སྨན་རྩིས་དྲ་བ། - ནད་འབུམ་ནག་པོ།

ལེའུ་གཉིས་པ། རླུང་ནད་གསོ་བ།

བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 03.01.2024
ནད་འབུམ་ནག་པོ། >>

ལེའུ་གཉིས་པ། རླུང་ནད་གསོ་བ།

དེ་ནས་གསོ་བ་རིག་པ་འཛིན་པ་དཔྱད་བུ་ཁྲི་ཤེས་ཀྱིས་གསོལ་བ། ཀྱེེ་མཚོ་[འཚོ་]མཛད་སྨན་པའི་རྒྱལ་པ་ལགས། རྩ་བ་ཟབ་པའི་མདོ་གནས་གསུངས་པ་འདིས། །བདག་ཅག་རྣམས་ལ་རྒྱས་པར་བཤད་དུ་གསོལ། །དེ་སྐད་ཞུས་པས་སྟོན་པས་བཀའ་སྩལ་[བསྩལ་]པ། །རྩ་བ་འདུས་པའི་མདོ་རྒྱས་གསུངས་པ་ལས། །རླུང་མཁྲིས་བད་ཀན་འདུས་པ་བཞི་ཡིན་ཏེ། །ཐོག་མར་རླུང་གི་བཅོས་ཐབས་བཤད་པར་བྱ། །ཅི་ཕྱིར་སྲིད་པ་ཀུན་གྱི་བྱེད་པ་པོ། །རྫུ་འཕྲུལ་རླུང་ལས་མ་བྱུང་མེད་པའི་ཕྱིར། །དེ་ལས་རླུང་ནི་ནད་ཀུན་འཁྲུག་[འཁྲུགས་]པའི་རྒྱུ། །ནད་ཀྱི་སྣ་འདྲེན་འཇུག་རྡུལ་[མཇུག་སྡུད་]ཀུན་ཏུ་བྱིང་། །འཐོར་དང་ཁྱབ་པར་བྱེད་པ་ཡིན། །དངོས་པོ་རང་བརྒྱུད་[རྒྱུད་]གྲུབ་ཅིང་ནང་རིགས་མང་བ་དང་། །རྩུབ་འགྱུར་ནད་ཀྱི་སྒྱུ་[རྒྱུ་]རྩ་ཡིན་པའི་ཕྱིར། །གོ་རིམ་ཐོག་མར་ཀླུང་[རླུང་]གི་བཅོས་ཐབས་བརྟེན[བསྟན]། །རྒྱུ་དང་རྐྱེན་དང་དབྱེ་བ་རྟག་པ་[རྟགས་]བཅོས་ཐབས་ལྔ། །དང་པོ་རིང་བའི་རྒྱུ་ནི་མ་རིག་པ་ལས་བྱུང་། །ཉེ་བའི་བརྒྱུ་[རྒྱུ་]ནི་འདོད་ཆགས་དག་གིས་སྐྱེད། །མཚན་ཉིད་དྲུག་ལྡན་ཐ་མལ་རླུང་དུ་གནས། །དེའི་བླངས་[སློང་]རྐྱེན་སྲ་དང་ཁ་བ་དང་། །ནུས་པ་ཡང་རྩུབ་བསྟེན་གྲགས་[དྲགས་]དང་། །ཆགས་པས་དུག་དུབ་དང་ལྟོ་ཆགས་[ཆག་]གཉིད་[ཆག་]དང་། །ལྟོ་སྟོང་ལུག་[ལུས་]ངག་བྱ་བ་གྲགས་[དྲག་]ཤུལ་དང༌། །ཁྲག་མང་ཟག་[ཟགས་]ཏལ་[དང་]འཁྲུ་སྐྱུགས་གྲགས་[དྲག་]པོས་བཏབ། །རྒྱུན་དུ་སེར་[བསེར་]བུར་དུས་[བུས་]དང་ག་ཆད་དུས[ངུས]། །མྱ་ངན་གདུང་དང་སེམས་ལས་ཁ་ལས་ནི། །གློག་[ཀློག་]དང་སྙིང་པོ་སྨྲ་བརྗེད་[བརྗོད་]མང་བ་དང་། །བཅུད་མེད་ཁ་ཡན་[ཡེན་]ལག་ལས་གཏད་པ་དང༌། །ཤུགས་པ་བཀག་དང་ནན་གྱིས་བཙིར་བ་ཡིན[ཡིས]། །རང་སལ་[སར་]གནས་པའི་རླུང་དེ་དེས་རྐྱེན་ནས། །རང་གི་གནས་སུ་བསོག་ཅིང་འཕེལ་བར་བྱེད། །རླུང་གི་ནུས་པ་རྒྱས་སོང་ན་རྐྱེན་སློང་། །རྐྱེན་ཁ་གྲགས་[དྲགས་]ནས་བསོག་སྡོང་[གསོག་ལྡང་]དུས་ཅིག་[གཅིག་]བྱེད། །བསགས་པ་ལང་ནས་འཇུག་སྒོ་དྲུག་ལ་འཇུག །ཞུགས་ནས་རླུང་གི་རང་རྟག་[རྟགས་]སྟོན་པར་བྱེད། །(གསུམ་པ་)མི་བདེ་རླུང་རིགས་ཀྱིས་དབྱེ་བ་ནི། །གཞན་ནད་དྲུག་བཅུ་[ཅུ་]རྩ་གསུམ་འབྱུང་། །རླུང་གི་དབྱེ་བ་སྤྱི་དང་བྱེ་བྲག་གཉིས་ཏེ། །དང་པོ་སྤྱི་ཡི་དབྱེ་བ་ལ་རིགས་ཀྱི་དབྱེ་བ་དང་། གནས་ཀྱི་དབྱེ་བ་གཉིས་ལས། དང་པོ་རིགས་ཀྱི་དབྱེ་བ་ནི། གཞན་བརྒྱུད་[རྒྱུད་]ལོགས་[ལོག་]པའི་ལམ་ལ་ཞུགས་པ་ཡི། །རླུང་ན་[ནད་]ཨ་པ་ཡ་ར་[ཨ་ཝརྟ་]དང་(ད་)རྒན་གཉིས་