སྨན་རྩིས་དྲ་བ། - ནད་འབུམ་ནག་པོ།

ལེའུ་ལྔ་པ། འདུས་པའི་ནད་གསོ་བ།

བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 03.01.2024
ནད་འབུམ་ནག་པོ། >>

ལེའུ་ལྔ་པ། འདུས་པའི་ནད་གསོ་བ།

དེ་ནས་ཡང་གསོ་བ་རིག་པའི་རིག་འཛིན་པ་དེས་གསོལ་པ། སྟོན་པ་ལགས། རྩ་བ་བཞི་འདུས་ནད་ཀྱི་དསོ་ཐབས་ནི། བདག་ཅག་འཛིན་པའི་འཁོར་ལ་བསྟན་དུ་གསོལ། དེ་སྐད་ཞུས་པས་སྟོན་པས་བཀའ་སྩལ་[བསྩལ་]པ། །འདུས་པའི་ནད་ལ་གསུམ་ཀ་བཅོས་དགོས་ཏེ། །འོན་ཀྱང་གཞིར་གནས་[རང་བཞིན་]རྒྱུའི་འདུས་པ་དང་། །བྱུང་ཚུལ་དུས་དང་རྐྱེན་གྱིས་འདུས་པ་དང་། འདུ་བ་འཁྱུག་[འཁྲུགས་]པས་འདུས་པ་གསུམ་ཡིན་ཏེ། །དང་པོ་རང་བཞིན་རྒྱུའི་འདུས་པ་ནི། །འདི་ཡི་མིང་ནི་བད་ཀན་སྨུག་པོ་བཏག་[བཏགས]། །ཅི་པྱིར་རྩ་བ་ཁྲག་ལས་ཚ་གྲང་གཉིས་ཀྱི་རྐྱེན། འདུ་བ་འདུས་པས་ཁྲག་ནད་སྨུག་པོ་ཟེར། གཉིས་པ་ཕྱི་མ་མ་སྨིག་སྨིན་དུས་ཀྱིས་འདུས་པ་དང་། ཚ་བ་དུགས་[དུག་]ནད་འདུ་བ་འཁྲུགས་པས་འདུས། །དེ་ལ་རྒྱུ་དང་རྐྱེན་དང་གནས་དང་དུས་དང་བཞི། །རིགས་དང་རྟགས་དང་བཅོས་ཐབས་དང་རྗེས་བཅད་བརྒྱད། །དང་པོ་རྒྱུ་ནི་བད་ཀན་ཁྲག་མཁྲིས་རླུང་། །དེའི་ནད་འདུས་བརྟག་ཐབས་བཅོས་པ་དཀའ། །གཉིས་པ་བསྐྱེད་པའི་རྐྱེན་ནི་ཚ་གྲང་གཉིས་ཀྱི་རྐྱེན། །དང་པོ་ཚ་པའི་རྐྱེན་ནི་འགྲམ་[འགྲམས་]ཁྲག་ལྷག་དང་མཚོན་ཁྲག་ལུས། །ཁྲག་དེ་མཆིན་པའི་ཐོག་ཏུ་བབས་པའམ། །ཚ་སྐྱུང་[སྐྱུར་]ཟས་ཀྱིས་ཁྲག་འཕེལ་མཆིན་པ་རྒྱས། །དེ་བས་ལུས་ཟུང་[ཟུངས་]དག་ཏུ་འགྲོར་མ་འདོད། །མཆིན་པའི་[པར་]རྒྱུད་[བརྒྱུད་]ནས་ཕོར་[ཕོ་]བར་བསགས་པས་བད་ཀན་འདྲེས། །ཁྲག་དང་བད་ཀན་རྡུལ་[རུལ་]ནས་རྒྱུ་མར་བབས། །མཁྲིས་པ་རྒྱུ་མར་འདྲེས་པས་ཁ་དོག་དུད། །དེ་ཉིད་ལོང་སོང་ལོང་ཀའི་རླུང་དང་ལྡོང་། །དེའི་མིང་ནི་སྨུག་པོ་ཡས་བབས་ཟེར། །གཉིས་པ་གྲང་རྐྱེན་འཇུབ་[འཇུ་བ་]དཀར་[དཀའ་]བའམ། །མི་འཕྲོད་པའི་ཟས་ཀྱིས་རྐྱེན་པ་དེས། །ཕོ་བར་མ་ཞུ་བེལ་སྣབ་[སྣབས་]དེ་ཡིས་འཕེལ། །འཇུ་བྱེད་དྲོད་ཉམས་རླུང་གི་སྟོབས་ཉམ་[ཉམས་]པས། །དངས་སྙིགས་མ་ཕྱེད་མཆིན་པའི་ཡུལ་དུ་སོང་། །ཟུངས་སུ་མ་གྱུར་ངན་ཁྲག་མཆིན་པར་རྒྱས། །ཁྲག་གི་ཁ་ལྷུད་[ལུད་]ཕོར་[ཕོ་བར་]བབས་པ་དེས། །མ་ཞུའི་རྒྱུ་བྱས་བད་ཀན་གྲང་ཤས་བསྐྱེད། །སྨུག་པོ་བབས་པ་དབྱི་ལྟར་གཞའ་བར་བྱེད། །དེའི་མིང་ནི་བད་སྨུག་མས་ཆགས་ཟེར། གསུམ་པ་སྨུག་པོའི་གནས་ལ་རང་གནས་གཞན་གནས་གཉིས། །རང་གནས་ཕོ་མཆིན་རྒྱུ་ལོང་བཞི་ཡིན་ནོ། །ཕོ་བར་གནས་པས་བད་ཀན་རང་གི་ནད། །མཆིན་པར་གནས་པས་ཁྲག་གི་བད་[ནད་]དང་འདྲ། །རྒྱུ་མལ་[མར་]གནས་པས་མཁྲིས་པའི་ནད་དང་འདྲ། །ལོང་ཁར་གནས་པས་རླུང་གི་ནད་དང་འདྲ། །བད་ཀན་བྱེར་བས་གཞན་གནས་ཕྱི་ནང་གཉིས། །ནང་གནས་སྲོག་ས་[པ་]རྩ་རུ་ཞུག་[ཞུགས་]པ་དེས།། མཆིན་པར་ལམ་བསྟོད་[བཏོད་]ཁྲག་ལ་ཞུག་[ཞུགས་]པ་དེས། །མཆིན་པར་ལམ་བསྟོད་[བཏོད་]ཁྲག་ལ་ཞུག་[ཞུགས་]པ་དེས། །སྲོག་རྩ་རྫོང་འདོད་མཁྲིས་པ་མཁར་དུ་འདོད། །ཡར་ལ་འཕྱུར་བས་མགོའི་ནད་ཀྱང་བསྐྱེད། །གློ་ལ་གློ་ནད་སྙིང་ལ་སྙིང་རླུང་བསྐྱེད། །འཚེར་[མཚེར་]པ་མཚེར་ནད་མཁའ་དམར་[མཁར་མར་]མཁར་[མཁལ་]ནད་སྐྱེད།  །ཕྱི་གནས་ཤར་རྒྱས་ལྤགས་[པགས་]གྲམ་ཡུལ་བདག་འདྲ། །རྩར་རྒྱུག་དུག་འདྲ་ཚིགས་ཞུགས་གྲུམ་བུ་ཡིན། །བཞི་པ་སྨུག་པོ་འདི་ལ་ཐོག་མཐའ་བར་དུ་གསུམ།  དང་ཚ་བ་བར་དུ་ཚ་གྲང་འཐབ། ཐ་མ་གྲང་བ་ལྷེང་[ལྷིང་།ཆད་པ་དང་གསུམ། །དང་པོ་སྨུག་པོ་ཚ་བས་བསྐྱེད་པའི་དུས། །ཁྲག་མཁྲིས་འཕེལ་བས་རྒྱས་ཏེ་ཚ་བ་ཡིན། །གྲང་བས་བསྐྱེད་ན་དང་པོ་རང་ལ་གབ། །བར་དུ་ཁྲག་མཁྲིས་ཚ་བ་བད་རླུང་གྲང༌། །དེ་བཞི་ཤེད་སྙོམས་ཚ་བ་འཐབ་པ་བསྐྱེད། །ཐ་མར་ཚ་བ་ཁྲག་མཁྲིས་སྟོབས་ཟད་ནས། །བད་རླུང་རྒྱས་པས་གྲང་བར་སོང་ཡིན། །ལྔ་པ་སྨུག་པོའི་རིགས་ལ་བྱེར་རྒྱས་འགྱིང་འདྲལ་[འདྲིལ་]དང་བཞི། །བྱེར་ལ་ཕྱི་རུ་བྱེར་དང་ནང་བྱེར་གཉིས། །སྨུག་པོ་རྒྱས་ལ་རྡོལ་དང་མ་རྡོལ་གཉིས། །སྨུག་པོ་འགྱིང་ནང་གབ་དང་མ་གབ་གཉིས། །སྨུག་པོ་འདྲིལ་ན་གསང་[གསར་]དང་རྙིང་པ་གཉིས།། །དེ་རྣམས་འདུ་བ་སྨུག་པའི་རིགས་ཡིན་ནོ། །དྲུག་པ་བརྟག་ཐབས་སྤྱི་དང་བྱེ་