སྨན་རྩིས་དྲ་བ། - ནད་འབུམ་ནག་པོ།

ལེའུ་དྲུག་པ། མ་ཞུ་བ་གསོ་བ།

བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 03.01.2024
ནད་འབུམ་ནག་པོ། >>

ལེའུ་དྲུག་པ། མ་ཞུ་བ་གསོ་བ།

དེ་ནས་ཡང་གསོ་བ་རིག་པ་འཛིན་པ་དཔྱད་བུ་ཁྲི་ཤེས་ཀྱིས་གསོ་བ། །ཀྱེེ་མཚོ་[འཚོ་]མཛད་སྨན་གྱི་རྒྱལ་པོ་ལགས། །སྲིང་པོ་ཐུགས་པའི་མདོ་རུ་གསུངས་པ་ཡི། །མདོ་གནས་བཅུའི་ཐོག་མར་གྲང་བ་གསོ་སྟེ། །མདོ་གནས་གཉིས་པ་ཁང་[ཁོང་]ནད་གྲང་བ་གསོ་བའི་སྐབས། །བདག་ཅག་འཛིན་པའི་འཁོར་ལ་བསྟན་དུ་གསོལ། །དེ་སྐད་ཞུས་པས་སྟོན་པས་བཀའ་སྩལ་[བསྩལ་]པ། །དཔྱད་བུ་ཁྲི་ཤེས་ལ་སོགས་འཛིན་པའི་འཁོར་རྣམས་ཉོན། །ཁོང་ནད་གཅོད་[གཅོང་]ལ་ཕྱིར་རུ་རྒྱུ་འབྲས་གཉིས། །རྒྱུ་ནི་གཅོང་ནད་རྩ་བ་མ་ཞུ་བའི། །སྡེ་དང་ཚན་ནི་སོ་སོར་བཞི་ཡོད་དོ། །དེ་ལས་བྱུང་བའི་འབྲས་བུའི་གཅོང་ནད་ལ། །གསར་རྙིང་གཉིས་དང་རྒྱས་པ་དྲུག་ཏུ་སྟོན། །དང་པོ་མ་ཞུ་གཅོང་ནད་རྒྱུ་ལ་སྤྱི་དོན་དྲུག །རྒྱུ་དང་སྐྱེས་[རྐྱེན་]དང་འགྱུར་[གྱུར་]ཚུལ་དབྱེ་བ་དང་། །རྟགས་དང་དེའི་བཅོས་ཐབས་དྲུག་ཡིན་ཏེ། །རྒྱུ་ནི་བད་ཀན་ལྗི་ཞི་[ལྕི་ཞིང་]བསིལ་བས་བྱེད། །གཉིེས་པ་རྐྱེན་ལ་རྟེན་དང་མ་གོམ་[གོམས་]མི་འཕྲོད་དང༌། །ངོ་བོ་མི་འཇུ་བ་དང་རྐྱེན་བཞི་ཡོད། །རྟེན་ནི་མི་འཇུ་གྲང་ཤེས་[ཤས་]ཆེ་བའི་མི། །ཟུང་[ཟུངས་]ངན་སྦྲེག་[སྦེག་]དང་ཁ་ཟས་སྐྱ་བ་དང་། །མྱ་ངན་སེམས་ལས་དུབ་དང་དལ་བར་སྡད་[བསྡད]། །རྒས་དང་ཟས་ཀྱིས་མནར་ཤུལ་ཟས་འཇུ་དཀའ། །གཉིས་པ་མ་གོམས་པ་ཡིས་མི་འཇུ་བ། །ནམ་ཕྱེད་ཟས་དང་སྔར་ཟ་མ་མྱོང་བ། །གསུམ་པ་མི་འཕྲད་པ་ནི་དཀར་སྐྱུར་སྔོ་[ངད་]འོ་མ་ཉ། །སྔ་མ་མ་ཞུ་སྟེང་དུ་ཕྱི་མ་བསྣན། །འདྲེས་པར་ཟོས་པས་མི་འཕྲོད་འཇུར་མི་འདོད། །བཞི་པ་རྫས་ཀྱིས་ངོ་བ་མི་འཇུ་བ། །འབྲུ་མར་བསེར་[སེར་]ཅན་དང་ནི་རུས་སུམ་[རུལ་སུངས་]དང་། །ཤ་རིད་ཚིལ་བུ་འོ་རློན་རྗེན་པ་དང༌། །མ་ཚོས་ཚིག་དྲགས་བཙོས་འཁེང་[ཁེངས་]ཆུ་དང་བསྲེས། །དུས་མིན་ཟས་ཚོད་ཟོས་དྲགས་འཇུ་བ་དཀའ། །གསུམ་པ་འགྱུར་[གྱུར་]ཚུལ་རྒྱུ་རྐྱེན་དེ་གཉིས། །དང་པོ་བད་མཁྲིས་རླུང་གིས་འཇུ་བའི་དྲོད་ཉམས་ཏེ། །དང་པོ་མྱག་བྱེད་བད་ཀན་རླུང་[དག་]གིས་བརྒྱག་[མྱག་]མ་ནུས། །བར་དུ་འཇུ་བྱེད་འཁྲིས་[མཁྲིས་]པས་འཇུ་མ་ནུས། །ཐར་[ཐ་]མར་མེ་མཉམ་རླུང་གིས་ཕྱེད་མ་ནུས། །མ་ཞུ་བསིལ་བའི་མིང་ནི་འདི་(ལ་)བཏག་[བཏགས]། །མ་ཞུ་བ་དེས་ཕོ་བའི་བད་ཀན་འཕེལ། །བེ་སྣབས་འཕེལ་བས་རླུང་རྩའི་རྒྱུད་སྦུབས་འགག །མེ་དྲོད་མཉམ་[ཉམས་]དང་ལྕག་[ལྕགས་]དྲེག་ལྷན་[ལྷེན་]ལ་སོགས། །གཅོད་[གཅོང་]ནད་མ་ལུས་བསྐྱེད་པའི་རྒྱ་བྱས་སོ། །ལང་ཚོ་དར་བས་[བབ་]སྟོབས་ལྡན་མེ་དྲད་ཆེ། །ལུས་ངག་ལས་ལས་བརྩོན་སྣུམ་བག་རྒྱུན་དུ་བཟའ། །མི་འཕྲོད་ཟས་ལ་སྙོམས་པར་ཟ་ཤེས་ན། །དེ་ལས་མ་ཞུ་བ་དེ་འབྱུང་བ་མིན། །བཞི་པ་དཔྱིད་[དབྱེ་]ན་རྫས་དང་ངོ་བོ་རིགས་གྲོགས་དང་། །དུསདང་ལྔའི་སྒོ་ནས་དབྱེ་(བའོ)། །དང་པོ་རྫས་ཀྱིས་དབྱེ་བ་རྣམ་པ་གསུམ། །གྱོང་དང་རློན་དང་སྣུམ་པར་བྱེད་པའོ། གྱོང་པ་ཕྱེ་དང་སྔོ་རྔད་[ངད་]ཤ་རིད་ཡིན། །རླན་ནི་ཆང་བུ་[ཆུ་]འོ་མ་ཞོ་དར་ཇ། །སྣུམ་ནི་འབྲུ་མར་ཚལ་[ཚིལ་]ཞག་མར་དང་རྐོན་[རྐང་]། །ལྷག་པར་རླན་སྣུམ་མ་ཞུ་ཉེས་པ་ཆེ། །གཉིས་པ་ངོ་བོར་[བོས་]དབྱེ་ན་དངས་སྙིགས་མ་ཞུ་ཡིན། །དང་པོ་སྙིགས་མ་མ་ཞུ་ཞེས་བྱ་བ། །ཁ་ཟས་མ་ཞུ་ཕོ་ལོང་གཉིས་ལ་སྡོད་[བསྡད]། །བད་ཀན་བེལ་[བེ་]སྣབས་འཕེལ་ཏེ་བཏུམ་[བཏུམས་]ནས་ཧནས། །དེ་རྙིང་སྙིགས་མ་འདྲིལ་བའི་ཟས་སྐྲན་ཡིན། །མཉམ་གནས་རླུང་གིས་དྭངས་སྙིགས་མ་ཕྱེད་པས། །སྙིགས་མ་དྭངས་མའི་རྩ་མིག་ཤོར་བ་དེས། །མདངས་སྒྱུར་མཁྲིས་པས་ཟུང་[ཟུངས་]ཁྲག་མ་སྨིན་པས། །ཡུན་རང་[རིང་]མཆིན་གནས་དང་[དྭངས་]མ་མ་ཞུ་རེད། །དེ་རྙིང་དྭངས་མ་བྱེར་འགྱིང་འདྲལ་[འདྲིལ་]ཟག་[ཟགས་]བཞི། །བྱེར་བས་དུག་འདྲ་འོར་མཛེ་མེ་དབལ་དང་། །འབྲས་དང་སུར་ཡ་དྲེག་དང་གྲུམ་བུ་དང་། །མིག་སར་[སེར་]རྩ་འཕྲན་[སྐྲན་]རྐང་འབམ་དུ་མར་འགྱུར། །འགྱིང་[འགྱིངས་]པས་སྨུག་པོ་རྒྱས་གབ་བྱེར་[མཆེར་]པའི་ནད། །དངས་མ་མ་ཞུ་ཕལ་ཆེས་ནད་རྣམས་བསྐྱེད། །འདྲིལ་བས་སྐྲན་གྱི་རིགས་གང་བསྐྱེད་བྱེད་དོ། །ཟག་[ཟགས་]པས་སྐྱབ་[སྐ་]རྦབ་དམུ་ཆུ་བསྐྱེད་པར་བྱེད། གསུམ་པ་རིགས་ཀྱིས་དབྱེ་ན་བེལ་སྣབ་[སྣབས་]བསུད་ནད་དང་། །མ་ཞུ་ཤིང་འདྲ་དུག་འདྲ་བཞི་རུ་ཡོད། །བཞི་པ་གྲོགས་ཀྱིས་དབྱེ་ན་རླུང་མཁྲིས་བད་ཀན་གསུམ། །ལྔ་པ་དུས་ཀྱིས་དབྱེ་ནས་[ན་]གསར་[གསར་]རྙིག་མ་[རྙིང་]གཉིས། །ལྔ་པ་ངོས་འཛིན་རྟགས་ལ་སྤྱི་དང་བྱེ་བྲག་གཉིས། །དང་པོ་སྤྱི་རྟག་[རྟགས་]དྲི་མ་འགག་དང་དུས་མིན་འབྱུང༌། །འོག་རླུང་རྒྱུ་དཀའ་འདྲིལ་ཅིང་ཕོ་ལོང་སྦོས། །སྐབས་སུ་འགྱིང་རྗེས་འཁྲུ་བ་མང་བར་ལྷུད་[འབྱུང་]། དང་སྣིག་[དྭངས་སྙིགས་]བུའདྲེན་པའི་རྩ་ཆུ་ཞག་ཅན་འོང་། །ཁོང་སྙོམས་[སྙོམ་]ཆེལུས་ལྗི་[ལྕི་]ཡི་ག་རྟོག་[ལྡོག་]པར་བྱེད། །ཟོས་ན་ན་དང་སྒྲེགས་ན་མགོ་བོ་ལྗི་[ལྕི་]། །གཉིས་པ་བྱེ་བྲག་རྟགས་ལ་སྙིགས་མ་མ་ཞུ་བ། །ཕོ་བ་འཚོོང་[འཚིང་]ཞིང་སྒྲེག་སྐྱུག་ཁ་མངལ་ལོ། །གང་མ་ཟུ་བ་དེ་ཡིས་གཞན་ལ་གནོད། །སྒྲབ་སྟེ་[གོམས་པའི་]ཟས་[ཟོས་]སམ་རྙིངས་ལ་མ་ཞུ་སངས། །མིག་དང་གདོགས་[གདོང་]པ་རྐང་བོལ་གཡོ་བ་ཡིན། །གཉིས་པ་དངས་[དྭངས་]མ་(མ་)ཞུ་ཁོང་སྙོམ་པའི་ཡི་ག་འགག །ཤ་སྐེམ་རྩིབ་ལོགས་ན་ཞིང་སྒྲེགས་པ་མང་། །དེའི་བད་ཀན་བད་སྣབ་[བེ་སྣབས་]འཕེལ་བ་དེས། །སྟེང་འོག་དྲོད་སྙོམ་རླུང་རྒྱུའི་རྩ་འགག་ནས།  །ཁོང་སྦོས་ཐེར་ཟུག་ན་ལ་འོག་རླུང་འགགས། །སྒྲེག་པ་མི་ཐོན་མ་ཞུ་ཀུན་གྱི་རྒྱུ། །མ་ཞུ་ཕོ་ལོག་ནད་ཅེས་བེ་སྣབས་འཕེལ། །དེ་ཡིས་ཐུར་སེལ་ལམ་འགག་གྱེན་ལོག་པས། །འོག་རླུང་མི་ཐོན་དྲི་མ་འགག་པ་དང་། །བྲང་ཚ་ཆུ་ཚན་འོང་ཞིང་སྒྲེག་རུལ་བྱོན། །མཆིན་དྲི་ན་ཞིང་མཇུག་ཏུ་སྨྱགས་[སྨུག་]པོར་འགྲོ། །བེ་སྣབ་[སྣབས་]མ་ཞུ་ཤིང་འདྲ་བྱ་བ་དེས། །སྟེང་འོག་རྒྱུ་བ་རླུང་གི་ལམ་འགག་པས། །མེ་མཉམ་མཆིན་མཆེར་རྩིབས་[རྩིབ་]ལོགས་རྩ་ལ་ཞུགས། །དགྱེས་[དགྱེ་]དགུ་མི་ཤེས་ཤིང་གིས་བརྒྱང་པ་འདྲ། །གར་ཞུགས་གཟེར་ཅིང་གླང་ཐབས་ཁྲོལ་[གྲོལ་]མ་འོང་། །དུག་འདྲ་དྭངས་མ་མ་ཞུད་[ཞུ་]རྩ་མིག་བྱེར། །རྩ་ནང་[ནང་]དྲུག་[ཀུན་]ཏུ་དྭངས་མ་ཆགས་ཞེན་པས། །དུག་གི་ནད་ལྟར་ཤ་ལུས་པོ་[སྔོ་]ལ་སྐམ། །ཟོས་ན་མི་བདེ་སྟོབས་ཉམས་དང་ཁ་འགག  །ཚ་ཚེས་[ཆེས་]གྲང་ཆེས་གཉིས་ཀ་ཟུག་སྡང་[ལྡང་]ན། །མ་ཞུ་དེ་[གཉིེས་]རླུང་དང་འགྲོག་པ་ནི། ཁོང་སྦོས་འདར་དང་མགོ་འཁོར་ཡན་ལགས་[ལག་]རིངས་[རེངས]། །མཁྲིས་ལ་[ལྡན་]ཁོང་ཚ་དྲི་ཆེ་སྦྱོང་མདོག་སེར། །སྒྲེག་སྐྱུག་སྐམས་[སྐོམ་]དད་ཚེ་[ཆེ་]ཞིང་རིམས་ཀྱིས་འདེབས།  །བད་ཀན་བརྟེན་[ལྡན་]ན་མཆིན་[མཆིལ་]མ་འབྱར་བག་ཅན༌། །སེམས་བྱིང་ལུས་ལྗི་[ལྕི་]སྒྲེག་སྐྱུག་ཟས་མི་ཞིམ། །དུས་ཀྱིས་དབྱེ་ན་གསར་དང་རྙིང་པོ་[པ་]གཉིས། །གསར་པའི་དུས་ན་མ་ཞུ་བ་ཞེས་བྱ། །མ་ཞུའི་རྒྱུས་བསྐྱེད་རྙིང་པ་གཅོང་ནད་ཡིན། །བཅོས་པའི་ཐབས་ལ་གསར་བཅོས་རྙིང་བཅོས་གཉིས། །གསར་དུས་བཅོས་ལ་སྤྱི་དང་བྱེ་བྲག་གཉིས། །སྤྱི་བཅོས་སྨན་དཔྱད་ཟས་སྤྱོད་བཞི་ཡིན་ཏེ། །མ་ཞུ་ཆུང་འབྲིང་ཆེ་བ་ནད་སྟོབས་ཉམས། །མ་ཞུ་ཆུང་ངུན་[ངུ་]ཟས་སྐོམས་ལྟོག་[ལྟོགས་]པས་ཕན། །ནང་ནུབ་རྒྱམ་ཚ་བུལ་ཏོག་ཆུ་བསྐོལ་བཏུང་། །རྩིགས་མ་རང་སར་མིག་ན་[ལུས་པའི་]མ་ཞུ་འཇུག་[འཇུ]། །བེད་[བད་]ཀན་བེ་སྣབས་རྩ་སྦུབས་འགགས་པ་སེལ། །འཇུག་དཀར་[འཇུ་དཀའ་]ཁ་ཟས་གྲང་མོ་ཆེ་དྲག་[དྲགས་]སྤོང་།  །ཕྱེ་ཐུག་རྒ་[སྒ་]བཏབ་ལུག་ཤ་རྙིང་པ་དང་། །ཉ་དང་རྒོད་ཤ་ཆང་ཟན་དྲོན་མོ་སོགས། །ཡང་དྲོ་འཇུ་སླའི་རྒྱུ་སྲུང་ཉུང་བར་བརྟེན་[བསྟེན]། །སྤྱོད་ལམ་རླན་གྲང་བསེར་བུ་ཉིན་གཉིད་སྤང༌། །སྐབས་པར་[སྐམ་སར་]ལུས་དྲོ་རྔུན་[རྔུལ་]ཕྱིན་རྩོལ་བ་སྤྱད། །སྙིགས་མ་མ་ཞུ་གསར་པ་བཅག་པས་ཕན། །དྭོངས་[དངས་]མ་མ་ཞུ་བཅག་ན་དུག་ཏུ་འགྱུར། །ཅི་སྟེང་[ཕྱིར་]དྭངས་མ་མཆིས་ནས་[མཆིན་གནས་]འཁྲིས་[མཁྲིས་]ལྡན་ཚ། །སྙིགས་མ་ཕོ་ལོང་བད་རླུང་སྡོང་བ་[བསྡོངས་པ་]ཡིན། །མ་ཞུ་འབྲིང་པོ་རྒྱམ་ཚྭ་བཞི་ཐང་བཏང༌། །རྒྱམ་ཚྭ་ཁ་རུ་ཚྭ་དང་ཚ་བ་གསུམ། །བསྡུས་པའི་ཐང་བཏང་དྲོད་སྐྱེད་མ་ཞུ་འཇུ། །ཞིང་དཀར་[ཞི་དཀའ་]རྒོད་མ་ཁ་བྱེའི་ཕྱེ་བའམ་[མ་འམ]། །སིལ་[སེ་]འབྲུ་ཚ་བ་ལྔ་དང་ཚ་[ཚྭ་]སྣ་གསུམ། །བུར་དཀར་ཕྱེ་མ་ཐུན་སྐྱུངས་ཆུ་ཚན་དབུལ། །ཐུན་ཆེ་[ཆེས་]འཇུ་དཀར་[དཀའ་]བེ་སྣབས་གྲོགས་སུ་འགྲོ། །རྡོ་དང་བོང་བ་ཚ་བའི་དྲོད་དུགས་བྱ། །ཁྱི་སྤྱང་དབྱེ་[གཡི་]སོགས་སྤུ་དུག་[དུགས་]རྐེད་པར་བསྐྲང་[དཀྲི]། །མ་ཞུ་ཆེན་པོ་སྨོན་[སྨན་]གྱིས་ཞུས་[བཞུས་]རྗེས་སྦྱངས༌། །སྟོད་ནད་སྐྱུག་འདྲེན་སྨད་ནད་ནི་རུ་ཧ། །བར་དུ་གནས་པ་བཤལ་གྱིས་སྦྱངས་[སྦྱང་]བར་བྱ། །རྗེས་ཤུལ་མ་གཟབ་ཉེས་པས་སླར་འཕྲུལ་བསྲུངས། །དེ་བས་ཕྱི་རྗེས་ཟབ་[ཟས་]སྤྱོད་གཟབ་པར་བྱ། །ཞེབ་གྲགས་[ཞེན་དྲགས་]རྩ་མ་[བ་]མ་ཏོན་ཕོ་གསང་བསྲེགས།  །གནིས་པ་བྱེ་བྲག་བཅོས་ལ་སྙིགས་མ་མ་ཞུ་ན། །ཕོ་བའི་དྲོད་སྐྱེད་སིལ་[སེ་]འབྲུ་ཚ་བ་གསུམ། །མ་ཞུ་འཇུ་བྱེད་རྒྱམ་ཚྭ་ཁ་རུ་ཚྭ། །རྒྱམ་ཚྭ་བུ་རམ་སྦྱར་བའི་ཕྱེ་མ་དང་། །ཙམ་[རྩམ་]པ་མ་ཞུ་ནི་ཕབས་དང་བུར་ཐོག་[བུལ་ཏོག་]བསྣན། །ཤ་མ་ཞུ་ན་སོ་བྱའི་གྲེ་བའམ། །ཡང་ན་སྤྱང་ཁུའི་ཕོ་བ་བསྣན་ནས་བཏང་། །ཤ་ཁུ་སོགས་[སོག་]ཡུའི་ཐང་དང་ལྟག་པ་སྤྲད། །སྔོ་རྔད་[ངད་]མ་ཞུ་ཟྭ་དང་དབྱི་མོང་བསྣན། །ཆང་མ་ཞུ་ན་ཆང་བསྐོལ་ཕབས་བསྣ་བཏང་། །ཡང་ན་སོགས་ཚིགས་[སོག་ཚིགས་]ཐང་བཏང་འཇུ་བ་ཡིན། །ཇ་མ་ཞུ་ན་ཚ་[ཚྭ་]བསྣན་དྲི་ཆུ་བཏུང༌། །འོ་ཞོ་མ་ཞུ་ན་ཆུང་[ཕྱུར་]བའི་ཁུ་བ་བཏུང་། །མར་ཚིག་[ཚིལ་]མ་ཞུ་ཅོང་ཞི་རྒོད་པོ་བསྣན། །འབྲུ་མར་མ་ཞུ་སྲན་ཕྱེ་ལྟག་སྤྲོད་བསྣན། །རྡོ་བ་མ་ཞུ་ན་མཚུར་དང་ཟིལ་[ཟེ་]ཚྭ་སྣན་[བསྣན]། །སྨན་མ་ཞུ་ན་དུག་རིལ་ལྟག་ལ་སྤྲད། །སྨན་རྗེས་པོན་[སོ་]ཆ་ཤུ་དག་པི་པི་ལིང༌། །བཅའ་སྒ་རའི་བ་[འོ་]མས་གྱེན་དུ་དྲང༌། །ནད་སྟོབས་ཆེ་ན་དང་པོ་སྐྱུགས་ལ་རྗེས་སྨན་བཏང་། །ཁྱད་པར་ཆུ་བསྐོལ་ལས་རྩོལ་མཆོག་ཏུ་སྨན། །དྭངས་མ་མ་ཞུ་ཆ་མཉམ་བཞི་ཐང་བཏང༌། །བྱེར་ན་འོ་མ་ལན་ཚ་[ཚྭ་]བཏབ་པས་བསྡུད་[བསྡུ]། །མ་བྱེར་འདུས་ནས་དུར་བྱིད་ཤ་ཁྲག་ཁན་དྷེ[ཤྲཱི་ཁཎ་]། །རུ་རྟ་རྒྱམ་ཚྭ་ཆུ་དག་བུ་རམ་སྦྱར། །ཆུ་ཚན་སྐྱུར་རྩབས་འབྲས་དང་བསིལ་དྲོད་མཉམ་དེས་ཕྱི་རྗེས་གཅོད། །སེ་འབྲུ་ལྔ་པ་ཆུ་བསྐོལ་འཕུལ་ལ་བཏང༌། །མ་ཞུ་བེ་སྣབ་[སྣབས་]སོ་[སོན་]ཆ་ཆུ་དག་སྒ། །རྒྱམ་ཚྭ་ཆུ་བསྐོལ་སྦྱར་བའི་སྐྱུགས་ཀྱིས་དྲངས༌། །དེས་རྗེ་[རྗེས་]ལྟོ་བར་དུག་[དུགས་]བྱ་ཆུ་བསྐོལ་བཏང་། །ལྕིམ་[ལྕུམ་]རྩ་སན་[སོ་]ཆ་བུར་ཐོག་[བུལ་ཏོག་]པི་པི་ལིང༌། །ཚ་[ཚྭ་]དང་མར་སྦྱར་རིང་[རེང་]བུས་སྨད་རླུང་སྦྱོང༌། །དེ་སྟེང་དུར་བྱིད་ཕབས་སྦྱར་མས་འདྲེན་བཏང༌། །བསུད་ནད་གཏིང་[རྟིང་]པའི་དྲེག་མཚམས་མེ་བཙའ་བཅད་[གདབ]། །དེ་ཉིད་ལྟོགས་[ལྟོ་]བཀུག་སྟེ་[སྟེང་]རླུང་དྲག་ཏུ་བསྣན། །འོག་རླུང་གློད་ལ་བར་རླུང་དྲག་རུང་[ཏུ་]སྤྲུག །མཐའ་མ་ཟས་སྤྱོད་བཤལ་ཅེས་[རྗེས་]བཞིན་དུ་གཟབ། །མ་ཞུ་ཤིང་འདྲ་ཐང་དུགས་རྩེ་བཅིལ་ལ། །སྦྱོང་སྐྱུགས་བཏང་ལ་ལྟོ་བར་ཆུ་ཚན་བདུག །ལོང་རྩ་རུ་ཐུང་གཏར་ལ་ཁ་ཟས་འཕྲི། །དུག་འདྲ་རྩ་རུས་སྐབས་[སྐམ་]པ་འགོག་དཀའ་སྟེ། །རུས་སྙིང་[རྙིང་]རླང་[རླངས་]དུགས་ཆུ་ཚན་རྒྱུན་དུ་བདུག །དེ་ནས་དུག་གམ་སྨུག་པོ་ལྟར་[ལྟ་]བུར་བསྡུ། །འདུས་རྟགས་ཐོན་ནས་རྩ་སྦྱོང་སྟོ་[ལྟོ་]སྦྱོང་བཏང་། །རྗེས་ལ་ག་བུར་ཉི་ཤུ་རྩ་ལྔ་དང༌། །སེལ་[སེ་]འབྲུ་ལྔ་པ་ལྟག་བྱས་ལ་བཏང༌། །གཞུག་ཏུ་རྩ་སྤོ་འབྱད་ཕྱིར་བསམ་[འབའ་སམ་]སྨན་དང་། །མར་དང་སྦྱར་བས་པི་རྗེས་གཅད་པར་བྱ། །རླུང་ལྡན་མ་ཞུ་དུགས་དང་འཇམ་རྩི་བཏང་། །མཁྲིས་ལྡན་སྦྱང་ལ་བད་ཀན་ཁ་འཛིན་ཟས་སྨན་གཙོ། །གཉིས་མ་ཞུ་རྙིང་ནས་ནད་གཞན་འགྱུར་བ་[གྱུར་པ་]ལ། །དང་པོ་རྒྱུ་ཉིད་མ་ཞུས་བསྐྱེད་པའི་ཕྱིར། །སེ་འབྲུ་ལྔ་པ་ཚ་གྲང་བུར་ཀར་སྦྱར། །ཆུ་སྐོལ་བསྐུལ་འཕུལ་ཕོ་བའི་མེ་དྲོད་བསྐྱེད། །མ་ཞུ་ཀུན་སྦྱང་དང་དྭངས་མ་རང་གནས་འཇོག །དེ་ཡིས་འབྲས་བུ་ནད་གཞུག་[གཞན་]གསོ་བ་དང་། །རྒྱུ་མ་བཅོས་པར་འབྲས་བུ་གསོ་བ་ནི། །རྩ་བ་མ་ཕྱུང་ལོ་མ་ཅན་[བཅད་]དང་འདྲ། །རྒྱུ་ཉིད་གྲོལ་ན་འབྲས་བུ་ག་ལ་འབྱུང༌། །ཁོང་ནད་ཐམས་ཅད་མ་ཞུ་བསྐྱེད་ཕྱིར་ན། །མ་ཞུའི་གསོ་དཔྱད་འདི་ལ་མཁས་པར་གྱིས།  །སྤྱིར་ན་མ་ཞུས་རྒྱུ་བསྐྱེད་འབྲས་བུ་གཅོང་ནད་ལ། །གསར་པ་ལྷེན་དང་ལྕགས་དྲེག་མེ་དྲོད་མནམ་[ཉམས་]། །དུག་གཅོད་[གཅོང་]བད་ཀན་སྨུག་པོ་མཁྲིས་པའི་ནད།  །རྙིང་པ་སྐྲན་དང་སྐྱ་རྦབ་དམུ་འོར་བཞི།  གཅོང་ཞེན་ཟད་བྱེད་རྣམ་པ་ལྔ་རུ་བསྟན།  །དུག་ནད་མན་ངག་ཕྱིས་འབྱུང་གསར་པ་ལ།  །གཞན་རྣམས་བད་ཀན་སྐབས་བཞི་[བཞིན་]སྔར་བཤད་དོ།།