ཕྱིར་དགྱེས་[དགྱེ་]ནང་འགུགས། འགྲམ་པ་ཉམས་པ་དང་། ལྕེ་ལྡིབ་བྱེད་དང་། ཕྱོགས་[གཞོགས་]གཅིག་འགུག་[གུག་]པ་དང་། རྩ་འཛིན་དང་། ཕྱོགས་[གཞོགས་]་སྐམ་པ་དང་། ལུས་ཀུན་སྐམ་པ་དང་། ཤིང་རེང་[རེངས་]དང་ཡུང་བ་འཛའ་[དཔུང་འཇའ་]དང་། པི་[བི་]ཤ་རྩེ[ཙེ་]དང་། སྲ་མཐེང་[འཐེང་]དང་། བླ་རིང་ལྕེ་འཕྱང་[བརླ་རེངས་ཅེ་སྤྱང་]མགོ་དང་། ཚེར་མ་དང་། ཟུག་འཁུམ་[གཟུགས་འཁུམས་]དང་། ཁ་ལི་དང་། རྐང་རྩེ་[བརྩེ་]དང༌། རྐང་པ་ཚ་བའི་ནད་ཅེས་བྱ་བ་དང་ཉི་ཤུར་བཤད། དེ་རྣམས་མདོ་རུ་བསྡུས་ན་རིང་[རེངས་]པ་དང་འཁུམ་[འཁུམས་]པ་གཉིས། སྐམ་པ་དང་སྦོད་[སྦོས་]་པ་གཉིས། འཚོས་[འཕྱེས་]པ་དང་གཟེར་བ་དང་འཚོས་[འཕྱོས་]པ་དང་། འབོག་པ་དང་བཞི་སྟེ་བརྒྱད་དུ་བསྡུས་པའོ། །གཉིས་པ་གནས་ཀྱི་དབྱེ་བ་ནི། རང་བརྒྱད་[རྒྱུད་]གནོད་བྱ་ལ་ཞུགས་པའི་རླུང་། ལྤགས་[པགས་]པ་ལ་འགྲམ་[གྲམ]པ། ཤ་ལ་་རྒྱས་པ། རྩ་རུས་[རུ་]་རྒྱུ་བ་དང༌། རུས་པ་[ལ་]་ཞན་[ཞེན་]པ་དང་། དོན་ལ་བབས་སྣོད་པ་[དུ་]ལྷུང༌བདང་། དབང་པོ་ལྔ་ལ་མེ་ཏོག་ཤར་བའོ། དེ་ལ་ཉི་ཤུ་རྩ་བརྒྱད་ཡོད་དེ་འཇུག་པ་དེ་ལ་དབྱེ་སྟེ[ན]། དང་པོ་ལྤགས་ལ་གྲམ་པ་གཅིག གཉིས་པ་ཤ་དང་ཚིལ་ལ་ཞུགས་པ་ལ་གཉིས། གསུམ་པ་རྩ་དང་ཆུ་བ་ཁྲག་ལ་ཞུགས་པ་གསུམ། བཞི་པ་ལ་རུས་པ་ཚིག་[ཚིགས་]རྐང་བཅུད་ལ་ཞུག་[ཞུགས་]པ་བཞི། ལྔ་པ་གློ་སྙིང་མཆིས་[མཆིན་]འཚེར་[མཚེར་]པ་མཁལ་མར་ཞུགས་པ་ལྔའོ། དྲུག་པ་ལ་ཟས་དང་མ་ཞུ་བ་དང་ཞུ་བའི་གནས་དང་། འཁྲིས་[མཁྲིས་]པ་དང་གནང་[བཤང་]བ་དང་། ལྕེ་[གཅི་]བ་དང་མངལ་དུ་ཞུག་[ཞུགས་]པ་བདུན། དབང་པོ་ལྔ་ནི་མགོ་མིག་རྣ་བ་སྣ་སོ་ལྕེ། ཀུན་ལ་ཞུགས་དང་ཉི་ཤུ་བརྒྱད་དུ་བཤད། མདོ་རུ་བསྡུས་ནས་[ན་]མགོ་རླུང་སྙིང་རླུང་དང་། གློ་རླུང་[མཆིན་རླུང་]ཕོ་རླུང་ལོང་རླུང་མཁར་[མཁལ་]མའི་རླུང་དང་བདུན། བྱེ་བྲག་ཏུ་དབྱེ་ན་སྲོག་འཛིན་རླུང་དང་གྱེན་དུ་བརྒྱུ་[རྒྱུ་]བ་དང་། ཁྱབ་བྱེད་དང་མེ་སྙོམ་[མཉམ་]ཐུར་སེལ་སྐྱངས་[རྐྱང་]པ་ལྔ། ལྔ་པ་བད་ཀན་མཁྲིས་པར་འདྲེས་པ་ལྔ་ལྔ་བཅུ་རུ་བཤད། །བཞི་པ་རྟགས་[བརྟག་]པའི་ཐབས་ལ་རྣམས་[རྣམ་]པ་གསུམ་དུ་བཤད། སློང་བ་རྒྱུད་[རྒྱུ་ཡི་]སྒོ་ནས་རྟག་[བརྟག་]པ་དང་། མཚན་ཉིད་རྟགས་ཀྱི་སྒོ་ནས་རྟག་[བརྟག་]པ་དང༌། ཕན་གནོད་གོམས་པའི་སྒོ་ནས་བརྟག་པའོ། དང་པོ་སློང་བ་རྒྱད་[རྒྱུ་]ཡི་སྒོ་ནས་རྟག་[བརྟག་]པ་ནི། གོང་གི་ཟས་སྤྱོད་རྐྱེན་གྱིས་བླངས་[བསླངས་]ནས་ན། རླུང་ནད་ལས་ནད་གཞན་མི་སྲིད་དེ་མེ་འབུད་བཞིན་ནོ། དེའི་ཕྱིར་དང་པོ་སློང་བ་རྒྱུ་ལ་རྟག་[བརྟག་]པ་གཅེས། གཉིས་པ་མཚན་ཉིད་རྟག་[རྟགས་]པ་སྤྱི་དང་བྱེ་བྲག་གཉིས་ཏེ། དང་པོ་རླུང་ནད་སྤྱི་ཡི་རྟག་[བརྟག་]པ་ནི་རྩ་ནི་སྟོང་ལ་རྒྱས་[རྐྱལ་]པ་དང༌། ཆུ་ནི་སྔོ་ལ་སྟོང་[དྭངས་]ལ་