བྲག་གཉིས། །དེ་རྣམས་འདུ་བ་སྨུག་པའི་རིགས་ཡིན་ནོ། །དྲུག་པ་བརྟག་ཐབས་སྤྱི་དང་བྱ་བྲད་གཉིས། །སྤྱི་ལ་རྩ་ཆུ་ནད་རྟགས་ལོ་མ་དང༌། །ཕན་གནོད་བརྟེན་[བསྟེན་]པའི་སྒོ་ནས་བརྟགས་[བརྟག་]ཐབས་བཞི། །དང་པོ་རྩ་ནི་སྦོམ་ཁེང་[ཁེངས་]ཀན་རྩ་ཞར། །གྲངས་[གྲང་།བས་བསྐྱེད་ན་ཕལ་ཆེར་འཕྲ་[ཕྲ་]ལ་རྒུད། །ཆུ་མདོག་སྨུག་དུགས་ཆེ་རྙེག་[རྙོག་]པ་ཅན། །ཡང་ན་དམར་སྨུག་ལྗང་ཁུ་སྲིད་པ་ཡིན། །ན་ལུག་[ལུགས་]ཕོ་མཆིས་[མཆིན་]ཁ་འཁོར་རྒྱབ་སྦྲག་[སྦྲགས་]ན། །ལུས་ལྗི་[ལྕི་]བྱིན་པ་མི་ཐེག་མཁལ་ཚིགས་གཟེར། །ཁ་མངལ་དང་ཁ་མི་བདེ་ཉ་དྲི་བྱེད་[བྲོ]། །བྲང་ཚ་སྟོང་སྐྱུག་བྱེད་ཅིང་སྐྱུག་པ་པྲ་[དཀའ]། །སྐབས་སྐབས་ཁོང་པ་མགོ་དང་མིག་རུས་ན། །རུལ་[རྔུལ་]གྲང་རྗེས་ལ་གླང་ཐབས་ལྡང་བ་དང༌། །དྲི་མ་མདོག་སྨུག་སྐམ་པོ་ཤ་རིལ་འདྲ། །འགྲང་རྟོགས་[འགྲངས་ལྟོགས་]དྲོ་གྲང་གར་ཡང་ན་བ་ཡིན༌། ། །ཏི་ཀན་[དོན་]མེད་པར་ན་དང་སྤྱད་[དཔྱད་]མ་བྱས་པས་གྲགས་[པར་དྲག]། །ཕལ་ཆེར་སྟོན་སྤྱིད་[དཔྱིད་]གཉིས་ཀྱི་དུས་ན་སྡང་[ལྡང་།། །འདི་ལ་དུས་ཀྱི་ལོ་མ་རྣམས་[རྣམ་]གསུམ་འོང་། །དང་པོ་འཇུག་དུས་ཆུ་ཚན་ཆུ་སྐྱུར་སྐྱུག །བར་དུ་སྨིན་ནས་སེར་པོ་རྒྱ་བཤལ་སྐྱུག །ཐ་མར་རྒྱས་དུས་ཁྲག་རུལ་དུད་ཁ་སྐྱུག །དང་པོ་གསལ་[གསར་]ཐོག་ཕན་གནོད་བརྟེན་[བསྟེན་]པའི་བརྟག །དང་པའི་འབྲུ་དང་གྲོད་[གྲོ་]ཡོས་ཕྱེ་སུངས་ཟན། །འབྲུ་མང་[མར་]ར་ཤ་མར་རྙིང་ཁྲག་ཚོད་དང་། །གནག་ཤ་རུལ་སུངས་ཉ་ཕག་ཤ་བེམ་དང༌། །ཆང་སྐྱུར་སྒོག་སྐྱ་ཞོ་མ་ལངས་ལ་སོགས། །སྣུམ་ལྗིའི་[ལྕིའི་]ཟས་དང་བསིལ་དྲོད་གཉིས་ཀ་གནོད། །སྣ་[གནའ་]རྒོ་བ་གླང་ཤ་གསར་འབྲུ་རྙིང་དང་། །སྲན་མ་བ་ར་མཛོའི་ཞོ་དར་དང༌། །ཉ་ཕག་ཤ་དང་སོལ་པོའི་[བའི་]ཤ་རིགས་སོགས། །ཟས་སྐོམ་ཡང་བསིལ་རྩུབ་ལ་དྲོད་སྙོམས་འཕྲོད། །གཉིས་པ་བྱེ་བྲག་སོ་སོར་བརྟག་ཐབས་ནི། གནས་ས་ཡུལ་དང་གནས་སྐབས་དུས་དང་རིག་[རིགས]། །དང་པོ་གནས་པ་ཡུལ་ནི་ཕོ་མཆིན་རྒྱུ་ལོང་བཞི། །ཕོ་བར་གནས་དུས་སྒྲེག་སྐྱུག་ཟོས་རྗེས་ན། །འཇུ་དཀར་[དཀའ་]ཆང་རིགས་གསར་བརྙིད་[རྙིང་།ཤི་ཤ་གནོད། །ཕེལ་ཆེར་དྲོད་དྲག་[དྲགས་]རླན་གྲངས་[གྲང་།དུས་ན་ལྡང་། མཆིན་པར་གནས་དུས་མཆིན་དྲི་རོ་རྒྱབ་གཟེར། །དགྱེས་[དགྱེ་]བཀན་ཚིགས་པ་མཉེན་[མཉེས་]ན་ཕན་སྙམ་བྱེད།  །མེ་ཉི་རུལ་སྐྱུར་དྲོད་བཅུད་དག་གིས་གནོད། །མཆིན་པར་རྒྱས་ན་བསྲ་[སྲ་]མཁྲེངས་[ཁེངས་]སྐན་[སྐྲན་]ལྟར་ན། །རྒྱུ་མ་[མར་]གནས་དུས་ན་ཞི་[ཞིང་།འགྱུ་བ་དང༌། །མིག་དང་ཆུ་དོག་[མདོག་]སེར་དང་དྲིལ་[འདྲིལ་]ནས་ནི་[ན]། །ལོང་ཀར་གནས་དུས་སྦོས་འཁྲོག་འུར་བ་དང་། །སྐྱུག་[སྐྱུར་]འཐུང་དང་དགོང་ཀ་ལྷགས་[ལྷག་]པར་ན།  །མཐུར་[ཐུར་]དུ་དྲི་ངན་ཆེ་ཞིང་གྲང་དུ་ན། །གཉིས་པ་དུས་ནི་དང་པོ་ཚ་བའི་དུས། རྩ་གྲིམས་ཆུ་མདོག་སྨུག་ལ་དྲི་རླངས་ཆེ། །ལྕེ་སྐམ་གྱོང་ལ་ཁ་ཁ་དང་ཁ་འགགས། །ལུས་ལྗི་[ལྕི་]གཉིད་ཆེ་གདོང་སྣུམ་མིག་སྤྲིན་དམར། །མཆིན་དྲི་མདུན་རྒྱབ་གཉིས་པོ་སྒྲོག་ནས་ན། །མགོ་དང་མིག་རུ་[རུས་]ན་ཞིང་འཚོགས་[མཚོག་]མ་ལྗི་[ལྕི]། །མེ་དང་ཉིད་དྲོས་[ཉི་དྲོས་]དུས་སུ་ཁྱད་པར་ན། །རུས་[རུལ་]སྐྱུར་དྲག་ཤུལ་རྗེས་ལ་ནང་བ་ཡིན། །དེའི་མིང་ནི་བད་སྨུག་ཚ་རྒྱས་ཡིན།  །འཐབ་པས་སྨུག་པོ་མཉམ་གནས་ལམ་རླུང་འགག །མཉམ་གནས་སྣོད་ཀྱི་རྩ་ནང་ཀུན་ཏུ་ཞུགས། །རླུང་ཁྲག་ཕལ་[ཕར་]འབོར་ཆུར་[ཚུར་]འབོར་འབྲོས་དང་རྒྱུ། །དུས་མེད་རྒྱུན་དུ་ཟུག་ཆེ་དྲུག་མ་ལྡང༌། །ཉིན་མོ་ཅང་[ཅུང་།བདེ་མཚན་མོ་ལྷག་པར་ན། །ལྟོགས་དང་དུགས་བྱས་རྗེས་ན་བདེ་བསྙམ་[སྙམ་]བྱེད། །ཤ་ཞུག་[ཞུགས་]ལྤག་[པགས་]པ་སྐམ་ཞིང་རྩ་རྣམས་རྒྱས། །བསིལ་དྲོད་ཟས་སྨན་གང་བརྟེན་[བསྟེན་]ཕན་གནོད་ཆུང་། །འདིའི་མིང་ནི་སྨུག་པོ་འཁྲུག་[འཁྲུགས་]པ་གཟེར། །གསོ་བ་དཀའ་བས་ཕལ་ཆེ་[ཆེར་]འཆི་བ་མང་། །མཐའ་མར་ལུས་གྲ་[གྲང་།དྲོད་ཆུང་ཟས་མི་ཐུལ། །སྒྲེག་སྐྱུག་གྲང་རྗེས་ན་ལ་འཁྲུ་ཡང་སྲིད། །སྦོ་འཁྲོག་འགྱིང་ཞིང་ཆང་[ཆུ་]དང་སིང་[སིངས་]པོས་གནོད། གསུམ་པ་རིགས་ཀྱི་སྒོ་ནས་བརྒ་པ་ནི། །མགོ་དང་རུས་པ་མིག་ན་བ་སྤུ་བརྩེགས[བརྩེ]། ལུས་རྗི་[ལྕི་]སྒྱིད་པ་སྐྱུར་ལ་ཤེད་ཉམ་ཆུང་། །མཆིན་དྲི་རོ་རྒྱབ་རྩིབ་ལོགས་ན་ཞིང་འཁྲུག་[འཁྱུག]། །བཤུལ་དང་སྒལ་ཚིགས་མནན་བརྫིས་[རྗེས་]ཕན་སྙིམ་[སྙམ་]བྱེད། །ཚིགས་གཞི་མཁལ་རྐེད་བླ་པུལ་[བརླ་སུལ་]ཉྭ་སྒྱིད་ན། །ནད་དམིག་[དམིགས་]བརྗེ་ཞིང་འཕེལ་ལ་སྐྱུག་སྙམ་བྱེད། །མགོ་ལ་བྱེར་བ་ཡིན་ན་འཚོགས་[མཚོག་]མ་ལྗི་[ལྕི]། མིག་རུས་ན་ཞིང་སྣ་ཁྲག་རྒྱུན་དུ་འཛག །སྙིང་ལ་བྱེར་ན་གློ་འདར་སྙིང་མི་དགའ། །གཉིད་མེད་ཆང་ཐུང་[འཐུང་།རྗེས་ལ་བཟོད་གསྲན་[བསྲན་]མེད། །སྟོད་རྒྱས་[རྒྱངས་]དྲོད་བཅུད་མེ་བཙས་ཕན་བསྐྱེས་མེད། །།གློ་བྱེར་རོ་རྒྱབ་ཚ་ཞིང་ཞད་ཙམ་ན། །ལུད་པ་སྨུག་ཁམ་ཁྲག་ཟེར་[ཟེད་]ཅན་རྒྱུན་འབྱུང་། །མཁལ་བབས་རྐེད་པ་འཁོར་ལ་རྐང་པ་ལྗི་[ལྕི]། བླ་[བརླ་]རྒྱབ་མཁལ་རྩ་ཐང་(ལ་)ཆུང་[ཆུ་]མདོག་དམར། །བསམ་སེར་བབས་ན་ཕོ་མོའི་ཆུ་སོ་ན། །ཁྲག་རྣག་མི་ཆོད་རྒྱུན་དུ་འཛག་པ་ཡོང་། །ཤ་རྒྱས་ལྤགས་[པགས་]གྲམ་ཁོལ་བུར་ཚ་ཞིང་གཡོ། །རྩ་ལ་རྒྱས་ན་རྩ་རྒྱས་སྐྲངས་ཞིང་སྦྱིད་[སྦྲིད]། །ཚིགས་བྱེར་བརྐྱང་བསྐུམ་དཀའ་ཞིང་ཚིག་[ཚིགས་]མགོ་སྦོམ། །རུས་མིག་བྲུམ་[གྲུམ་]ནས་ལྕེ་[ལྕི་]ཞིང་དྲོད་བཅུད་གནོད། །ཚིགས་པའི་མཁར་ཞུགས་བཤུལ་ཤའི་རྒྱུད་མཁྲིས་[འཕྲིག་]ན། །ཁ་བྱེད་[བྱེ་]མནན་བཙིར་བཀན་ན་ཕན་སྣམས་[སྙམ་]བྱེད། །དེ་ལྟར་བྱེར་བའི་རྟགས་ལ་ཅི་འདྲ་ཡང་། །མདོར་བསྡུས་ཕོ་མཆིན་ནད་དང་སྡོང་[བསྡོངས་]པས་ཤེས། རི་[རེ་]མོས་ནའམ་སྔོ་[སྔོན་]ལ་ཕོ་མཆིན་ན། །ཕྱིས་གཞན་ནད་བྱུང་སྔར་ནད་མེད་ན་ངན་[ངེས]། །གཉིས་པ་རིག་གི་[རིགས་ཀྱི་]རྟག་[བརྟག་]ཐབས་ཅིག་ལ་ཡང་། །སྨུག་པོ་རྒྱས་རྟོལ་[རྡོལ་]དང་མ་རྟོལ་[རྡོལ་]གཉིས། །མ་རྟོལ་[རྡོལ་]སྨུག་པོ་ཁྲག་ཚད་རྒྱས་པའི་རྟག་[རྟགས་]། །ཚ་བ་དང་པའི་ལེའུ་དེ་རུ་བསྟོན་[བསྟན]། །ཤིན་ཏུ་རྒྱས་པ་ཁྲག་རུས་[རུལ་]རྟོལ་[རྡོལ་]སོང་སྟེ། དེ་ཡང་མ་ཞུའི་གནས་རྒྱས་དུད་ཁུག་[ཁུ་]སྐྱུག  །ཞུ་བའི་གནས་སུ་རྒྱས་ན་ཁྲག་ནག་སྦྱོང་། །བར་དུ་རྒྱས་ན་གཉིས་ཀའི་རྟོལ་[རྡོལ་]སྐྱུག་འཁྲུ།  གྱེན་ཐུར་གང་དུ་རྟོལ་[རྡོལ་]ནས་འཁྲུ་སྐྱུག་ཀྱང་། །འདི་ལ་ཁྲག་ལམ་ཆོད་དང་མ་ཆོད་གཉིས། །ངོ་བོ་ཟད་དང་རྣམ་པ་གསུམ་དུ་འབྱུང་། །ནད་ཁྲག་ཐོན་ནས་ལམ་ཆོད་ཟུང་[ཟུངས་]ཁྲག་གནས། །ཟུག་མེད་ལུས་ཡང་ཡིད་[ཡི་]ག་བདེ་ན་འཚོ། །ཁྲག་ལམ་མ་ཆོད་འཁྲུ་སྐྱུག་མང་པོའི་རྗེ་[རྗེས]། །ཁྲག་རུལ་དུད་འདྲ་མ་ཟད་བདེ་བསྐྱེད་ཆུང་། །ཡི་ག་འགག་ན་ཕལ་ཆེ་[ཆེར་]འཅི་ལས་ཆེ། །ངོ་བོ་ཟད་པའི་རྗེས་ལ་ཟུང་[ཟུངས་]ཁྲག་བརྟོལ། །ཆུ་དམར་སྤུ་[ལྦུ་]བ་མང་ལ་རྩ་སྟོང་རྒྱུག །གློ་སྙིང་མི་བདེ་དབུད་[དབུགས་]རྩེག་སྐྲ་འདབ་འདར། །ལྕེ་མཆུ་སེན་མོའི་བཀྲག་ཉམས་ངོ་གདོང་སེར། །རྐེའི་[སྐེའི་]རྩ་སྤྲུག་བོལ་གོང་གཡོ་ཞིང་བརྟེག་[བཏེག]། །སྐོམ་དད་ཆེ་ཞིང་སྙིང་ལ་གྲང་མོ་འདོད། །འདི་ནི་མི་ཚོལ་[འཚོ་]ཆོལ་[འཆི་]བའི་རིགས་ཡིན་ནོ། །སྨུག་པོ་འགྱིང་ན་གབ་དང་མ་གབ་གཉིས། དང་པོ་གབ་རྟགས་བཅོས་ལུག་[ལུགས་]སྤྱི་དང་མཐུན། །གྲང་བས་མགོ་གཏུམ་སྣོད་ཚད་གབ་པ་ནི། །རྩ་བརྒྱུད་འཕྲ་[རྒྱུད་ཕྲ་]བྱིང་ཆུའི་ཁ་དོག་ལྗང་།  །དང་པོ་དང་ཁ་འགྲིབ་ལ་ལུས་ལྗི་[ལྕི་]སྒྱིད་པ་སྐྱུར། །སྒྲེགས་པ་རྒྱུན་འོང་མདུན་རྒྱབ་མཆིན་དྲི་ན། །ཁའི་རོ་མངལ་སྐྱུག་ན་ཕན་སྙམ་བྱེད། །རྔུལ་གྲང་ཞོ་དང་[དར་]གྲང་རྗེས་གླང་ཐབས་ན། ཟས་དང་སྤྱོད་ལམ་དྲོ་དྲག་བདེ་བར་འོང་། །འཇུ་དཀའ་ཕོ་བ་འཚང་ཚ་དྲི་མ་སྐམས། །སྨུག་པོ་སྙན་[སྐྲན་]དུ་འདྲིལ་ནད་[ན་]མཆིན་པ་དང་། །མཚེར་པ་ཕོ་ལོང་རྒྱུ་མའི་ཡུལ་དུ་འདྲིལ། །སྲ་འདྲིལ་གཟེར་ཅིང་ན་ལ་མནན་ན་འཕར། །གར་གནས་ཚ་ཞིང་སྟོབས་ཉམས་ཡི་ག་འགག །རྩ་རྒྱུད་ཕྲ་མགྱོག་[མགྱོགས་]ཆུའི་ཁ་དོག་དམར། །དང་པོ་གསར་ཅགས་མཆིན་པ་ལྟར་[ལྟ་]བུར་གཉན།  །རྙིང་ཞིང་རུལ་ན་གསོ་བ་སླ་བ་ཡིན།  །འགྲིལ་[འདྲིལ་]བ་ཟགས་ན་བོལ་གོང་གདོང་པ་གཡོ།  །གསུས་པ་ཆེ་རྒྱས་ལྡིང་[ལྡིར་]ཞིང་རྩ་རྣམས་བཀྲ། །སྨུག་པོ་ཟགས་པའི་ཚ་བུ་[ཆུ་]མི་འཚོ་སྤང་། །སྐྲན་རོ་བསག་ཚང་[ཚད་]ཆུ་རུ་བསོག་ཕྱིར་རོ། །རྒྱུ་ལས་འཛག་པས་བསྐམས་ཀྱང་མི་སྐོམས་ངེན་[ངན]། །སྨུག་པོ་འདིས་ནི་ཁོང་ནད་ཕལ་ཆེ་[ཆེར་]བསྐྱེད། །འདི་མ་ཤེས་ན་དུག་ཏུ་བཟུང་ཉེན་ཡོད།  །ལ་ལས་ཚ་བ་ལ་ལས་གྲང་བར་འཛིན། །ལ་ལས་ས་བདག་གདོན་གྱི་ནད་ཡིན་སྐད། །བརྟག་པ་དཀའ་བའི་འདི་ལ་རིག་པ་སྒྲིལ་[སྒྲིམ་]། །བདུན་པ་འདི་ཡི་བཅོས་ཐབས་སྟོན་པ་ནི། །སྤྱི་རུ་བཅོས་དང་བྱེ་བྲག་སོ་སོར་བཅོས། །དང་པོ་བཅོས་ཐབས་སྨན་དཔྱད་ཟས་སྤྱོད་བཞི། །གཅིག་པ་ཟས་སྤྱོད་སྒོ་ནས་བཅོས་པ་ནི། །ཉ་དང་ཕག་པ་ར་ཚེར་ཤ་གསར་དང༌། །རྣ་སྒོ་[གནའ་དགོ་]བ་གླང་ཤ་དང་མཛོ་མོའི་ཞོ། །སྲན་མ་ཇ་དང་བསྐོལ་གྲང་བྱས་པའི་ཆུ། །སྨུག་པོ་དང་པོ་ཚ་བ་རྒྱས་དུས་བརྟེན་[བསྟེན]། །དྲག་ཤུལ་ལས་དང་དྲོད་བཅོད་ཟས་སྤྱོད་སྤང་། །རྒོད་གཡག་ར་ལུག་ཉ་ཤ་གསར་པ་དང་། །སྨུག་པོ་གྲང་རྐྱེན་གབ་པའི་དུས་སུ་བཟའ། །འཇུ་དཀར་[དཀའ་]ལྗི་[ལྕི་]བསིལ་ཉིན་གཉིད་གྲང་བ་སྤངས། །རླན་མེད་དྲོ་སར་རྔུལ་མ་ཐོན་ཙམ་བཅག །གཉིས་པ་སྨན་གྱི་སྦྱོར་བ་རྡ་རྩི་སྔོ་སྦྱོར་གསུམ། རྩི་སྦྱོར་ཨ་རུ་བྲག་ཞུན་འདུ་བ་སྣོམ་[སྙོམས་]། །ཅུ་གང་གུར་གུམ་གློ་མཆིན་ཁ་གནོན་ལ། །ཏིག་ཏ་བ་ཤ་ཀ་ཡིས་ཁྲག་མཁྲིས་གསོད། ཚ་བ་ཅེ་ན་གྷི་ཝང་ཙན་དན་བསྣན། གྲོང་[གྲང་།བ་ཆེ་ན་ད་ལི་[ལིས་]དགེ་[སྒེ་]བཤེར་[གཤེར་]བསྣན། །སྟོད་སྨད་བར་གནས་བུ་རམ་སྦྲང་[སྦྲང་།དང་སྦྱར། །སྨུག་པོ་མ་ལུས་སྤྱི་འཇོམས་སྨན་ཡིན་ནོ།  །ཁྱད་པར་སྨུག་པོ་ཚ་བ་རྒྱས་དུས་སྨན། །གཉིས་པ་རྡོ་སྦྱར་[སྦྱོར་]ཨ་རུ་བྲག་ཞུན་རྒྱལ་པོ་ལ། །བ་ཤ་ཀ་དང་རེ་རྐོན་[སྐོན་]བཙུན་མ་[མོ་]ཡིན། །ཅོང་ཟི་[ཞི་]སྲས་པོ་མ་ནུ་ཏར་[སྟར་]བུ་དང་། །འུ་སུ་གསུམ་གྱི་བློན་པོ་འདྲ་བ་དེས། །སྨུག་པོ་མ་ལུས་གསོ་བའི་སྤྱི་སྨན་ཡིན། །ཛཱ་ཏི་ཨ་རུ་ར་དང་ཙན་འདན་[དན་]བསྣན། །(སྨུག་པོ་སྙིང་དང་སྲོག་རྩར་བྱེར་བ་འཇོམས། །གི་ཝཾ་ཙན་དན་དཀར་པོ་བསིལ་གསུམ་བསྣན། །སྨུག་པོ་གསར་དུས་ཚ་བ་རྒྱས་པ་སེལ། །ཅུ་གང་རྒུན་འབྲུམ་ཤིང་མངར་དོམ་མཁྲིས་བསྣན)། །སྨུག་པོ་གློ་ལ་བྱེར་ན་འདི་ཡིས་འཇོམས། །བོང་ང་དོམ་མཁྲིས་གསེར་གྱི་མེ་ཏོག་བསྣན། །སྨུག་པོའི་ཚ་བ་སྣོད་དུ་གབ་པ་གསོད། །ལྡུམ་བུ་ཕག་ཁྲག་སྐྱེར་པའི་བར་ཤུན་བསྣན། །རྩ་ཚིགས་རུས་བྱེད་[བྱེར་]དུག་ནད་འདྲ་བ་འཇོམས། །སྒྱ་[རྒྱ་]སྐག་པུ་ཤེལ་འབྲས་ཡོས་གྱེན་རྡོལ་གཅོད། །ཏ་[ད་]ཏྲིག་བྱ་རྐང་དུགས་ཉུང་ཐུང་[དུག་ཉུང་ཐུར་]རྡོལ་གཅོད། །སྟར་བུ་རྒྱམ་ཚྭ་སྦྲུལ་ཤ་བསྣན་པ་དང་། །དོན་སྣོད་ཡུལ་ན་འགྲིལ་[འདྲིལ་]དུ་བཅས་པ་བཤིག །ཏ་ལི་[ད་ལིས་]སིལ་[སེ་]འབྲུ་དྲོད་སྣན་[བསྣན་]ན་གབ་པ་སེལ། །མཁྲིས་རླུང་ཡིན་ན་ཀ་ར་བུ་རམ་དང་། །བད་ཀན་ཡིན་ན་སྦྲང་རྩི་སྨན་རྟ་བྱེད། །འདུས་ནད་སྨུག་པོ་གསོ་དཀའ་འཇོམས་པའི་རྩི་སྨན་ཡིན་ནོ། །གསུམ་པ་སྔོ་སྦྱོར་པྲི་ཡ་ཀུན་[ཀུ་]དང་འཁུར་[ཁུར་]རྩ་དང་། །སེ་རྒོད་བར་ཤུན་ཏ་རུ་[སྟར་བུ་]ཡོང་[ཡུང་]བ་ལྔ། །གོང་མ་ཆ་སྐྱེད་[བསྐྱེད་]འོག་མ་དེ་ཡི་འཁོར། །ཏ་[ད་]ལིས་ཤིང་རྩ་[ཚ་]སུག་སྨེ་[སྨེལ་]རམ་སྙེ་[ར་མཉེ་]བ། །སླེ་ཁྲེས་[ཏྲེས་]ཞིབ་བཏག་[བཏགས་]ཀ་རའི་རྟ་ལ་བསྐྱོན། །ཚ་གྲང་བསྐྲོལ་[བསྐོལ་]བ་གཉིས་བསྲེས་ཕུལ་ནས་བཏང༌། །སྨུག་པོ་ཀུན་འཇོམས་ཁྱེད་[ཁྱད་]པར་འཐབ་ན་སེལ་བར་བྱེད། །ཙན་འདན་[དན་]ཅུ་གང་གུར་ཀུམ་མ་ནུ་དང༌། །འུ་སུ་ཀ་ར་སྦྱར་ལ་རྟག་[ལྟག་]པ་སྤྱོད་[སྤྲད]། །སྨུག་པོ་ཁྲག་ཚད་རྒྱས་པ་འདི་ཡིས་སེལ། །ཆ་མཉམས་[མཉམ་]བཞི་ཐང)རྟགས་[ལྟག་]སྤྲད་སྦོས་དང་སྒྲེགས་[སྒྲོགས་]པ་འཇོམས། །གུར་སྒུམ་[གུམ་]དོམ་མཁྲིས་རྒྱ་སྐག་སྐག་སུ་[པུ་]ཤེལ་རྩེ་[རྩེ་]། །འབྲས་སྤོས་[ཡོས་]ཀ་ར་སྦྲར་[སྦྲང་།གིས་སྐྱུག་པ་སེལ། །ཅོང་ཟི་[ཞི་]རེ་ཀོན་[སྐོན་]ད་ཏྲིག་དུག་མོ་ཉུང༌། །སྤྲི་[པྲི་]ཡངྐུ་ནི་འབྲས་ཐུགས་[ཐུག་]སྦྱར་བ་དེས། །ལྟག་པ་སྤྲད་ན་ཐུར་རྟོལ་[རྡོལ་]འཁྲུ་བ་གཅོད། །འདུས་ནད་སྨུག་པོའི་མཁལ་[མཁར་]བཅས་འདི་ཡིས་བཤིག །ཐོག་མཐའ་འཕར་[བར་]གྱི་བཅོས་ལུགས་གསུམ་ཡོད་དེ། །དང་པོ་མེ་ཏོག་ཆུ་སྐྱུར་སྐྱུག་པའི་དུས། །སིལ་[སེ་]འབྲུ་མ་ནུ་གུར་སྒུམ་[གུམ་]པི་པི་ལིང༌། །སུག་སྨེ་[སྨེལ་]ཀ་ར་ཅོང་ཟེས་[ཞི་]ཁས་བླང་[བླངས་]བཏང༌། །ཡང་ན་སིལ་[སེ་]འབྲུ་ལྟར་[སྟར་]བུ་སྐྱུ་རུ་ར། །ཏ་ཏྲིག་སྐྱེར་འབྲས་[ཆུར་རྐང་]ཀ་ར་བཏང༌། །བར་དུ་སྨིན་ནས་སིལ་[སེ་]འབྲུ་འཁྲིས་[མཁྲིས་]སྐྱུག་དུས། །དུག་ཉུང་ཏིག་ཏ་ཤིང་མངར་ཀ་ཀོ་ལ། །འུ་སུ་དོམ་མཁྲིས་ཀ་ར་བཏང་བས་ཞིང་[ཞི]། །ཡང་ན་ཤིང་མངར་གསེར་གྱི་མེ་ཏོག་དང༌། །ཏིག་ཏ་སིལ་[སེ་]འབྲུ་དམར་པོ་གསུམ་ཐང་བཏང༌། །ཐ་མ་རྒྱ་ཤལ་[བཤལ་]ཙ་[ཙན་]དམར་འཁྲུ་སྐྱུགས་དུས། །གུར་སྒུམ་[གུམ་]ཅུང་[ཅུ་]གང་ཨུད་དཔལ་[ཨུཏྤལ་]ཏིག་ཏ་དང་། །བ་ལེ་ཀ་དང་སྐྱུ་རུ་སྐྱེར་ཤུན་དང་། །ཀ་ར་སྦྱར་བ་རྒྱ་སྐག་ཁུས་ཕུལ་ཞིང་། །ཁྲག་རུས་[རུལ་]དུད་ཁུ་སྐྱུག་དུས་སིལ་[སེ་]འབྲུ་དང༌། །བཙོད་དང་སུག་སྨེ་[སྨེལ་]འུ་སུ་པི་པི་ལིང་། །བསེ་ཡན་[ཡབ་]ཤིང་མངར་དོམ་མཁྲིས་སྦྲང་སྦྱར་བཏང༌། །སྤྱི་ནི་འདིའི་སྤྱད་[དཔྱད་]ལ་ལང་བའི་དུས་གཏར་ཁ་བྱ། །དུག་[དུགས་]དང་མེ་བཙའ་ཐ་མ་འཐབ་བྲང་[གྲང་]དུས། །ཐོག་མཐའ་ནད་ཀྱི་སྐམས་[སྐབས་]དང་སྦྱར་བར་བྱ། གཉིས་པ་བྱེ་བྱད་བཅོས་ཐབས་གསུམ་ཡིན་ཏེ། །གནས་དང་དུས་རིགས་དང་སྦྱར་ཏེ། །དང་པོ་གནས་དང་སྦྱར་ནས་བཅོས་པ་ནི། །ཕོ་བར་དུས་(ན་)བད་ཀན་གཙོ་བོར་བཅོས། །སྔོན་དུ་མ་བུ་[ནུ་]བཞིན་[བཞི་]ཐང་ཡང་ཡང་བཏང་། །དེ་ནས་སྤྱི་སྨན་སིལ་[སེ་]འབྲུ་བཞི་པ་སྤྲད། །ཡང་ན་སིལ་[སེ་]འབྲུ་བཞི་དང་གུར་ཀུམ་དང༌། །མ་ནུ་འུ་སུ་ཏར་[སྟར་]བུ་སྦྱར་ལ་བཏང༌། །མཆིན་པར་གནས་དུས་ཁྲག་ནད་གཙོ་བོ་བཅོས། །སྔོན་དུས་ཏིག་ཏ་རུ་ཏ་[རྟ་]བ་ཤ་ཀ །མ་ནུ་སུ་[པུ་]ཤེལ་ཙིའི་[རྩེ་ཡི་]བསྐོལ་ཐང་བཏང༌། །ཕྱེ་མ་གུར་སྒུམ་[གུམ་]བདུན་དང་ཅུ་གང་བརྒྱད། །དང་པོ་གུར་སྒུམ་[གུམ་]སུག་སྨེ་[སྨེལ་]བྲག་ཞུན་དང་། །ཏིག་ཏ་པི་པི་ལིང་དང་ཨ་ཀ་རུ། །མཚལ་དཀར་ལ་སོགས་བདུན་པོ་མཆོག་ཏུ་རྩི། །རུ་ཐུང་སྣོད་ཁ་ཁྲག་ཚོད་རྟག་[བརྟག་]ཅིང་གཏར། །སྨན་སྤྱད་[དཔྱད་]དེས་མ་ཞི་ན་དུར་བྱིད་དང་། །ཧོང་ལེན་ཚ་ལའི་རིལ་ལུ་ཟུར་[ཟུངས་]སྦྱར་སྦྱང༌། །རྒྱུ་མར་གནས་ན་མཁྲིས་པ་གཙོ་བོ་བཅོས། །ཏིག་ཏ་དུག་ཉུང་མ་ནུ་བསྐོལ་བགྲང་[གྲང་]བཏང༌། །ཡང་ན་ཨིཎྜ་[ཨིཎྡྲ་]བཞི་ཐང་ཤེལ་[ཤིས་]པ་ཡིན། །ཕྱེ་མ་དུག་ཉུང་བྲག་ཞུན་བོང་ང་དཀར། །དོམ་མཁྲིས་མ་ནུ་འུ་སུ་ཨ་རུ་ར། །ག་བུར་[དུར་]ཀ་ར་སྦྱར་བའི་ཕྱེ་མ་བརྟེན་[བསྟེན]། །དེས་མ་ཞི་ན་མ་ནུ་གོང་ལྟར་བཤལ། །ལོང་དུ་གནས་ན་རླུང་ཉིད་གཙོ་བོར་བཅོས། །དང་པོ་མ་ནུ་བཞིའི་བསྡུས་ཐང་བཏང༌། །སིལ་[སེ་]འབྲུ་བཟོང་[བཟང་]པོའི་དྲོད་གསུམ་ཚ་བ་གསུམ། །གུར་སྒུམ་[གུམ་]ཤིང་ཚ་ཟི་ར་ཨ་རུ་ར། །རྒྱམ་ཚྭ་ཁ་རུ་(ཚྭ་)དང་བུ་རམ་སྦྱར། །ཆུ་ཚན་ཕུལ་བས་ལོང་རླུང་སྦོས་འཁྲོག་ཞི། །སྨད་དུ་ཟུག་ཆེ་དྲི་འགགས་སྨད་སུན་བཏང་། །གྲང་བསང་[གསང་]ཀུན་བསྲོ་ལོང་རྩ་གཏར་བས་ཕན། །གཉིས་པ་སྨུག་པོ་དུས་ཀྱི་བཅོས་པ་ནི། །དང་པོ་མེ་ཏོག་ཚ་བ་རྒྱས་པའི་དུས། རུ་ཏ་[རྟ་]ལྔ་ཐང་བཏང་སྟེ་སྡིག་[ཏིག་]ཏ་བཤཀ །པུ་ཤེལ་ཙེ་དང་མ་ནུ་ལྔ་ཐང་བཏང་། །ཕྱེ་མ་གྷི་ཝང་ཙན་འདན་[དན་]གུར་གུམ་དང་། །ཅུ་གང་མ་ནུ་འུ་སུ་བ་ཤ་ཀ །ཨུད་དཔལ་[ཨུཏྤལ་]རེ་བཀོན་[སྐོན་]ཏིག་ཏ་བྲག་ཞུན་རེ་ཀོན་[སྐོན་]པ། །ཁྱི་ལྕེ་བོང་ང་སྤང་རྩི་སྤྲི་[པྲི་]ཡང་ཀུ།  །ཀ་ར་སྦྱར་ལ་བཏང་སྟེ་འཕྲལ་བཅོས་བཅེས་[གཅེས་]། །ཡང་ན་ཙན་འདན་[དན་]དཀར་དམར་ལི་ཤི་དང་། །གྷི་ཝང་བསིལ་གསུམ་ཏིག་ཏ་བ་ཤ་ཀ །རུ་ཏ་[རྟ་]བྲག་ཞུན་ཨ་རུ་ཀ་ར་སྦྱར། །ཆུ་གྲང་ཕུལ་བས་སྨུག་པོ་རྒྱས་པ་འཇོམས། །གནས་དང་སྦྱར་བ་སྣོད་ཁ་རུ་ཐུང་ལོང་རྩ་གཏར། །ཕྱེ་མ་གཏར་ཞི་མ་ཞི་དུར་བྱིད་དང་། །ཚ་ལ་ཧོར་[ཧོང་]མེན་སྦྱར་ནས་གོང་བཞིན་སྦྱངས། །གཉིས་པ་བར་དུ་འཁྲུག་[འཁྲུགས་]ཏེ་ཁྲག་རླུང་འཐབ་དུས་ལ། །བསིལ་དྲོད་ཁྲེ་བུར་[འུར་]བཏང་ཞིང་མ་གྲང་བྱས་ཏེ་བཅག །སེལ་[སེ་]འབྲུ་མ་ནུ་སུ་རུ་ཏ་[རྟ་]པི་པི་ལིང་། །བ་ཤ་ཀ་དང་ཀ་ར་སྦྱར་བ་སྔགས་[བསྔགས]། །ཡང་ན་ཇུ་[ཅུ་]གང་བདེ་བྱེད་ཆུང་དུན་[ངུ་]ལ། །མ་ནུ་འུ་སུ་ཏར་[སྟར་]བུ་སྡེབ་ནས་བཏང་།  །ཆུ་ལོ་ཨ་བོ་སྔོན་པའི་དུག་[དུགས་]མགོ་ཟུག་བཅག །དེ་ཡིས་བདེ་བསྐྱེད་མ་ཐོན་ཟུང་[ཟུངས་]བཟང་ན། །སྔོན་འགྲོ་ཡུན་སྲིང་འཇམ་རྩི་རླུང་བསལ་ལ། །དུར་བྱིད་སྟར་བུ་དུང་ཐལ་སྦྲུལ་གྱི་ཤ། རྒྱམ་ཚ་བུ་རམ་སྦྱར་བས་འགག་པ་བཤལ། །སྦྱང་བའི་བཏིང་[རྟིང་།དུ་ཟུག་ཟེར་[གཟེར་]ཆུང་སོང་ན། །འཇམས་[འཇམ་]རྩི་ནི་རུ་ཧ་གཉིས་སྤེལ་ལ་བཏང་།  །ལེན་གྲང་[ལན་གྲངས་]བདུན་དགུ་ཅི་རིགས་བཏང་བྱས་ནས། །འཇམ་རྩིས་རང་མལ་རླུང་ཞུག་[ཞུགས་]ནི་རུ་ཧས།  ལོང་ཕུག་ཁྲག་སྐམས་རོ་ལ་[མ་]འབྱིན་པར་བྱེད། །ཁྲག་ཚད་ཁ་མཐོ་རུ་ཐུང་རྩེལ་[རྩེ་]ཆུང་གཏར། །ལོང་རྩ་ཁ་ཕྱེ་གྲག་[དྲག་]ཐལ་བྱ་བ་མིན། །ལོང་རྩ་ཨེན་དོང་[ཨན་སྟོང་།བཅུ་གསུམ་མེའི་སྟམ་[མེ་ཡིས་བསྡམ]།  །དེས་ནི་ཁྲག་རླུང་འཐབ་པ་ཞི་བར་བྱེད།  གསུམ་པ་ཐ་མལ་[མར་]གྲང་བ་སྡིང་[ལྷིང་]ཆད་དུས། །རྒྱམ་ཚ་གསུམ་དང་བཞི་པའི་ཐང་ཡང་བཏང་། །ཡང་ན་མ་ནུ་འུ་སུ་རྒྱམ་ཚ་སྣོན། །བུ་རམ་སྦྱར་བས་ཆུ་ཚན་ཕུལ་ལ་བཏང་། །སྐབས་སུ་འཇམ་རྩི་ནི་རུ་ཧ་སྤེལ་བཏང་། །ཕོ་ལོང་ཚིག་[ཚིགས་]པ་བདུན་དྲུག་བརྒྱད་པ་བསྲོ། གཏར་བཤལ་སྨིན་གྲང་བསེར་བུ་བསེར་ཕྱོགས་སྤང་། །དྲོད་བཅུད་བརྟེན་[བསྟེན་]པས་བད་རླུང་སེལ་བར་བྱེད། །གསུམ་པ་རིགས་ཀྱི་བཅོས་ཐབས་འདི་ལ་གསུམ་ཡིན་ཏེ། །དང་པོ་སྨུག་པོ་བྱེར་བའི་བཅོས་ཐབས་ནི།  །གུར་ཀུམ་ཅུ་གང་ཨུད་དཔལ་[ཨུཏྤལ་]བ་ལེ་ཀ །ཏིག་ཏ་སྐྱུ་རུ་སྐྱེར་ཤུན་ཀ་ར་སྦྱར། །གད་[གང་།བབས་རྩ་གཏར་བྱེར་ཆུང་དེ་ཡིས་སེལ། །བྱེར་ཚབས་ཆེ་ན་སྡུ་[བསྡུ་]གསོད་སྦྱང་ཐབས་བྱང་[བྱ]། །བསྡུ་བ་ཕག་ཁྲག་མ་ནུ་འུ་སུ་དང༌། །སྟར་བུ་ཀ་ར་སྦྱར་བཏང་བྱེར་མ་[བ་]བསྡུ། །ཡང་ན་སིལ་[སེ་]འབྲུ་སེ་རྒོད་བར་ཤུན་དང༌། །རེ་རལ་ཕག་ཁྲག་ཀ་ར་བ་འོས་ཕུལ། །ཡང་ན་ལན་ཚ་[ཚྭ་]འོ་མ་སྦྱར་བས་བསྡུ། །དེ་དག་ཀུན་གྱིས་སྨུག་པོ་སྤྱི་བྱེར་བསྡུད་[སྡུད]། །ཁྱེད་[ཁྱད་]པར་ཡུང་སྐྱེད་[སྐྱེར་]ལྕིམ་[ལྕུམ་]རྩ་གསུམ་ཐང་སྟོད་བྱེར་བསྡུད་[སྡུད]། །ཚ་ལ་ཚོས་གསུམ་ཐང་གིས་རྨད་[སྨད་]བྱེར་བསྡུད་[སྡུད]། །འདུས་རྟག་[རྟགས་]ལུས་ལྗི་[ལྕི་]ཁ་སྐམས་དངས་[དང་]ཁ་འགག །རྩ་ཆུའི་ཚ་བ་སྐྱེ་ལ་ཨོབ་[ཕོ་བ་]ན། །གཉིས་པ་གསད་ཐབས་སྤྱི་གསུམ་རྩི་སྦྱོར་བརྟེན་[བསྟེན]། །དེ་རྗེས་དུར་བྱེད་[བྱིད་]ཧུང་[ཧོང་]ལེན་ཚ་ལས་སྦྱངས༌། །ནད་སྟོབས་ཆེ་ན་ཅི་རིག་[རིགས་]བསྐྱེར་[བསྐྱར་]བ་ཡིན།  །ཆུང་ནས་[ན་]སྦྱང་རྗེས་ཕྱེ་མས་གསོད་པར་བྱ། །དེ་ཡིས་མ་འདུས་བྱེར་བ་རང་སར་གསོད་པ་ནི། །སྨུག་པོ་སྤྱི་སྨན་རྡོ་སྦྱོར་མདེལ་[མདེ་]ཁ་སྦྱར། །ཡང་ན་རྒྱས་པའི་སྐབས་ཀྱི་ཕྱེ་མས་གསོད་པར་བྱ་བ་གསུམ། །གང་རུང་ཅིག་ལ་བར་དོམ་མཁྲིས་ཏིག་ཏ་སྣན་[བསྣན། །མགོ་ལ་བྱེར་བ་གསོད་ལ་མཚེ་སྡུམ་སྣན་[ལྡུམ་བསྣན]། །སྙིང་བྱེར་ཛ་[ཛཱ་]ཏི་སྤོས་དཀར་མནན་[བསྣན]། །མཆིན་བྱེར་བྲག་ཞུན་གུར་སྒུམ་[ཀུམ་]བ་ཤ་ཀ །རྒྱ་སྐག་སྦྲངས་[སྦངས་]པའི་ཁུ་བས་འཕུལ་ལ་བཏང་། །མཚེར་བྱེར་ལི་ཤི་གསེར་མིན་[མེ་]པི་པི་ལིང༌། །མཁལ་བྱེར་གླ་རྩི་ལྕམ་པ་སུག་སྨེ་[སྨེལ་]མནན་[བསྣན]། །བསམ་སེར་བྱེར་ན་ཚོས་གསུམ་མནན་[བསྣན་]བྱས་ལ། །བྱིན་ཞུན་[གཞུག་]ལོང་རྩ་གཉིས་ལ་ལྟར་[གཏར་]བར་བྱ། །དོན་ལྔ་རང་སྨན་བཏང་(ལ་)རང་རྩ་གཏར། །མགོ་ལ་གསེར་མདོང་འཚོག་རྩ་[གསེར་མདུང་མཚོག་གསང་]རྩེ་ཆུང་གཏར། །ནང་རྩར་བྱེར་ན་རྩ་ལྟོ་སྦྲགས་སྦྱོང་བཏང་། །ཤ་ལྤགས་[པགས་]རྩ་རུས་ཕྱི་རུས་[རུ་]བྱེར་བ་ན། །ཁོང་ནས་གསལ་[བསལ་]ལ་རྗེས་ཤུལ་ཆུ་ལུམ་[ལུམས་]བྱ། །གཉིས་པོ་[པ་]སྨུག་པོ་རྟོལ་[རྡོལ་]དང་མ་རྟོལ་[རྡོལ་]བཅོས་ཐབས་ནི། །མ་རྟོལ་[རྡོལ་]རྒྱས་པའི་བཅོས་ཐབས་གོང་ཡིན་ལ། །ཤིན་ཏུ་རྒྱས་ན་འཚོ་རྟོལ་[མཚོ་རྡོལ་]གྱེན་ཐུར་གཉིས། །གྱེན་རྟོལ་[རྡོལ་]ཟུངས་བསྐྱེད་ཁ་ཟས་ཆུད་ཚད་ལ། །མི་བཅད་བྱུང་[བྱུག་]བདུག་རུས་ཁུར་བུར་ཆང་གིས། །ལུས་ཟུངས་བསྲུངས་ནས་ནད་ཁྲག་སྐྱུག་ཏུ་འཇུག་[གཞུག]། །གལ་ཏེ་ཁྲག་ལམ་མ་ཆོད་ལུས་ཟུངས་མེད་པ་དང་། །ཟུང་[ཟུངས་]ཁྲག་བྱུང་ན་བཅད་པའི་དུས་ཡིན་པས། །འབྲས་ཚོས་ཁུར་[ཁུ་]བར་སྐྱུ་རུ་པུ་ཤེལ་རྩེ། །སྦྲང་རྩི་སྦྱར་བཏང་ཙན་འདན་[དན་]པུ་ཤེལ་རྩེ། །བ་ལེ་ཀ་དང་ག་དུར་པ་[པར་]པ་ཏ། །བསྐོལ་གྲང་ཐང་བཏང་སྲི་[པྲི་]ཡངྐུ་བསྲེགས་ནས། །ཐལ་བ་ཞུན་མར་བྱས་ལ་བཏང་བར་བྱ། །ཅུ་གང་གུར་ཀུམ་དོམ་འཁྲིས་[མཁྲིས་]བ་ཤ་ཀ །ཟ་འོག་འགྲོན་བུའི་ཐལ་བ་སྲན་མའི་མེ་ཏོག་དང་། །ཙན་འདན་[དན་]དམར་པོ་ར་ཁྲག་སྤུ་[པུ་]ཤེལ་རྩེ། །སྟག་[སྟང་།ཟིལ་འབྲས་ཡོས་ཕྱེ་དང་ཀ་ར་སྦྱར། །དེས་མ་ཆོད་ན་ལོག་ནོན་དུར་བྱིད་དང་། །པྲི་ཡང་ཀུའི་ཁུ་བ་སྦྲང་སྦྱར་སྦྱངས་བར་བྱ། །ཡང་ན་དུལ་[དུར་]བྱིད་འབྲས་བུ་གསུམ་དང་པྲི་ཡང་ཀུ། །པི་པི་ལིང་དང་སྦྲང་སྦྱར་སྦྱང་བ་མཆོག །བཤལ་རྗེས་སིལ་[སེ་]འབྲུ་སྐྱུ་རུ་འབྲས་ཡོས་ཕྱེ། །མར་དང་སྦྱར་བའི་འོ་མ་བླུད་པར་བྱ། །གཉིས་པ་ཐར་[ཐུར་]དུ་རལ་ན་ཟུངས་བཟང་འཁྲུ་རུ་གཞུག །ལུས་ཟུངས་ངན་ནམ་ཟུང་[ཟུངས]ཁྲག་བྱུང་བ་ལ། །བཅད་དགོས་ཐ་རམ་བྱ་རྐང་རྒྱ་སྐག་[སྐྱེགས་]བསྡུས། །ཁུ་བར་ད་ཏྲིག་དོམ་མཁྲིས་པྲི་ཡངྐུ། །རེ་ཀོན་[སྐོན་]ཀ་ར་བཏབ་ནས་བཏང་བའམ། །འབྲས་ཐུགས་[ཐུག་]རེ་སྐོན་ཅོང་ཟི་[ཞི་]དཀར་[ཀར་]སྦྱར་བཏང༌། །ཡང་ན་བ་ཤ་(ཀ་)དང་པྲི་ཡངྐུ། །ནག་མཚུར་པྲིང་[སེང་།ཕྲོམ་སྐྱེར་པའི་ཁན་འདའ་[ཁཎྜ་]ཡི། །བསྡུས་ཐང་གྲང་མོ་སྦྲང་དང་སྦྱར་ལ་བཏང༌། །ཡང་ན་འབྲས་སྣ་གསུམ་དང་ཀེ་[ཀ་]པེད་མོན་ཇ་[ཆ་]ར། །འབྲས་ཡོས་ཕྱེ་དང་ཀ་ར་སྦྱར་ནས་བཏང༌། །བྱིན་ཉྭ་ཆུས་སྦྱང་ལོང་གསང་བདུན་[མདུན་]རྒྱབ་བསྲོ། །མ་ཆོད་ལོག་ནོན་འོ་མ་སྦྲང༌སྦྱར་བཏང་། །བཤལ་སྐྱུག་རྗེས་ལ་སིལ་[སེ་]འབྲུ་པུ་ཤེལ་རྩེ། །སེང་ཕྲོམ་ཙན་འདན་[དན་]དམར་པོ་འབྲས་ཐུགས་[ཐུག་]བླུད། །གསོན་ཁྲག་བའམ་རའི་འོ་མ་ལ། །པུ་ཤེལ་བཏབ་པའི་འཇམ་རྩི་བཏང་བར་བྱ། །ངོ་བོ་ཟད་པའི་རྟགས་བྱུང་བ་ར་ཡི། །འོ་མ་ཀ་ར་མར་བསྐོལ་རླུང་ནོན་[གནོན་]བཏང་། །གསང་[གསར་]བཅུད་གསུམ་དང་མངར་གསུམ་ཏིང་ཁྲོལ་བཏང་། །དཀར་འདོན་དེ་ལ་འོ་མ་བུ་རམ་དང་། །ལྒ་དང་ཅུ་གང་བདེ་བྱེད་སྦྱར་ལ་བཏང་། །གསུམ་པ་སྨུག་པོ་གབ་འགྱིང་བཅོས་ཐབས་ནི། །གསར་དུས་བཤིག་ཏུ་མི་རུང་འཇུ་[ཅུ་]གང་བརྒྱད་སྦྱར་ཨ་པོས་[བོས་]བདུག  །དེ་ནས་བཟང་དྲུག་ཅང་ཞིང་[ཅོང་ཞི་]ཚ་སྦྱོར་གྱིས། །འགྱིང་བ་བཤིག་ལ་རྗེས་ཤུལ་སྦྱོང་གིས་འདོན། །ཡང་ན་ཨ་རུ་བྲག་ཞུན་རེ་སྐོན་གསུམ། །རིམ་པས་ཡས་མར་ཕྱེད་སྐྱུངས་སྐྱུངས་སྐྱུ་རུ་བཤ་ཀ །བོང་ང་ཀ་ར་རུ་རྟ་སྦྲང་གིས་སྒྱུར། །ཕྱེ་མ་བྲིད་ནས་ཆུ་སྐོལ་འབུལ་[འཕུལ་]ལ་བཏང༌། །འཇུ་དཀའ་སིལ་[སེ་]འབྲུ་བཞི་དང་ལྟག་པ་སྤྲད། །ཡང་ན་གངས་ཐིགས་ཨ་རུ་བྲག་ཞུན་དང༌། །གྷི་གང་[ཝཾང་]ཙན་འདན་[དན་]མི་རུས་བཙའ་བ་[མ་]དང༌། །དོམ་འཁྲིས་[མཁྲིས་]ཡོང་[ཡུང་།བ་ཁུར་རྩ་དྲི་ཆེན་དང༌། །བཟང་དྲུག་ཡས་མར་ཆ་བསྐྱེས་གར་[ཀར་]སྦྱར་བཏང༌། །ཁོང་འཁྲོག་འཁྲུ་སྙམས་[སྙམ་]བྱེད་ན་ཁ་ཟས་དབྲི། །སྨན་གྱི་ཐུན་བསྐྱེད་ཆུ་སྐོལ་ཚན་མོས་ཕུལ། །དེ་ཡིས་ནང་[ནད་]འགྱིངས་ཞོ་ལྟར་ཆགས་པ་སྦྱོང༌། །འཁྲུ་མ་གཏབ་[འདོད་]ཀྱང་གནས་སུ་གསོད་པར་ངེས། །ཡང་ན་སྟར་བུ་ཞོ་གསུམ་རྒྱམ་ཚྭ་གཉིས། །མ་ནུ་འུ་སུ་ཐུ་[ཐུན་]རེ་ཀ་ར་སྦྱར། །ཆུ་ཚན་འཕུལ་བས་སྨུག་པོ་འགྱིང་བ་བཤིག །ཤིག་ནས་དུར་བྱིད་རུ་རྟ་ཚ་ལ་བུ་རམ་གྱི། །རིལ་[རི་]ལུས་སྦྱངས་ཏེ་རྒྱམ་ཚྭ་སྟར་བུ་དང༌། །རུས་ཁུའི་ལྕགས་[ལྕག་]བསྟེན་བསིལ་དྲོད་སྤེལ་མས་བཅད། །སྨུག་པོ་ཁྲག་སྐྲན་འདྲིལ་ན་ཚ་[ཚྭ་]བསྲེགས་སྦྱོར། །ཡང་ན་ཅོང་ཞི་ཚ་སྦྱོར་བརྟེན་རེ་བསྟོད་[བསྟེན་ཏེ་བརྐོ]། །ཡང་ན་ཟིལ་[ཟེ་]ཚྭ་ཞོ་གསུམ་མཚལ་གྱིས་བསྒྱུར། །ལུག་ཀླད་བཅོས་[བཙོས་]དང་སྦྱར་ཏེ་བཏང་བ་ན། །ཁ་ཟས་ཕག་སྦྲུལ་ཉ་ཤས་བཤིག །བཤིག་ན་ངོ་བོ་ཅུང་ཟད་སྙི་བར་འོང་། །དང་ག་འགག་ཅིང་རྩ་ཆུ་ཚ་བ་བསྐྱེད། །དུར་བྱིར་[བྱིད་]རྒྱམ་ཚྭ་སྟར་བུ་སྦྲུལ་ཤ་དང༌། །བུ་རམ་སྦྱར་བའི་རིལ་[རི་]ལུས་སྐྲན་རོ་སྦྱང༌། །ཤིན་ཏུ་རྙིང་པ་བཤིགས་དཀའ་སྨན་གཏར་སྦྱོང་། །ཚ་བ་བསལ་རྗེས་ཤུལ་སྨན་བཤལ་གྱིས་སྦྱང༌། །སྤྱིར་ན་འདི་ནི་འདུས་པའི་ནད་ཡིན་པས། །པ་[ས་]འདྲ་གསོ་དཀའ་ནད་སྣུར་ལྗི་[ལྕི་]བའི་ཕྱིར། །ལེན་[ལན་]རེས་མི་ཕན་བཅོས་ཐབས་ཡང་ཡང་སྐྱེད། །ལུས་ཟུངས་མ་བསྲུངས་སྨན་དཔྱད་བཏུད་དྲག་[བསྟུད་དྲགས་]ན། ནད་ཟད་ཐང་ཟད་དུས་ཅིག་འཛིང་ནས་འགུམ། །དེ་བས་ནད་སྟོབས་བྲི་བའི་སྐབས་སྐབས་ལ། །འཕྲོད་པའི་ཟས་ཀྱིས་བཟུངས་[ཟུངས་]གསོ་སོས་ནས་སྐྱར་[བསྐྱར་]། །བརྒྱད་པ་སྨུག་པོ་མི་ལྡོག་ནད་རྗེས་བཅད་ཐབས་ནི། །ནད་ལྷག་མ་ལུས་ངེས་པར་བཤལ་སྦྱང་ཕྱེད་[ཕྱེ་]མ་བཏང་། །སྲོག་རྩ་ཕོ་ལོང་མཆིན་གསང་མེ་ཡིས་བསྡམ། །མི་འཕྲོད་ཟས་སྤྱོད་ལོ་དུས་བར་དུ་བསྲུང་། །དེ་ཡིས་ནད་ཕན་མི་ལྡོག་བརྟན་པ་ཡིན།། ཅེས་གསུངས་སོ།།