 གསོ་བྱའི་ནད་འབུམ་ནག་པོ་ལས་ཁོང་ནད་ཀུན་གྱི་རྩ་བ་མ་ཞུ་བ་བཅོས་པའི་ལེའུ་སྟེ་དྲུག་པའོ།།  །།



མཐའ་མའི་འདོན་ཐེངས་།: 03.01.2024 ཉིན། 4:52 PM

<< སྔ་མ།

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

ཡན་ལག་སྨན་ཁང་གཉིས་ལ་ཁ་ལོ་བ་གཉིས་ཀྱི་ས་མིག་གསལ་བསྒྲགས།

སྨན་སྦྱོར་སྡེ་ཚན་དུ་ལས་མི་གྲངས་ ༡༡ ས་མིག་གསལ་བསྒྲགས།

ཆོས་རིག་དྲུང་ཆེ་སྐུ་ཚེ་མ་ཟིན་པའི་ཡིད་སྐྱོའི་གནས་ཚུལ།

སྤྱི་ཁྱབ་འགན་འཛིན་མཆོག་གི་གསུང་བཤད།

འགྲོ་ཕན་བོད་ཀྱི་སྨན་རྩིས་ཁང་དབུ་བརྙེས་པའི་དུས་དྲན་མཛད་སྒོ་སྲུང་བརྩི།

ཞབས་ལོ་ ༤༠། ༣༠། ༢༠། ལོན་པ་རྣམས་ཀྱི་ངོ་སྤྲོད།

སྨན་རྩིས་འབུམ་རམས་པ་དང་ཉེ་བའི་འབུམ་རམས་པར་ཕྱག་ཁྱེར་བསྩལ།

ཐོན་ཟོག་ཁྲལ་འབབ་སྡེ་ཚན་གྱིས་ཆེ་བསྟོད་གནང་།

བོད་ཡིག་མིང་བྱང་ལ་འགྱུར་བཅོས་བཏང་བ།

ཅོན་ཏ་ར་སྨན་སྦྱོར་སྡེ་ཚན་དུ་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།

བརྟན་བཞུགས་སྔོན་འགྲོའི་རིམ་གྲོར་སྲོག་ཆགས་ཚེ་ཐར་བཏང་བ།

འགྲོ་ཕན་སྨན་རྩིས་ཁང་གི་མིང་དུ་བརྫུས་ཏེ་ནད་པ་བསླུ་བྲིད་བྱེད་པའི་གནས་ཚུལ།

ཁ་ལོ་བ་གཅིག་དང་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།

ཆོད་གན་ལས་མི་སྐྱེས་པ་གཉིས་དང་བུད་མེད་གསུམ་གྱི་ས་མིག་གསལ་བསྒྲགས།

ལེའུ་དང་པོ། ཀླད་དོན་གླེང་སློང་བ།