་གཉེར་ཅན་འདུ་འཛོམས་ཐོག་ཇི་ལྟར་གདན་ཞུས་ལྟར་ངེས་པ་དོན་གྱི་མཁས་དབང་སྐྱབས་རྗེ་སློབ་དཔོན་ཟམ་གདོང་རིན་པོ་ཆེ་བློ་བཟང་བསྟན་འཛིན་མཆོག་དངོས་སུ་ཕེབས་ནས་《ཁ་ཆེ་ཕ་ལུའི་འཇིག་རྟེན་ལས་འབྲས་རྩི་ལུགས་ཀྱི་བསླབ་བྱ་》ཞེས་བྱ་བའི་ལུགས་ཀྱི་བསྟན་བཅོས་ཐོག་གཏམ་བཤད་བཀྲིན་བསྐྱངས་གནང་ཡོད། རྒྱས་པར་གཟིགས་་

རིགས་ལམ་སློབ་ཁྲིད་དབུ་འཛུགས་གནང་།

༢༠༡༦ ལོའི་ཟླ་༩ ཚེས་༡༦ ཉིན་དྷ་ས་ནང་ཆོས་ངོ་སྤྲོད་ཚོགས་པའི་སློབ་དཔོན་ཆེན་པོ་རིས་མེད་བ་དགེ་བཤེས་བློ་བཟང་ཟླ་བ་མཆོག་གིས་བོད་ཀྱི་སྨན་རྩིས་མཐོ་སློབ་ཚོགས་ཁང་དུ་སྨན་རྩིས་ཁང་གི་དགེ་ལས་སློབ་ཕྲུག་སོགས་ལ་ནང་པའི་རིགས་ལམ་ངོ་སྤྲོད་ཐོག་ཉིད་ཀྱིས་མཛད་པའི་ 《དཔལ་ནྰ་ལྣྡྲའི་མཁས་པའི་གཞུང་ནས་གསུངས་པའི་རིགས་ལམ་ངོ་སྤྲོད་བློ་གསར་འཇུག་ངོགས་》 ཞེས་པའི་ཐོག་འཆད་འཁྲིད་དབུ་འཛུགས་ཞུས་ཡོད། རྒྱས་པར་གཟིགས་་

བོད་ཀྱི་རིག་གནས་དང་དེང་རབས་སློབ་ཚན་བར་འབྲེལ་ཚུལ་སྐོར་གླེང་བ།

ྋསྐུའི་གསུང་སྒྱུར་གཙོ་བོ་དགེ་བཤེས་ཐུབ་བསྟན་སྦྱིན་པ་ལགས་ཀྱིས་༢༠༡༦ ཟླ་༧ ཚེས་༢༩ དགོང་མོ་བོད་ཀྱི་སྨན་རྩིས་མཐོ་སློབ་ཚོགས་ཁང་དུ་《བོད་ཀྱི་གསོ་རིག་གཙོས་རིག་གནས་ཆེ་ཁག་དང་དེང་རབས་སློབ་ཚན་བར་འབྲེལ་ཚུལ་སྐོར་》ཞེས་པའི་བརྗོད་གཞིའི་ཐོག་གསུང་བཤད་གནང་།
རྒྱས་པར་གཟིགས་་

ཉམས་ཞིབ་བྱེད་ཚུལ་སྐོར་གླེང་བ།

ཕྱི་ལོ་ ༢༠༡༦ ཟླ་༧ ཚེས་༢༦ ཉིན་སྨན་རྩིས་མཐོ་སློབ་ཚོགས་ཁང་དུ་སྨན་རྩིས་དགེ་སློབ་དང་དོན་གཉེར་ཅན་འདུ་འཛོམས་ཐོག་ཨ་རི་ཀེ་ལི་ཕོར་ནི་ཡའི་གཙུག་ལག་སློབ་གཉེར་ཁང་གི་གཙུག་ལག་སློབ་དཔོན་བསྟན་འཛིན་རྡོ་རྗེ་ལགས་ཀྱིས་《ཉམས་ཞིབ་བྱེད་ཚུལ་སྐོར་》གཏམ་བཤད་ཅིག་གནང་ཡོད། རྒྱས་པར་གཟིགས་་