ལོག་རྗེས་བླ[སླ]། འགྲོ་སྙིང་འདོད་ཁ་ཤུས་འདེབས་ཤེས་པ་ཡང་ལ་འཕྱོ། མགོ་བོ་ཟི་ཞིང་འཁོར། རྣ་བ་འུར་ལ་འཁྲོག་ལྕེ་སྐམས་རྩིང་དམར་ལ་རྩུབ། ཁ་རོ་སྐ་[བསྐ་]ལ་བྲོ། གཟེར་བ་སྤྲོ་གྲངས་[གྲང་]འདར་བྱེད། ཤ་འགུལ་ལུས་འཁྱམས་ལྐུག་ཅིང་གཟེར། རིང་[རེངས་]པ་འཁུམ་པ་བྱེད་པའམ། བྲག་ཅིག་[བྱེ་ཆག་]ཕྱིར་འབྱིན་དང་། བཀྲེས་[དཀྲིས་]པ་སྙོམས་[སྙམ་]བྱེད། འགུལ་བས་ཟུག་ཆེ་བ་དང་། སྤུ་རྩེ་[བརྩེ་]་ཕྲུམ་སེར་ཁྱེར། གཉིད་མེད་དབྱར་[གཡལ་]མང་བྱ་སྙོང་[རྨྱང་]བྱེད། སྙོང་[རྐྱོང་]འདོད་ཚིག་པ་ཟ། སྤྱི་སྐབས་[དཔྱི་རྐེད་]དང་རུས་ཚིག་[ཚིགས་]མ་ལུས་བརྡུང་པ་ལྷམ་[སྙམ་]བྱེད། ལྷག་པར་བྲང་དང་མུར་འགྲམས་[འགྲམ་]དུ་ཟུག་ཅིང་གཟེར། རླུང་གསང་དྲུག་བདུན་ཁ་ཕྱེ་མ་གནན་ན། སྟོང་སྐྱུགས་བྱེད་ཅིང་ཐོ་རས་སྤུ་སོགས་ལུས་[རངས་ལྦུ་སོབ་ལུ]། སྦོ་འཁྲོག་བྱེད། དགོས་[དགོང་]ཀ་དང་ཐོ་རས་[རངས་]ཞུ་རྗེས་ལ་ནད། གཉིས་པ་བྱེ་བྲག་གི་རྟག་[བརྟག་]པ་ནི། སོ་སོར་རྟག་[བརྟག་]པ་དང་མདོར་བསྡུས་སུ་རྟག་[བརྟག་]པ་གཉིས་ཏེ་དང་པོ་ནི། རླུང་གིས་དགུ་བོར་བསྡུས་པའི་[ཏེ་]མཁུན་ཅིང་དྲན་མེད་མིག་ཧར་འཛུམ་མི་ཤེས། དབུག་[དབུགས་]ཕྱིར་འབྱེད་[འབྱིན་]པ་ཀ[དཀའ]། དེའི་མིང་ནི་ཨ་པ་ཏ་ནའི་[ཨ་ཝརྟ་ནའི་]རླུང་། ཁྲག་ཟད་རྗེས་ལས་[ནས་]བྱུང་ན་སོས་པ་དཀའ། ད་རྒན་ཕྱིར་དགྱེ་ནི་བྲང་འབུར་གཉའ་བ་བརྡུངས[བསྟུངས]། ལྟག་པ་དགྱེ་སོ་འཆའ་རྦུ་[ལྦུ་]བ་བཅུག[སྐྱུགས]། མགོ་དང་འབྲམ་[འགྲམ་]པ་རྒྱབ་ན། སྐད་མི་འབྱིན། མིག་ཧར་དབྱལ་[གཡལ་]འབྱུང་རྩིམ་[རྩིབ་]ལོག་[ལོགས་]གཉིས་གཟེར། ད་རྒན་ནང་འགུག་[གུག་]ནི་སོ་འཆའ་ལ་[བ་]སོགས་ན་ཚུལ་གོང་དང་འདྲ་ལ། ཀེ་བརྡུང་[སྐེ་བསྟུངས་]ཏེ་རོ་སྟོད་འབུར། འགྲམ་པ་ཉམས་ནས་འཐབ་[འཐམས་]ནི་མི་འབྱེད་མི་ཤེས། འཕྱང་འབྱེད་ཉམས་ནས་འཛུམས་[འཛུམ་]པ་དང་སྨྲ་མི་ཤེས། ལྕེ་ལྡེབ་[ལྡིབ་]ནས་བཟའ་བཏུང་དང་སྨྲ་དཀའ། ཁ་ལྐུག་ལྕེ་ལྡེབ་[ལྡིབ་]ཅིང་འཐན[འཐེན]། གཞོགས་གཅིག་འགུག་[གུག་]་པ་ནི། ཁ་གདོང་ཡོ། མགོ་འདར། ཚིག་མི་ཐོན་པར་འཐོག །མིག་རེངས་འཛུམ་མི་ཤེས། དྲན་པ་ཉམས། གཉིད་ལོག་པ་འོང་། ཁ་[རྩ་]འཛིན་རླུང་ནི་རླུང་ཁྲག་སྤྱི་བོར་[བོའི་]རྩར་ཞུགས་ཏེ། ནད་ཚབ་གྲགས་[ཚབས་དྲག་]་ལ་སྤྱི་གཙུག་ཤ་མདོག་ནག །གཞོག་བྱེད་[གཞོགས་ཕྱེད་]སྐམས་པ་[པའི་]རླུང་ནི། ཚོར་བ་མེད་བྱ་བ་ཉམས། ཅིས་[ཅི་]ཡང་བྱེད་མི་ཤེས། ལུས་ཀུན་སྐམས་པ་ནི། ལུས་ཐམས་ཅད་དེ་དང་འདྲ། ཤིང་རིངས་[རེངས་]ནི་ཀ་ལགས་[རྐང་ལག་]གཡའ་ལུང་[ལ་]རིངས་[རེངས་]པ། དགྱེས་[དགྱེ་]དགུ་མི་ཤེས་ཤིང་སྟ་རིང་[ལྟར་རེངས་]། དཔུང་འཛའ་[འཇའ་]ནི། འཕྲག་[ཕྲག་]པར་རླུང་ཞུགས་པས་འདེག་[འདེགས་]མི་ཤེས་བྱ་བ་ཉམས། བི་ཤ་རྩ་[ཙེ་]ནི་ལག་པོར་[སོར་]བྱ་བ་ཉམས། པྲ་འཐིང་[སྲ་འཐེང་]ནི་བླ་[བརླ་]ནང་གི་ཆུ་བ་ལ་ཞུགས་ནས། འགྲོ་དུས་ལུས་འདར། ཚིག་འཚོམ་[ཚིགས་མཚམས་]ལྷོད་ཅིང་འཁྲུལ། རྐང་པ་འཕྱོས། བླ་རིང་[བརླ་རེངས་]ནི་མ་ཞུ་བས་བད་རྐན་[ཀན་]ཚིལ་འཕེལ་ཏེ་བླ་[བརླ་]ནང་གི་རུས་རྩ་ལ་ཞེན་པས། གྲངས་[གྲང་]ཞིང་ཚོར་བ་མེད་ནས་བྲེམ་བྲེམ་[བེམ་བེམ་]བྱེད། འདེག་[འདེགས་]པ་དཀའ་ལྕེ་[ལྕི་]བ་འོངས། རླུང་ཁྲག་པུས་མོར་ཞུག་[ཞུགས་]པར་སྦམ་[སྦོམ་]པོ་[པོར་]སྐྲངས། ལྕེ་འཕྱང་[ཅེ་སྤྱང་]ཟེས་བྱའོ། ལོང་མོར་ཞུག་[ཞུགས་]པས་རྐང་(པ)རིང་ཐུང་མི་སྙོམས་པར་ནོད་[སྨད་]བཤལ། རླུང་ནད་འཚེལ་[ཚེར་]་མ་ཡིན། གཏིང་ཆུང་[རྟིང་ཆུར་]ཞུག་[ཞུགས་]ནས་ཆུ་བ་འདུས་པས། བྱིན་པ་རིང་[རེངས་]ཤིང་ན། གཟུགས་འཁུམས་ཡིན། གཟུགས་རྐང་པར་འཁུམ་པ་དང་ལགས་[ལག་པ་]བར་ཤ་ཙེར་[བི་ཤ་ཙེ་་]གཉིས་པ་[ཀ་]འདོམས་པས་རླུང་ནད་ཁ་ལིར་བཤད། རྐང་པ་རྩེ་[བརྩེ་]ཞིང་ཙག་ཙག་བྲེད[བྱེད]། དེ་ནི་རྐང་རྩེ་[བརྩེ་]ཞེས་བྱ་སྟེ། རྐང་ཚ་བྱ་བ་ནི་རྐང་པ་དང་དྲོད་ཆེ་ཁྱོད་[ཁྱད་]པར་འགྲོ་ཚེ་ཚ། གཉིས་པ་བྱེ་བྲག་མདོ་རུང་[རུ་]བསྡུས་པའི་རྟག་[བརྟག་]ཐབས་ནི། ལུས་པོ་སྤྱི་ཡི་རྐང་ལག་རྣམས་རིང་འབུམ་[རེངས་འཁུམས་]དགྱེ་རྒུ་[དགུ་]བརྐྱང་སྐུམས་[བསྐུམ་]མི་ཤེས། སྐམས་པ་ནི་ཚོར་མེད་བྱ་ཉམས་ཤ་ལྤགས་[པགས་]འབྱར་བར་བྱའོ། སྦོས་པ་ནི་གཡོ་ཞིང་དྲང་[སྐྲངས་]པ་འཕེལ་འབྲི་བྱེད་པའོ། །འཕྱེས་པ་ནི། སྨད་བཤལ། རྐང་པ་ལྗི་[ལྕི་]ལ་བེམ་བ་ནི[ན]། གཟེར་བ་ནི། དཀར་ཟུགས་དུ་[གར་ཟུག་ཏུ་]ནད་གྲག་[དྲག་]པོ་འོང་། ངེས་མེད་དུ་འཕྲོ་[འཕོ་]ཞིང་སྤྲོ། འཕྱོས་པ་ནི་གཉིད་སངས་སྨྲ་བ་མང་། འབྲོས་རྒོད་[བྲོ་དགོད་]བྱེད་དོ། །ལྐུགས་པ་ནི་སྟབས་[སྟོབས་]དང་དྲན་པ་ཉམས། སྨྲ་མི་ཤེས་པའོ། །གནས་དང་སྦྱར་བའི་རྟག་[བརྟག་]པ་ནི། རླུང་་ལྤགས་[པགས་]པར་གྲམས་པ་ནི། ལྤག་[པགས་]པ་གས་པ་སྙམ་བྱེད་རེགས་[རེག་]པ་རྩུབ་ལ་བརྩེ་བ་ཡིན། ཤར་ཞུག་[ཞུགས་]པ་ནི། གར་བཞུགས་[ཞུགས་]པ་དེ་ཕྲངས་[སྐྲངས་]རྩུབ་མདོག་འགྱུར། འབུམ་[འབྲུམ་]པ་འབྱུང་། ཚིལ་ལ་ཞུགས་ན་ཡི་ག་འཆུས། ལུས་སྐྲངས་སྨན་[རྨེན་]བུ་བསྐྱེད་པར་བྱེད། རྩར་ཞུགས་རྩ་དེ་སྟོང་ལ་སྦོམ་པོར་སྲངས[སྐྲངས]། ཁྲག་ཞུག་[ཞུགས་]གཉིད་ཆེ་རྣམས་རྩ་དམར། ཤ་མདོག་མི་སྡུག ཆུ་བར་ཞུག་[ཞུགས་]པ་ཞ་འཐིང་[འཐེང་]བར་བྱེད། རུས་ཞུགས་ཟུག་ཆེ་ཤ་སྐམས་ཉམ་སྟོབས་མཛད[འཛད]། ཚིག་[ཚིགས་]ལ་ཞུགས་ན་རོ་བསྟོད་[སྟོད་]སྦོས། བསྲང་ནད་[སྐྲངས་ནས་]ད་རྒན་ནད་དུ་འགྱུར། རྐང་ཞུགས་གཉིད་མེད་བསྲིང་[དཀྲིས་]སེམས་བཙིར་ན་བདེ། ཁུ་བར་ཞུག་[ཞུགས་]པ་རྐམ་[སྐམ་]མམ་མདོག་འགྱུར་ལུགས། སྙིང་ཞུག་[ཞུགས་]སྟོད་གང་བཤུས་[ཤུས་]འདེབས་ཤེས་པ་འཕྱོ། གློར་ཞུགས་བྱེད་ཁྲོམ་[ལུད་པ་]མི་ཁོམ་[ཁོགས་]ལྦུ་སོགས་[ལྦུ་བ་]ལུ། མཆིན་ཞུགས་བཀྲེས་དུས་དབྱལ་[གཡལ་]མང་འཕྱོང་འཕྱང་ན། མཆེར་གཞུགས་[ཞུགས་]ལུས་བསྲངས་[སྐྲངས་]སྦོས་འཁྲོགས་[འཁྲོག་]མཚེར་བཏིང་ནི[སྟེང་ན]། མཁལ་ཞུགས་མཁལ་རྐེད་ལྷང་ལྷང་ན་ཞིང་ན་[རྣ་]བ་ན[འོན]། ཟས་ལ་རླུང་ཞུག་[ཞུགས་]ཁ་ཟས་ཟོས་རྗེས་ན། མ་ཞུའི་གནས་ཞུགས་སྒྲེགས་སྐྱུགས་ཡི་ག་འགག