 གསོ་བྱེད་[བྱའི་]ནད་འབུམ་ནག་པོ་ལས་རྩ་བ་ཁྲག་ནད་འདུ་[འདུས་]བ་གསོ་བའི་ལེའུ་སྟེ་ལྔ་པའོ།།  །།



མཐའ་མའི་འདོན་ཐེངས་།: 03.01.2024 ཉིན། 4:53 PM

<< སྔ་མ།

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

ཡན་ལག་སྨན་ཁང་གཉིས་ལ་ཁ་ལོ་བ་གཉིས་ཀྱི་ས་མིག་གསལ་བསྒྲགས།

སྨན་སྦྱོར་སྡེ་ཚན་དུ་ལས་མི་གྲངས་ ༡༡ ས་མིག་གསལ་བསྒྲགས།

ཆོས་རིག་དྲུང་ཆེ་སྐུ་ཚེ་མ་ཟིན་པའི་ཡིད་སྐྱོའི་གནས་ཚུལ།

སྤྱི་ཁྱབ་འགན་འཛིན་མཆོག་གི་གསུང་བཤད།

འགྲོ་ཕན་བོད་ཀྱི་སྨན་རྩིས་ཁང་དབུ་བརྙེས་པའི་དུས་དྲན་མཛད་སྒོ་སྲུང་བརྩི།

ཞབས་ལོ་ ༤༠། ༣༠། ༢༠། ལོན་པ་རྣམས་ཀྱི་ངོ་སྤྲོད།

སྨན་རྩིས་འབུམ་རམས་པ་དང་ཉེ་བའི་འབུམ་རམས་པར་ཕྱག་ཁྱེར་བསྩལ།

ཐོན་ཟོག་ཁྲལ་འབབ་སྡེ་ཚན་གྱིས་ཆེ་བསྟོད་གནང་།

བོད་ཡིག་མིང་བྱང་ལ་འགྱུར་བཅོས་བཏང་བ།

ཅོན་ཏ་ར་སྨན་སྦྱོར་སྡེ་ཚན་དུ་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།

བརྟན་བཞུགས་སྔོན་འགྲོའི་རིམ་གྲོར་སྲོག་ཆགས་ཚེ་ཐར་བཏང་བ།

འགྲོ་ཕན་སྨན་རྩིས་ཁང་གི་མིང་དུ་བརྫུས་ཏེ་ནད་པ་བསླུ་བྲིད་བྱེད་པའི་གནས་ཚུལ།

ཁ་ལོ་བ་གཅིག་དང་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།

ཆོད་གན་ལས་མི་སྐྱེས་པ་གཉིས་དང་བུད་མེད་གསུམ་གྱི་ས་མིག་གསལ་བསྒྲགས།

ལེའུ་དང་པོ། ཀླད་དོན་གླེང་སློང་བ།