སྨན་གཏོང་ཚུལ་སྐོར་གླེང་བ།

ཕྱི་ལོ་ ༢༠༡༦ ཟླ་༤ ཚེས་༢༩ ཉིན་བོད་ཀྱི་སྨན་རྩིས་མཐོ་སློབ་ཚོགས་ཁང་དུ་སྨན་རྩིས་དགེ་སློབ་རྣམས་ལ་ཆེས་མཐོའི་སྨན་རྩིས་རིག་གཞུང་ལྷན་ཚོགས་ཀྱི་ཚོགས་གཙོ་སྐུ་བཅར་སྨན་རམས་པ་ཚེ་དབང་རྟ་མགྲིན་ལགས་ནས་སྨན་གཏོང་ཚུལ་སྐོར་ལ་ཉིད་ཀྱི་ཉམས་མྱོང་ས་བཅད་རྣམ་གྲངས་བཅུ་གསུམ་དུ་འབྱེད་ནས་གསུང་བཤད་གལ་འགངས་ཅན་ཞིག་གནང་ཡོད། རྒྱས་པར་གཟིགས་་

དྲི་ཆུའི་བརྟག་ཐབས་སྐོར་གླེང་བ།

ཕྱི་ལོ་༢༠༡༦ ཟླ་༤ ཚེས་༢ ཉིན་ྋརྒྱལ་བའི་བླ་ཟུར་དགེ་སློང་ཡེ་ཤེས་དོན་ལྡན་ལགས་ཀྱིས་དྷ་ས་བོད་ཀྱི་སྨན་རྩིས་མཐོ་སློབ་ཚོགས་ཁང་དུ་དགེ་སློབ་རྣམས་ལ་དྲི་ཆུའི་བརྟག་ཐབས་སྐོར་གྱི་གཞུང་བཤད་དང་། དེ་བཞིན་འབྲས་ནད་བཅོས་ཚུལ་སྙིང་བསྡུས་ཤིག  དྲི་ཆུའི་བརྟག་ཐབས་ཀྱི་དམར་ཁྲིད་ལག་ལེན། དགེ་སློབ་རྣམས་ཀྱི་དོགས་འདྲི་ལ་དོགས་གཅོད་སྐོར་གྱི་གསུང་བཤད་ཅིག་གནང་ཡོད། རྒྱས་པར་གཟིགས་་

བརྒྱ་སྟོན་མཛད་སྒོར་སྩལ་བའི་ྋགོང་ས་མཆོག་གི་བཀའ་སློབ།

༢༠༡༦ ཟླ་༣ ཚེས་༢༣ ཉིན་དྷ་ས་གཙུག་ལག་ཁང་དུ་སྨན་རྩིས་ཁང་དབུ་བརྙེས་ནས་མི་ལོ་བརྒྱ་འཁོར་བའི་དུས་དྲན་སྲུང་བརྩི་ཞུ་སྐབས་ཚོགས་མགོན་དུ་ཞབས་སོར་འཁོད་པ་ྋསྤྱི་ནོར་ྋགོང་ས་སྐྱབས་མགོན་ཆེན་པོ་མཆོག་ནས་མང་ཚོགས་ཀྱི་འཕྲོད་བསྟེན་དང་འབྲེལ་བའི་ནད་གཞི་སྔོན་འགོག་དང་བོད་མིའི་ཡ་རབས་བཟང་སྤྱོད་སོགས་ཀྱི་སྐོར་ལ་བཀའ་སློབ་ཕེབས། རྒྱས་པར་གཟིགས་་

གསོ་རིག་བརྡ་དང་ཐ་སྙད་ཐོག་གསུང་བཤད།

སྨན་རམས་པ་རྡོ་རྗེ་དགྲ་འདུལ་ལགས་ཀྱིས་《བོད་ཀྱི་གསོ་བ་རིག་པའི་ཐུན་མོང་མིན་པའི་བརྡ་དང་ཐ་སྙད་ཀྱི་ངོ་བོ་དང་བྱུང་རབས་སྐོར་》ལ་གཏམ་བཤད་གནང་བ་དེ་ཡིན།

