སྨན་རྩིས་དྲ་བ། - ནད་འབུམ་ནག་པོ།

ལེའུ་བརྒྱད་པ། སྐྱ་རྦབ་ཀྱི་ནད་གསོ་བ།

བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 03.01.2024
ནད་འབུམ་ནག་པོ། >>

ལེའུ་བརྒྱད་པ། སྐྱ་རྦབ་ཀྱི་ནད་གསོ་བ།

དེ་ནས་ཡང་འཚོ་མཛད་སྨན་པའི་རྒྱལ་པོས་བཀའ་སྩལ་[བསྩལ་]པ། །དབྱད་བུ་ལ་སོགས་གསོ་བ་འཛིན་པ་ཀུན། །སྐྱ་སྦབ་[རྦབ་]ནད་ལ་དོན་ཆད་བཞིས་སྟོན་ཏེ། །རྒྱུ་དང་དབྱ་རྟག་[རྟགས་]དང་བཅོས་ཐབས་སོ། རྒྱུ་ནི་ཟས་དང་སྤྱོད་ལམ་མི་འཕྲོད་པས། །མ་ཞུའི་དྭངས་མ་མཆིན་ཡུལ་བཟུང་དུ་འོང་། །ངན་ཁྲག་ཆུ་སེར་རྒྱས་པ་རྩ་མིག་རླུང་གིས་གཏོར། །ལུས་ཀུན་བྱེར་བས་སྐྱ་སྦབ་[རྦབ་]ནད་ཏུ་གཡོ། །དེ་ཉིད་གློ་སྙིང་མཚེར་པ་བབས་པ་དེས་[དང་]། །གཉིས་པ་ཆུ་སེར་རླུང་གི་[དང་]ལྡན་པས་དབྱེ་བ་ལྔ། གློ་བ་སྐྱ་སྦབ་[རྦབ་]ཁྲག་ཤེས་[ཤས་]ཆེ་བ་སྟེ། །མཆིན་པ་འཁྲིས་[མཁྲིས་]ལྡན་མཚེར་པ་བད་ཀན་ལྡན། །ཆུ་སེར་སྐྱ་སྦབ་[རྦབ་]ཤ་ལྤགས་[པགས་]འཚམས་[མཚམས་]སུ་ཁྱབ། །རླུང་ནད་སྐྱ་སྦབ་[རྦབ་]སྙིང་དང་སྲོག་རྩར་གནས། །གསུམ་པ་འདི་ཡི་རྟག་[རྟགས་]པ་ལ་སྤྱི་དང་བྱེ་བྲག་གཉིས། །སྤྱི་རྟག་[རྟགས་]དང་པོ་ཁ་གདོངས་[གདོང་]མིག་སྐྱིབ་[ལྕིབས་]དང༌། །རྐང་བོལ་ངར་གདོང་སྦོད་སོར་[པོར་]གཡོ་ཞིང་སྐྲངས། །འགུལ་ན་རྔམ་འདེགས་སྙིག་[སྙིང་]སྤྲུག་དང་ཁ་འགགས། །ཁ་ཟས་འཇུ་དཀའ་ལྕེ་མཆུ་རྙིལ་བཀྲག་འཆོར། །སྟོབས་ཆུང་རྩ་བྱིང་ཆུ་སེར་ཤིང་[ཤིན་]ཏུ་ངལ། །གཉིས་པ་བྱེ་བྲག་ནི་འདི་ལྟ་སྟེ། །གློ་བའི་སྐྱ་རྦབ་གློ་བ་ལུ་བ་མང་། །ལུད་པ་སྦུ་གསོག་[ལྦུ་གསོབ་]ཁྲག་ཅན་ལུ་བ་ཡིན། །མཆིན་པ་མིག་སྤྲིན་ཤ་མདོངས་[མདངས་]དྲི་ཆུ་སེར། །མཆེར་པ་ཁོང་སྦོས་ཤིག་མང་ལྕེ་མཆུ་སྐྱ། །ཆུ་སེར་ཟ་འཕྲུག་བྱེད་ཅིང་ཆུ་སོ་སྐྲངས། །རླུང་ནི་གཉེད་ཆུ་[གཉིད་ཆུང་]སྐྲང་གསོབ་འཕེལ་འགྲིབ་བྱེད།  །བཞི་པ་བཅོས་པའི་ཐབས་ལ་སྤྱི་དང་བྱེ་བྲག་གཉིས། །དང་པོ་སྤྱི་བཅོས་རླུང་གི་སྣ་ཁྲིད་བས། །མངར་གསུམ་ཏིང་ཁྲོལ་ལུག་ཤ་ལོ་ཡིབ་དང༌། ཏ་[ད་]ཏྲིག་གསུམ་ལེ་བདུན་པའི་ཕྱེ་མ་དང་། །ཞུ་[ཞུན་]མར་ཆང་དང་བསྐུན་[བསྐུ་]མཉེས་ཞི་བར་ནུས། །དེས་མ་ཞི་ན་སྨན་དཔྱད་ཟས་སྤྱོད་བཞི། །དེ་སྨན་སྐྱ་སྦབ་[རྦབ་]རླུང་ཤས