ཕོ་བ་སྦོས་འཁྲོག་སྐོམ་དད་ཆེ་བ་དབུག་[དབུགས་]མི་བདེ། མ་ཞུ་བའི་གནས་ལ་ཞུག་[ཞུགས་]ན་རྒྱུ་ལོང་སྦོས་འཁྲོག་བྱེད་ཅིང་གཟེར། གཤང་[བཤང་]ལམ་འགག ཆུ་སྲི་སྐད་[རྐེད་]པ་འཛུག་དོ་[མཇུག་ཏོ་]རོ་བསྟོད་[སྟོད་]ན། མཁྲིས་ཞུགས་སྦོབ་[སྦོ་]གཟེར་འཇུག་དཀར་[འཇུ་དཀའ་]མིག་སྤྲིན་སེར། གཤང་[བཤང་]པར་ཞུགས་ན་རླུང་མཁྲིལ་[འཁྱིལ་]གཏུག་[རྟུག་]པ་སྐམ། ཡང་ན་སྒྲ་འགྲོག་བཅས་པར་འཁྲུག་[འཁྲུ་]གཅིན་ཞུགས་རྐང་[ལྒང་]པ་བསིལ་ཆུ་ཁ་བསྙི་[སྙི་]འམ་སྲི། མངར་[མངལ་]དུ་ཞུག་[ཞུགས་]ནས་འབུར་འགྲིམ[འདྲིལ]། མངལ་ཁྲག་སྡོམ་མམ་འཛག་འགོར་[མགོར་]ཞུག་[ཞུགས་]ན་མགོ་བོ་འཁོར་ཅིང་། འགྲོ་བ་དང་ཤེས་པ་འཁྱོམ། གཏད་མི་ཚུགས། དམིག་[མིག་]ཞུག་[ཞུགས་]ཚ་དམར་བླུག་[ལུག་]པ་སྙོམ་[སྙམ་]བྱེད། སེར་[བསེར་]བུ་གནོད། སྣ་[རྣ་]བར་ཞུག་[ཞུགས་]པ་འུར་འཁྲོག་སྟོང་སྙོམ་[སྙམ་]བྱེད་ཅིང་གཟེར། སྣར་ཞུགས་སྣ་འགག་ཆུ་འཛག་དྲི་མི་ཚོར། སོར་ཞུགས་པ་ཐམས་ཅད་བེར་བ་ལང་བ། ན་ཞིང་བསྲངས[སྐྲངས]། ལུས་ཀུན་ལ་ཞུག་[ཞུགས་]པ་ནི། ཀུན་ཁྱབ་སྤྱི་ཡི་རྟག་[རྟགས་]དང་འདྲ། མདོ་རུ་བསྡུས་པའི་གནས་ལ་རྟག་[རྟགས་]པ་ནི། མགོར་ཞུག་[ཞུགས་]མགོ་འཁོར་ལ་སྣ་[རྣ་]བ་འུར། སྐྱུག་ལོག་ཕྱི་ཡུལ་འཁྱོམ་ཅིང་ལང་ན་འགྱེལ། སྙིང་རླུང་ནི་ལུས་འདར། སྟོད་རྒྱང་[རྒྱངས་]ཤེས་པ་འཁྲུག[འཁྲུལ]། སྨྲ་བ་འཆལ། མགོ་འཁོར་གཉིད་ཆུང་ཁ་ཤུས་འདེབས། གློ་རླུང་གཉིད་ཆུང་ལུས་[ལུད་]པ་འགོག་དཀའ། སྦུ་[ལྦུ་]ལུ། ལུས་རྒྱལ་[རྒྱངས་]སྐབས་སུ་སྐྱུག་ཅིང་ནུབ་མོ་ལུ་བ་མང་། མིག་མཆུ་སྐྲངས། མཆིན་རླུང་ནི་སྒེགས་[སྒྲེག་]ཅིང་སྟོད་གཟེར། བཤུལ་ཤ་ན། ཁ་ཟས་ཡི་གར་མི་འོང་། མིག་མི་གསལ། དགོང་དད་[དང་]ཐོ་རང་[རངས་]མཆིན་པ་འཆོང་[འཕྱོང་]། ཕོ་བ་འབྲས་བ་སྙོམ་[འབྲབ་སྙམ་]བྱེད། ཟོས་རྗེས་བདེ། ལོ་[ལོང་]རླུང་ནི། སྦོ་འཁྲོག་འཁྲུ་དང་འོག་རླུང་མང༌། མཁལ་རླུང་ནི་མཁལ་རྐད་[རྐེད་]ན་ཞིང་སྣ་[རྣ་]བ་འུར། ནང་ཚེགས་རླུང་ནད་རྣམས་[རྣམ་]ལྔ་ནད་འགྱུར་རྟག[རྟགས]། སྲོག་རླུང་ནི། ཟས་རྩུབ་པ་ཟོས་པའམ། བསྙུང་[སྨྱུང་]བར་སྡད་[བསྡད་]པ་འབབ་དྲག་ཤུལ་ལམ། ཁ་ཤུ་བཀའ་[ཤུགས་བཀག་]གམ་བཙིར་བ་འཁྲུགས་པ་སྟེ། མགོ་འཁོར། སྙིང་འཕྱོ་འཐོམ། དབུགས་སྡུད་དཀའ། མིག་[མིད་]པ་འཆག བསྟོད་[སྟོད་རྒྱུ་]ནི་རྔུ་[རྒྱུ་རླུང་འཁྲུགས་]བསྒྲེགས་[སྒྲེག་]སངས་[བྱུང་]སྐྱུག་པ་བཀག་པ་དང་། ངུ་རྒོད་གྲགས་[དགོད་དྲགས་]པ་དང་། ཁུར་པོ་ལྗི་[ལྕི་]ཞིང་བཏེག་འཇོག་མང་པས་འཁྲུག་[འཁྲུགས་]ཏེ། ལྕི་དིག་ཁ་ལྐུག