རྒྱས་པར་གཟིགས་་

བོད་ལུགས་སྨན་རྫས་དང་ཐོན་ཁུངས་སྲུང་སྐྱོབ།

བོད་ཀྱི་གསོ་བ་རིག་པའི་ལྷན་ཚོགས་ནས་ཕྱི་ལོ་2015 ཟླ་10 ཚེས་26-31བར་ཉིན་དྲུག་རིང་དྷ་ས་བོད་ཀྱི་སྨན་རྩིས་མཐོ་སློབ་ཚོགས་ཁང་དུ་ "བོད་ཀྱི་གསོ་རིག་སྨན་པའི་ཤེས་ཡོན་གོང་སྤེལ་གྱི་ཟབ་འཁྲིད་" ཅིག་གོ་སྒྲིག་ཞུས་པའི་སྐབས། སྨན་རམས་པ་ཚེ་རིང་ནོར་བུ་ལགས་ཀྱིས་བོད་ལུགས་སྨན་རྫས་དང་ཐོན་ཁུངས་སྲུང་སྐྱོབ་བྱེད་ཚུལ་གྱི་བརྗོད་གཞིའི་ཐོག་གསུང་བཤད་ཅིག་གནང་ཡོད་པ་དེ་ཡིན། 
རྒྱས་པར་གཟིགས་་

རྒྱུད་བཞིའི་བྱུང་ཚུལ་ཐད་ངོས་འཛིན་མི་འདྲ་བའི་སྐོར་གླེང་བ།

བོད་ཀྱི་གསོ་བ་རིག་པའི་ལྷན་ཚོགས་ནས་ཕྱི་ལོ་2015 ཟླ་10 ཚེས་26-31བར་ཉིན་དྲུག་རིང་དྷ་ས་བོད་ཀྱི་སྨན་རྩིས་མཐོ་སློབ་ཚོགས་ཁང་དུ་ "བོད་ཀྱི་གསོ་རིག་སྨན་པའི་ཤེས་ཡོན་གོང་སྤེལ་གྱི་ཟབ་འཁྲིད་" ཅིག་གོ་སྒྲིག་ཞུས་པའི་སྐབས། སྨན་རམས་པ་ཆོས་ལོ་ཐར་ལགས་ཀྱིས་དཔལ་ལྡན་རྒྱུད་བཞིའི་བྱུང་ཚུལ་ཐད་ངོས་འཛིན་མི་འདྲ་བ་ཁག་བཅུ་ཙམ་དང་། གསོ་བ་རིག་པའི་རྩོམ་བསྒྱུར་འཕེལ་རིམ་གྱི་བརྗོད་གཞི་གཉིས་ཀྱི་སྐོར་སྦྲགས་ནས་གསུང་བཤད་གནང་ཡོད་པའི་ཚན་པ་ཞིག་ཡིན། རྒྱས་པར་གཟིགས་་

སྨན་རྒྱུའི་ལས་སྣོན་བྱེད་ཐབས་དང་སྨན་སྦྱོར་ཆེད་ལས་པའི་འགན་སྲུང༌།

བོད་ཀྱི་གསོ་བ་རིག་པའི་ལྷན་ཚོགས་ནས་ཕྱི་ལོ་2015 ཟླ་10 ཚེས་26-31བར་ཉིན་དྲུག་རིང་དྷ་ས་བོད་ཀྱི་སྨན་རྩིས་མཐོ་སློབ་ཚོགས་ཁང་དུ་ "བོད་ཀྱི་གསོ་རིག་སྨན་པའི་ཤེས་ཡོན་གོང་སྤེལ་གྱི་ཟབ་འཁྲིད།" ཅིག་གོ་སྒྲིག་ཞུས་པའི་སྐབས། ནོར་གླིང་ཀུན་བདེ་ཁང་གསར་བོད་སྨན་བཟོ་གྲྭའི་སྨན་པ་སྤེན་པ་ཚེ་རིང་ལགས་ཀྱིས་ "སྨན་རྒྱུའི་ལས་སྣོན་བྱེད་ཐབས་དང་། སྨན་སྦྱོར་ཆེད་ལས་པའི་དམིགས་བསལ་འགན་སྲུང་།" གི་བརྗོད་གཞིའི་ཐོག་ལ་གསུང་བཤད་ཅིག་གནང་ཡོད། རྒྱས་པར་གཟིགས་་

དོལ་པོ་སྤྲུལ་སྐུས་སེམས་ཁམས་འཁྲུགས་པའི་རྒྱུ་རྐྱེན་སྐོར་གླེང་བ།

འདི་ག་བོད་ཀྱི་སྨན་རྩིས་ཁང་ལུས་སེམས་སྲོག་སྡེ་ཚན་ནས་གོ་སྒྲིག་ཞུས་པའི་ལུས་སེམས་སྲོག་གི་རྒྱལ་སྤྱིའི་བགྲོ་གླེང་ཚོགས་ཐེངས་གསུམ་པའི་ཉིན་དང་པོའི་སྐབས། དོལ་པོ་སྤྲུལ་སྐུ་ཨོ་རྒྱན་ཆོས་དབྱིངས་ཡེ་ཤེས་མཆོག་གིས་བོད་བརྒྱུད་ནང་དོན་རིག་པ་ལས་གསུངས་པའི་སེམས་ཁམས་འཁྲུགས་པའི་རྒྱུ་རྐྱེན་སྐོར་གསུང་བཤད་ཅིག་གནང་ཡོད་པ་དེ་ཡིན། འདིའི་ནང་དུ་རིན་པོ་ཆེ་མཆོག་གིས་ནང་དོན་རིག་པའི་དགོངས་དོན་ལས་མ་བརྒལ་བར་དེང་རབས་མི་ཚེའི་འཚོ་བའི་ནང་གི་མི་དཀྱུས་མའི་སེམས་ཁམས་དང་སྦྱར་ནས་སེམས་འཁྲུགས་པའི་རྒྱུ་རྐྱེན་གྱི་རྣམ་གྲངས་ཁག་ཅིག་སྐོར་ཁ་གསལ་གསུངས་གནང་ཡོད། རྒྱས་པར་གཟིགས་་

བོད་རྩིས་རིག་པའི་ཐོག་ནས་སེམས་འཁྲུགས་པའི་བཅོས་ཐབས་སྐོར་གླེང་བ།

སྨན་རྩིས་པ་ཨེ་པ་བསོད་ནམས་རིན་ཆེན་ལགས་ཀྱིས་བོད་རྩིས་རིག་པའི་ཐོག་ནས་སེམས་ཁམས་འཁྲུགས་པའི་བཅོས་ཐབས་སྐོར་གསུང་བཤད་གནང་ཡོད་པ་དེ་ཡང། འདི་ག་བོད་ཀྱི་སྨན་རྩིས་ཁང་ལུས་སེམས་སྲོག་སྡེ་ཚན་ནས་གོ་སྒྲིག་ཞུས་པའི་ལུས་སེམས་སྲོག་གི་རྒྱལ་སྤྱིའི་བགྲོ་གླེང་ཚོགས་ཐེངས་གསུམ་པའི་སྐབས་བོད་རྩིས་རིག་པའི་དགོངས་དོན་སྟེང་ཁོང་རང་ཉིད་ཀྱི་མི་ཚིའི་དངོས་བྱུང་མྱོང་བ་དང་སྦྱར་ནས་གཏམ་གླེང་དོན་ལ་གནས་པ་ཅིག་གནང་ཡོད། རྒྱས་པར་གཟིགས་་

སྨན་སྦྱོར་ནུས་པ་ཕྱོགས་བསྡུས་ཀྱི་བཤད་ཁྲིད་གསན།

སྨན་རམས་པ་པདྨ་རྡོ་རྗེ་མཆོག་ལ་བོད་ཀྱི་སྨན་རྩིས་མཐོ་སློབ་ཁང་གི་དོན་གཉེར་ལྡན་པའི་སྨན་སློབ་ཁག་ཅིག་ནས་རེ་བསྐུལ་ཞུས་པ་བཞིན་ཕྱི་ལོ་༢༠༠༧ ལོར་སྨན་སྦྱོར་ནུས་པ་ཕྱོགས་བསྡུས་ཀྱི་བཤད་ཁྲིད་དང་སྦྲགས། སྨན་རམས་པ་རང་ཉིད་ནས་ལོ་མང་རིང་དུ་བསགས་པའི་ནད་བཅོས་ཉམས་མྱོང་གི་མན་ངག་རྣམས་སྦས་གསང་མེད་པར་གསལ་རྗེན་དུ་བསྟན་གནང་ཡོད། རྒྱས་པར་གཟིགས་་