་ཆེ་བའི་ཕྱིར། །དང་པོ་ཏིག་ཏའམ་ནི་བ་ཡི་རྣམ་ལྔའི། །སྨན་མར་གང་ཤིས་མས་བཏང་བཟའ་དང་བྱུང་[བྱུག] །དེ་རྗེས་མ་ཞུ་བད་ཀན་སྐུག་[སྐྱུགས་]ཀྱིས་སྦྱང༌། །སླར་ཡང་གོང་གི་སྣུམ་ཆོས་བྱས་རྟིང་ལ། །དུར་བྱད་སྒྲོན་ཤིང་དམར་ཟལ་གྱི། །བཀྲུ་སྨན་ལྕགས་ཕྱེ་བ་གཅིན་དང་བྱུང་[སྦྱར]། །དེ་རྗེས་མ་ཞུ་བད་ཀན་འབྲས་བུ་གསུམ་དང་ལི་ག་དུར་བྱི་ཏང་ཀ་དང་ཙི་ཏྲ་ཀ་དང་ཚ་བ་གསུམ། །ཀུན་གྱི་གཉིས་འགྱུར་ལྕགས་ཕྱེ་བ་ཆུང་[ཆུ་]བརྒྱད། །ལྕག་[ལྕགས་]དྲེག་སྨན་སོ་སོར་བསྐོལ་བ་དེ། །བསྲེས་ལ་རིལ་བུ་བྱས་བ་ཟོས་པའི་རྗེས། །དར་བ་འཐུང་བས་སྐྱ་སྦབ་[རྦབ་]འཇིལ་བར་ནུས། །རྟ་བྱ་བྲག་ཞུན་དངུལ་ཆུ་སྟར་བུས་བཤིག །རྭ་གསུམ་དམར་བར་འགྱུར་དང་ལྕགས་དྲེགས་[དྲེག་]དང་། །ཚ་བ་གསུམ་དང་རྩི་[ཙི་]ཏྲ་ཀ་སྟེ་བྱི་ཏང་ཀ་ལ་ཐུན་གཉིས་དང་། །སྦྲང་རྩི་མར་དཀར་སྦྱར་བའི་འདི་དགུ་[ལྡེ་གུ་]ཡིས། །སྐྱ་རྦབ་དབྱིག་དུག་བརྗེས་[བརྗེད་]བྱེད་འཇོམས་པར་བྱེད། །གླ་སྒང་གོ་བསྙོད་[སྙོད་]པ་ཏྲ་ཚ་བ་ལྔ། །སྟག་ཚེར་སྐྱེར་ཤུན་ཆུ་སྐོལ་འཕུལ་བྱས་ནས། །འོང་[འོར་]དང་སྐྱ་སྦབ་[རྦབ་]འདུས་འགྱུར་[གྱུར་]ཚབས་ཆེ་སེལ། །རྗེས་གཅོད་དང་པོ་ཚིགས་པ་བཅུ་གསུམ་བཅོ་བརྒྱད་བསྲེག །དེ་ཡིས་རླུང་དང་ཆུ་སེར་སྒོ་འགེགས་བྱེད། །འབྲས་ཐུག་ལུག་ཤ་མར་གསར་དར་བ་བསྟེན། །ཉ་ཕག་རུ་[རུལ་]སྐྱུར་ཞོ་དང་བུར་བློན་[རློན་]ཚ་[ཚྭ]། །ཡོས་དང་ཤ་སྐམ་རྗེན་ཟན་[ཟས་]འཇུ་དཀའ་དང༌། །ཉིན་གཉིད་བུད་མེད་བརྟེན་[བསྟེན་]རླན་གྲང་སྤང༌། །གཉིས་པ་བྱེ་བྲག་གློ་ནད་སྐྱ་རྦབ་ཅུ་གང་དང༌། །གུར་ཀུམ་སུག་སྨེ་[སྨེལ་]སེལ་[སེ་]འབྲུ་ད་ལི་[ལིས་]དང༌། །ལྕགས་ཕྱེ་ཀ་ར་སུམ་འགྱུར་སྦྱར་ནས་བཏང༌། །ཚ་བ་ཆེ་ན་ག་བུར་ཅུ་[བཅུ་]གཅིག་བསྟན་[བསྟེན]། །ཙནྡ་[ཙན་དན་]སིལ་[བསིལ་]གསུམ་ག་དུར་ཏིག་ཏ་བཤ་ཀ །ཨ་རུ་ར་དང་པི་པི་ལིང་དང་ཀ་ར་རྣམས། །སྦྱར་ནས་བཏང་སྟེ་དེ་རྗེས་རྩེ་ཆུང་དང་། །སྒང་རྩ་དྲུག་མགོ་གཏར་ནས་ཕྱི་རྗེས་གཅོད། །དེས་མ་ཞི་ན་ཨ་རུ་ར་དང་དན་དྷ་[ད་]དང་། །དུར་བྱི་[བྱིད་]ཤིང་མངར་བོང་ང་བུལ་ཏོག་དང་། །མར་ལ་སྦྱར་ལ་འཁྲུ་སྨན་བཏང་པར་བྱ། །རྗེས་ལ་གྲོང་[གྲོ་]ཡི་ཆང་བརྟེན་[བསྟེན་]བཞི་ལྔ་བསྲེག །མཆིན་པ་སྐྱ་རྦབ་གུར་གུམ་གཡུ་སྙིང་[རྙིང་]དང༌། །ལྕགས་ཕྱེ་ཏ་[རྟ་]བྱ་མཁྲིས་ཆེན་ར་དམར་[མར་]སྦྱར། །ཡང་ན་རིམ་[ནིམ་]པ་རྩ་མཁྲིས་བ་ཤ་ཀ །ཏིག་ཏ་སླེ་ཁྲོས་[ཏྲེས་]ཧོང་ལེན་འབྲས་བུ་གསུམ། །བསྐལ་[བསྐོལ་]བའི་ཁུ་བ་སྦྲང་དང་སྦྱར་ལ་བཏང༌། །དེ་ཡི་རྗེས་ལ་རྩའ་[རྩེ་]ཆུང་རུ་ཐུར་[ཐུང་]གཏར། །དེས་མ་ཞི་ན་གུར་ཀུམ་དནྡ་དང་། །དུར་བྱིད་པི་པི་ལིང་གི་ཕྱེ་སྦྱར་བས། །ཕྱི་རྗེས་བཅད་པའི་བཤལ་དེས་སྦྱངས་[སྦྱང་]པར་བྱ། །ཚིགས་པ་བཅུ་གསུམ་དགུ་པ་མེ་ཡིས་བསྡམ། །དེས་[དེ་]རྗེས་ལུགས་[ལུག་]རུ་སྨུག་པོ་ཧོང་ལེན་དང་། །རྩ་མཁྲིས་སྲོལ་ཀོང་[གོང་]པ་དང༌ཤིང་ཚ་དང་། །ར་[རྭ་]ཚ་ལྒ་དང་པི་པི་ལིང༌དང་སོགས། །བུ་རམ་རིལ་ལུས་[བུ་]བྱས་ལ་བརྟེན་[བསྟེན་]པར་བྱ། །ཆུ་སོར་[སེར་]འོར་སྒོ་རྣམས་སུ་ཐུར་མ་བསྟེན་པ་སྟེ། །མཚེར་པ་སྐྱ་སྦབ་[རྦབ་]ལྕགས་ཕྱེ་བཅུས་བཅོས་ཏེ། །བད་ཀད་[ཀན་]སྐྱ་སྦབ་[རྦབ་]སྤྱི་བཅོས་ལྟར་[ལྟ་]བུ་བྱ། །ད་ལི་[ལིས་]བདུན་པ་ལྟག་པ་སྤྲད་པས་འཇོམས། །ཁ་ཟས་དྲོད་བརྟེན་[བསྟེན་]བཅུ་གཅིག་བཅུ་གཉིས་བསྲེག །ཆུ་སེར་སྐྱ་བབ་[རྦབ་]སྤོས་དཀར་འབྲས་བུ་གསུམ། །བྲག་ཞུན་སྦྲང་སྦྱར་ལྕགས་ཕྱེ་བཅུ་པ་དང༌། །ལྟག་སྤྲད་སྦྲང་རྩི་བུ་རམ་ཏིང་ཁྲོལ་དང༌། །བཤུལ་ཤ་བཏང་ཞིང་མར་ཞུ་[མ་ཞི་]བཤལ་སྦྱང༌སྟེ། །ཨ་རུ་དུར་བྱིད་ཤྲི་ཁན་དྷེ་[ཤྲཱི་ཁཎྜ་]དང་། །ཤུ་ཟར་[ཟུར་]པ་ཏྲ་གཉིས་དང་བ་ཆུས་སྦྱང་། །བཅུ་གསུམ་བཅོ་བརྒྱད་དང་པོ་རྗེས་ལ་བསྲེགས། །སྐྱ་རྦབ་རླུང་ལ་ཤིང་ཀུན་བརྒྱད་བཏང་སྟེ། །སྒ་དང་པི་པི་ལིང་དང་ཁ་རུ་ཚྭ།  །ཤིང་ཚ་ཙི་ཏྲ་ཀ་ཛཱ་ཏི་དང་། སུག་སྨེ་[སྨེལ་]བུ་རམ་གཉིས་དང་བརྒྱད་ཡིན་ནོ།  །སྒོག་སྐྱ་རྩ་བ་ལྔའི་སྨན་མར་དེ།  །བཟའ་དང་ཐུགས་[ཐུག་]པ་འཇམ་རྩི་སྣུམ་ཆོས་བྱ། །རུས་པ་སྣ་ཚོགས་བཙོས་པའི་ཁུ་བ་ལ། །སྒ་དང་པི་པི་ལིང་དང་ཤིང་ཀུན་ལ་ཕུད་ཀྱིས། །ལུག་ཤ་བསྡུས་ཤ་ཆང་བརྟེན་[བསྟེན་]བདུན་དུག་[དྲུག་]བསྲེགས། །སྐྱ་སྦབ་[རྦབ་]རྙིང་པ་འོང་[འོར་]ནད་ཅུ་སེར་ཕྱི་ཆུར་འགྱུར། །འོར་ནད་སྙིང་[རྙིང་]པ་དམུ་ནད་དུ་ཆུའི་འགྱུར། །དེ་ཕྱིར་འོར་ནད་སྐྱ་སྦབ་[རྦབ་]གང་ཡང་རུང༌། །ཡུན་རིང་སྙིང་[རྙིང་]པ་དམུ་ཆུའི་བཅོས་ཐབས་ཤིག། ཅེས་གསུངས་སོ།།