སྨྲ་བ་དཀའ་སྟོབས་ཆུང་། ཁ་ཡོ་དྲན་པ་ཉམས། ཁྱབ་བྱེད་རླུང་ནི་འདྲོ་[འགྲོ་]འདུག་རྩེད་མོ་གྲག་[དྲགས་]པ་དང༌། འཇིག་[འཇིགས་]དང་ཡི་མུག་པ་དང་། ཁ་ཟས་རྩུབ་པས་འཁྲུག་[འཁྲུགས་]ཏེ། སྙིང་གཅུག་རྒྱལ་[སྤྱུགས་བརྒྱལ་]འབོག་མང་དུ་སྨྲ་བ་དང་། འགྲོ་སྙིང་འདོད་འཇིག་བཀྲ་[འཇིགས་སྐྲག་]དང་། མི་སྙེན་[སྙན་]ཚིགས་[ཚིག་]གིས་ནད་རོ་རློང་[སློང་]། མཉམ་གནས་རླུང་ནི་འཇུ་དཀའི་ཟས་ཟོས་ཉིན་གཉིད་ལོགས[ལོག]། འཁྲུགས་པས་ཕོ་བ་གྲང་ལ་ཟས་མི་ལེན། སྐྱུག་ཅིང་ཁ་ཟས་མི་འཇུ་གསུས་ཁྲག་འདྲེ། འཐུར་སེར་[ཐུར་སེལ་རླུང་]ནི་གཤང་ལྕེ་ཕྱིན་[བཤང་གཅི་ཕྱེན་]དང་ཁུ་བ་ཡི། ཤུ་བཀའ་[ཤུགས་བཀག་]གམ་བཙིར་བས་འཁྲུག་[འཁྲུགས་]ཏེ་སྨད་ཀྱི་རུས་མིག་ཁོལ། ཡན་ལག་འཁྲུག་ལ་ཆེས་[འཁྲུལ་འཕྱེས་]སམ་སྦུབ་[དབུགས་]ངན་དྲི་ཆུ་སྡེམ[སྡོམ]། དེ་དག་ལྔ་པོ་གང་ཡང་མཁྲིས་པར་འདྲེས་༼པ༽ཡིོན[ཡིས]། ཚ་བ་སྐྱེས་[སྐྱེ་]ཞིང་མིག་ཆུ་སེར་བར་བྱེད༌། བད་ཀན་འདྲེས་པས་ལུས་དང་ཤེས་པ་ལྗི་[ལྕི་]བསིལ་རྨོངས་པ་ཡིན་ནི[ནོ]། །གསུམ་པ་ཕན་གནོད་བརྟེན་[བསྟེན་]པའི་སྒོ་ནས་རྟགས་[བརྟག་]པ་ནི། ཤ་ཆང་མར་དང་བུ་རམ་དྲོད་བཅུད་བརྟེན་[བསྟེན་]པ་དང༌། མེ་དང་ཉི་མས་སྐུ་[བསྐུ་]མཉེ་བྱས་དང་འགྲང་[འགྲངས་]པའི་དུས་ན་བདེ། ཆུ་གྲང་མངར་[བ་དར་]ལོ་བཤུར་[ཤུར་]གཡེར་མ་༼ཇ༽། བཀྲེས་སྐོམ་འགྲོང་[གྲང་]དང་སྨྲ་བརྗོད་ཉལ་པོ་དང་། གཉིད་ཆག་སེམས་ལས་གྲགས་[དྲགས་]པ་བཏང་ནས་རླུང་ནད་ཡིན། དེ་ཡང་མདོ་རུ་བསྡུས་ན་དང་པོ་རླུང་ལས་[ལ་]ཟས་སྤྱོད་གནོད་པས་སླངས[བསླང་]། བར་དུ་ནད་རྟག་[རྟགས་]རྩ་སྟོང་ཆུ་སྡང་[དྭངས་]དབྱལ་[གཡལ་]འདར་འདོད་སྙོངས་[རྨྱང་]། བ་སྤུ་རྩེ་[བརྩེ་]བ་དང་སྲོད་དང་ཐོ་རང་[རངས་]དང་ཞུས་[ཞུ་]རྗེས་ན་བ་དང་གཉིས། ཐ་མ་བསིལ་སྣོད་[གནོད་]དྲོད་བཅུད་ཕན་འགྱུར་མ[བ]། ཅི་[ཇི་]ལྟར་ན་ཡང་རླུང་མི་འགྱུར་བའི་རྟགས། ལྔ་པ་བཅོས་པའི་ཐབས་ལ་སྤྱི་དང་བྱེ་བྲག་གཉིས། སྤྱི་ལ་སྤྱོད་ཐབས་བཞི་སྟེ། ཟས་དང་སྤྱོད་པ་སྨན་དང་ཐབས་ཁམས་བཞི། དང་པོ་ཟས་ཀྱི་བཅོས་ཐབས་ནི། ཟས་[ཟྭ་]དང་ཙོང་སྒོགས་[སྒོག་]ཟན་སྐམ་པོ་ལོན་རུ་ཚེ་[རུས་ཚོད་]དང༌། ལུག་དང་རྟ་བོང་འཕྱི་བ་མི་ཡེ་[ཡི་]ཤ ལོ་སོང་གཡག་ལུག་ཤ་ཡིབ་བུ་རམ་མར་བརྙིང་[རྙིང་]འབྲུ་མར་ལོ་ལེན་[ལོན་]པ་དང་། ཟན་དྲོན་འོ་མ་ཆང་དང་བུ་རམ་སོགས། དྲོ་ཞིང་སྣུམ་བཅུད་ཟས་ཀྱིས་བཅོས་པར་བྱ། གཉིས་པ་སྤྱོད་ལམ་ནི། གཡེང་བ་མེད་པ་དང་། མུན་ཁུང་དྲོ་བའི་གནས་སུ་གོས་མཐུག་པ་དང་གཉིད་ལོག་པ་དང་། སྙན་ཚིག་སྨྲ་བ་དང༌། ཡིད་དུ་འོང་བའི་བཅོད་པ་[གྲོགས་ཀྱིས་]བཅོས་པར་བྱ། གསུམ་པ་སྨན་གྱིས་བཅོས་པ་ནི། ཁུ་བ་དང་