ྋགོང་ས་མཆོག་གིས་སྨན་བླའི་རྗེས་གནང་བསྩལ་སྐབས་ཀྱི་བཀའ་སློབ།

ཕྱི་ལོ་༢༠༡༤ ཟླ་༣ ཚེས་༣༡ ཉིན་བཞུགས་སྒར་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་བོད་ཀྱི་གསོ་བ་རིག་པའི་ཆེས་མཐོའི་སྨན་པའི་ལྷན་ཚོགས་ཀྱིས་ཇི་ལྟར་གསོལ་འདེབས་ཞུས་པ་ལྟར། ྋསྤྱི་ནོར་ྋགོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་ཐོག་མར་སྔོན་འགྲོ་ནང་ཆོས་ངོ་སྤྲོད་དང་། དངོས་གཞི་སངས་རྒྱས་སྨན་བླའི་རྗེས་གནང་དང་སྦྲགས། མགོན་པོ་གང་ཉིད་ཀྱིས་མཛད་པའི་སྨན་བླ་མཆེད་བརྒྱད་ཀྱི་གསོལ་འདེབས་སོགས་ཀྱི་བཀའ་ལུང་བཀྲིན་བསྐྱངས་སྐབས་བསྩལ་བའི་བཀའ་སློབ་ཚན་པ་གཉིས་བཞུགས་ཡོད།

རྒྱས་པར་གཟིགས་་

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

ཡན་ལག་སྨན་ཁང་གཉིས་ལ་ཁ་ལོ་བ་གཉིས་ཀྱི་ས་མིག་གསལ་བསྒྲགས།

སྨན་སྦྱོར་སྡེ་ཚན་དུ་ལས་མི་གྲངས་ ༡༡ ས་མིག་གསལ་བསྒྲགས།

ཆོས་རིག་དྲུང་ཆེ་སྐུ་ཚེ་མ་ཟིན་པའི་ཡིད་སྐྱོའི་གནས་ཚུལ།

སྤྱི་ཁྱབ་འགན་འཛིན་མཆོག་གི་གསུང་བཤད།

འགྲོ་ཕན་བོད་ཀྱི་སྨན་རྩིས་ཁང་དབུ་བརྙེས་པའི་དུས་དྲན་མཛད་སྒོ་སྲུང་བརྩི།

ཞབས་ལོ་ ༤༠། ༣༠། ༢༠། ལོན་པ་རྣམས་ཀྱི་ངོ་སྤྲོད།

སྨན་རྩིས་འབུམ་རམས་པ་དང་ཉེ་བའི་འབུམ་རམས་པར་ཕྱག་ཁྱེར་བསྩལ།

ཐོན་ཟོག་ཁྲལ་འབབ་སྡེ་ཚན་གྱིས་ཆེ་བསྟོད་གནང་།

བོད་ཡིག་མིང་བྱང་ལ་འགྱུར་བཅོས་བཏང་བ།

ཅོན་ཏ་ར་སྨན་སྦྱོར་སྡེ་ཚན་དུ་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།

བརྟན་བཞུགས་སྔོན་འགྲོའི་རིམ་གྲོར་སྲོག་ཆགས་ཚེ་ཐར་བཏང་བ།

འགྲོ་ཕན་སྨན་རྩིས་ཁང་གི་མིང་དུ་བརྫུས་ཏེ་ནད་པ་བསླུ་བྲིད་བྱེད་པའི་གནས་ཚུལ།

ཁ་ལོ་བ་གཅིག་དང་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།

ཆོད་གན་ལས་མི་སྐྱེས་པ་གཉིས་དང་བུད་མེད་གསུམ་གྱི་ས་མིག་གསལ་བསྒྲགས།

ལེའུ་དང་པོ། ཀླད་དོན་གླེང་སློང་བ།