གསོ་བྱའི་ནད་འབུམ་ནག་པོ་ལས་ཁང་[ཁོང་]ནད་སྐྱ་སྦབ་[རྦབ་]བཅོས་པའི་ལེའུ་སྟེ་བརྒྱད་པའོ།། །།




མཐའ་མའི་འདོན་ཐེངས་།: 03.01.2024 ཉིན། 4:49 PM

<< སྔ་མ།

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

ཡན་ལག་སྨན་ཁང་གཉིས་ལ་ཁ་ལོ་བ་གཉིས་ཀྱི་ས་མིག་གསལ་བསྒྲགས།

སྨན་སྦྱོར་སྡེ་ཚན་དུ་ལས་མི་གྲངས་ ༡༡ ས་མིག་གསལ་བསྒྲགས།

ཆོས་རིག་དྲུང་ཆེ་སྐུ་ཚེ་མ་ཟིན་པའི་ཡིད་སྐྱོའི་གནས་ཚུལ།

སྤྱི་ཁྱབ་འགན་འཛིན་མཆོག་གི་གསུང་བཤད།

འགྲོ་ཕན་བོད་ཀྱི་སྨན་རྩིས་ཁང་དབུ་བརྙེས་པའི་དུས་དྲན་མཛད་སྒོ་སྲུང་བརྩི།

ཞབས་ལོ་ ༤༠། ༣༠། ༢༠། ལོན་པ་རྣམས་ཀྱི་ངོ་སྤྲོད།

སྨན་རྩིས་འབུམ་རམས་པ་དང་ཉེ་བའི་འབུམ་རམས་པར་ཕྱག་ཁྱེར་བསྩལ།

ཐོན་ཟོག་ཁྲལ་འབབ་སྡེ་ཚན་གྱིས་ཆེ་བསྟོད་གནང་།

བོད་ཡིག་མིང་བྱང་ལ་འགྱུར་བཅོས་བཏང་བ།

ཅོན་ཏ་ར་སྨན་སྦྱོར་སྡེ་ཚན་དུ་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།

བརྟན་བཞུགས་སྔོན་འགྲོའི་རིམ་གྲོར་སྲོག་ཆགས་ཚེ་ཐར་བཏང་བ།

འགྲོ་ཕན་སྨན་རྩིས་ཁང་གི་མིང་དུ་བརྫུས་ཏེ་ནད་པ་བསླུ་བྲིད་བྱེད་པའི་གནས་ཚུལ།

ཁ་ལོ་བ་གཅིག་དང་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།

ཆོད་གན་ལས་མི་སྐྱེས་པ་གཉིས་དང་བུད་མེད་གསུམ་གྱི་ས་མིག་གསལ་བསྒྲགས།

ལེའུ་དང་པོ། ཀླད་དོན་གླེང་སློང་བ།