ཆང་དང་འདོན་སྦྱར་[སྦྱོར་]དང༌། ཕྱེ་མ་སྨན་མར་དང་ལྔ་སྟེ། དང་པོ་ཁུ་བ་ནི། ཀྲེང་[སྲེ་]ལོང་ལ་སོགས་རུས་བཅུད་གསུམ་གྱི་ཐང་། བཞུགས་[གཞུག་]ཆུང་བའི་རུས་ཐང་ངམ། ཡང་ན་ལྷ་བ་ཅན་གྱི་རུས་པ་སྣ་ཚོགས་བསྡུས་པའི་ཁུ་བ་ལ་སྤྱོད་[སྤོད་]བཏབ་ལ་བཏང་། རླུང་ནད་མ་ལུས་ཀུན་ལ་སྨན་པ་ཡིན། ཤ་མར་བུར་བརྙིང་[རྙིང་]ཆང་དུ་བསྡུས་པས་བཅུད་བཞིའི་ཐང་། རླུང་ནད་ཀུན་སེལ་མཆོག་ཏུ་རླུང་ཆེན་སེལ། དེ་ལ་འཛའ་[ཛཱ་]ཏི་ཁ་རུ་ཚྭ་དང་ཤིང་ཀུན་བཏབ་པ་ནི། སྙིང་དང་སྲོག་རྩར་ཞུག་[ཞུགས་]པའི་རླུང་ནད་སེལ། འུག་[ལུག་]མགོ་ལོ་གསུམ་ལུས་པའི་ཤ་རུས་ཀླད་པ་ཚེས་[ཚོས་]པར་བཙོས་པའི་བསྡུས་ཁུ་ལ། ཤིང་ཀུན་སྒ་དང་རྒྱམ་ཚྭ་ཁ་རུ་ཚར་བཏག་[བཏབ་]རླུང་ནད་ཀུན་འཇོམ་[འཇོམས་]ཁྱད་པར་འོག་རླུང་སེལ། སྒ་དང་ཤིང་ཀུན་བསྡུས་པའི་ཁུ་བ་ལ། ཁ་རུ་ཚྭ་བཏབ་རླུང་ནད་ཀུན་ལ་ཕན། ཁྱེད་[ཁྱད་]པར་ཕོ་ལོང་སྙིང་གི་རླུང་ནད་སེལ། སྒ་དང་གོ་བསྙོད་[སྙོད་]འཛའ་[ཛཱ་]ཏི་བསྡུས་པའི་ཐང༌། རླུང་ནད་ཀུན་ལ་སྨན་ཅིང་བརྟེན་[དྲན་]པ་གསལ། གཉིས་པ་ཆང་གིས་བཅོས་ཐབས་ལ། ལྕེ་[ལྕ་]བ་རམ་ཉེའི་[ར་མཉེའི་]ཟན་ཆང་ལ། གྲོ་ཡི་ཆང་ནི་བསྲིང་[བསིངས་]ནས་བཏང་ན་རླུང་ནད་ཀུན་ལ་སྨན། མཆོག་ཏུ་མཁལ་སྐད་[རྐེད་]སྨད་ཀྱི་རླུང་ལ་སྨན། རླུང་དང་བད་ཀན་ཡིན་ན་ནས་ཆང་གིས་བསྲེངས[བསིངས]། དེ་བཞིན་མར་ཆང་གྲང་རླུང་སེལ་བར་བྱེད། གཟེ་མའི་ཆང་གིས་མཁལ་རླུང་སེལ། ལུག་ཐང་[ཐོང་]ཚེར་གྱི་རུས་ཆང་གི་རུས་པའི་རླུང་ནད་སེལ། གསུམ་པ་དཀར་འདོན་ཤ་འདོན་སྐྱུར་འདོན་དང་། སྒོག་འདོན་དང་བཞི་ལ[ལས]། དང་པོ་ཙོག་ཆད་[ཙག་བཅད་]མར་ཁུས་མཚོམ་[ཚོམས་]ཕྱེ་གདབ་འོ་སྐོམས་[འོལ་སྐོམ་]སྦྱར་བས་ཞོ་[འོ་]མར་བཙོ། དེ་ལ་ལྒ་དང་བཅའ་ལྒ་བཏབ་པ། འོ་སྐྲོག་[དཀྲོག་]མར་དཀར་འདོན་རྩི་ཡིན། གཉིས་པ་ཤ་ནི། ལུག་ཤ་འོལ་སྐམས་[སྐོམ་]ཁུ་བར་སྦྱར་ནས་བཙོས་པ་ཡིན། གསུམ་པ་སྐྱུར་འདོན་ཁུག་པའི་རླུང་[གླུམ་]ཆང་ལ་ཉེ་དུ་[ཉེའུ་]བྱས་པ་འདི། མར་བརྙིང་[རྙིང་]དང་བུ་རམ་དང་ལྒ་བཏབ་པའི་ཚེས་[ཚོས་]པར་བཙོས་པ་ཡིན། བཞི་པ་སྒོག་འདོན་ནི། སྒོག་སྐྱ་ཚོས་པར་བཙོས་ལ་བསྣུར། མར་དང་རུས་ཁུ་རྒྱམ་ཚྭའི་ཕྱེ་མ་བཏབ་ལ་བཙོས། དེ་བཞིན་[རྣམས་]གིང་[གང་]གིས་རླུང་ནད་མ་ལུས་སེལ། ལུས་ཀྱི་སྟོབས་བསྐྱེད་དབང་ཤེས་གསལ་བར་བྱེད། རི་ཐང་མཚམས་ཀྱི་རླུང་ལ་བདུད་རྩི་འདྲ། བཞི་པ་ཕྱེ་མའི་སྨན་ནི། ཛཱ་ཏི་ཤིང་ཀུན་ཁ་རུ་ཚྭ། །རྩལ་[ཙབས་རུ་]ཚྭ་དང་རྒྱམ་ཚྭ་ཚ་བ་གསུམ། །ཤིང་ཚ་སེལ་[སེ་]འབྲུ་སུག་མེ་[སྨེལ་]ཨ་རུ་ར། །སླེ་ཏྲེས་སྒོག་སྐྱ་བུ་[བུར་]དཀར་བརྒྱད་འགྱུར་སྦྱར། །འཛའ་[ཛཱ་]ཏི་ཤིང་ཀུན་གང་རུང་གཅོར་[གཙོར་]བཏང༌སྟེ་ཐུན་ལོག་བྱ། །རུས་བཅུད་གསུམ་མམ་བཅུ་[བཅུད་]བཞིའི་ཁུ་བས་དབུལ། །སྟོད་སྨད་ཕྱི་ནང་རླུང་ནད་ཀུན་གྱི་རྩི། །ལྔ་པ་སྨན་མར་ནི། ཁ་རུ་ཚྭ་པི་པི་ལི་[ལིང་]ཐུན༌རི[རེ]། ཨ་རུས་[རུ་]ར་གསུམ་བཅུ[སུམ་ཅུ]། འབྲི་མར་སྦྱར་ན་རླུང་ནད་སྟོང་[སྟོད་]ལ་ཕན། སེལ་[སེ་]འབྲུ་འུ་སུ་སྒ་དང་ཙི་ཏྲ་ཀ པི་པི་ལི་[ལིང་]དང་འབྲི་མར་སྦྱར་བ་ཡིས། རླུང་རིག་[རིགས་]ཀུན་ལ་འགྲོ། མེ་དྲོད་བསྐྱེད་ཅིང་སྐེམ་པོ་རྒྱས་པར་བྱེད། སྒོག་སྐྱ་སྲངས་[སྲང་]བརྒྱད་བུ་རམ་མར་སྦྱར་བ། འབྲིང་ནས་གསེབ་ཏུ་ཞག་བཅུ་གཉིས་མནན། རླུང་ནད་མ་ལུས་སེལ་བའི་རྩི་ཡིན་ནོ། །ཛ་[ཛཱ་]ཏི་ཐུན་བཅུ་ཁ་རུ་ཚ་བ་བཞི། ཤིང་ཀུན་གཅིག་ལ་ཨ་རུ་ར་ཉི་ཤུ་རྩ་ལྔ་བསྡུས། འབྲི་མར་སྦྱར་ལ་རླུང་ནད་མ་ལུས་སེལ། དེ་བཞིན་བཙན་དུག་རུས་ཆེན་ནམ། འབྲས་བུ་གསུམ་མམ། རྩ་བ་ལྔ་ཡི་སྨན་མར་དེ་ལྟར་སྦྱར་བར་བྱ། སྤྱད་[དཔྱད་]དུ་མར་བརྙིན་[རྙིང་]དྲོད་ཀྱི་འཇམ་རྩི་བཏང༌། ཨ་རུ་ར་དང་སྒོག་སྐྱ་རྒྱམ་ཚྭ་དང༌། ཞུན་མར་སྦྱར་བའི་རེས་[རེང་]བུས་སྨད་རླུང་སེལ། བད་འཁྲིས་[མཁྲིས་]ནད་ཀྱིས་གེག་[གེགས་]བྱས་ནས་[ན་]སྣུམ་ལྡན་འཇམས་[འཇམ་]པ་སྟེ། འོ་མ་དན་དྷེ་[ད་]བསྐོལ་བའམ། བཤལ་སྨན་གྱི་མར་ཁུས་སྦྱངས། འབྲུ་མར་བརྙིང་[རྙིང་]པས་ལུས་ཀུན་བྱུག་ལ་བསྙེ[མཉེ]། དེ་ལྟར་སྣུར་ཆོས་[སྣུམ་འཆོས་]བྱས་པ་དུག་གི་[དུགས་ཀྱིས་]གཟེར་དང་རྩེ་[བརྩེ་]བ་འཇོམ[འཇོམས]། རིང་འཁུམ་[རེངས་འཁུམས་]ལ་སོགས་ཅི་ལྟར་འདོད་པ་གྲོལ། སྟོབས་འཕེལ་དྲོད་འབར་སྐེམ་པོ་རྒྱས་པར་བྱེད། བད་མཁྲིས་ལ་སོགས་འདྲེས་ན་སྣུམ་ཆོས་[འཆོས་]རྐྱང་པ་བྱ། ནང་སྨན་གདམ་[གདམས་]པ་ཡིན། སྤྱི་གཙུག་ཨོན་དོང་ཚིག་[ཨན་སྟོང་ཚིགས་]པ་དང་པོ་དང༌། དྲུག་བདུན་བཅུ་དྲུག་དཀར་ནག་མཚམས་རྣམས། རླུང་གསང་ཡིན་པས་བསྲེགས། དེ་ལྟར་ཟས་སྤྱོད་སྨན་རྣམས་བསྟེན་མཁས་ན། རླུང་ནད་མ་ལུས་འཇོམས་པའི་རིགས་པ་ཡིན། གཉིས་པ་བྱེ་བྲག་ཏུ་གསོ་བ་ལ། རིགས་ཀྱིས་བཅོས་དང་གནས་ཀྱི་སྒོ་ནས་བཅོས། ནང་གི་རླུང་གི་སྒོ་ནས་བཅོས་པ་གསུམ་སྟེ། དང་བོ་རླུང་ནད་རིགས་ཀྱི་སྒོ་ནས་བཅོས་པ་ལ། ཨ་པ་ཏ་[ཨ་ཝརྟ་]ལ་སྣུམ་དུག་[དུགས་]བྱས་པའི་རྗེས། སྣ་སྦྱོངས་སྤྱི་ལྟར་བཏང་བས་ནམ་ཚོང་ཡན་ཆད་ཀྱི། རྣོ་བས་དབུག་རུའི་[དབུགས་རྒྱུའི་]བུ་ག་བསལ། དེ་ཡི་རྗེས་ལ་རྒྱ་ཤུག་འོ་མ་ཞེས[ཞོ]། ལུག་ཤ་མར་ཁུ་མར་བསྐོལ་བའི་དང་[དྭངས་]མ་སླུད[བླུད]། །རྒྱ་ཤུག་ཐང་ཤིང་ཀླེ་[སླེ་]ཏྲེས་རྩ་བ་ལྔ། །རུ་ཏ་[རྟ་]སྒ་སྤྲོས་[སྤོས་]ཀན་དྷ་མ་རུ་[ཀཎྜ་ཀ་རི་]དང༌། །ལུག་གི་ཤ་ཁུ་འོ་མ་བུ་རམ་ཙམ[རྩབས]། །སྣུམ་ཞིང་[བཞི་]བསྐོལ་བའི་མར་དེས་བྱུག་པ་དང་། །བདུག་དང་སྣ་སྨན་འཇོ་[འཇམ་]རྩིར་བཏང༌། །ཆུ་དང་སྦྱར་བའི་[བ་]སྲེས་[བསྲེས་]པའི་ནང་དུ་བཅིངས[བརྫངས]། །རླུང་དེ་ལ་བད་ཀན་འདྲེས་ན་སྙིང་ཀ་དང༌། །རྩིབ་རྒྱབ་ལོག་[ལོགས་]ན་གཡེར་མ་ཨ་རུ་ར། །ཤིང་ཀུན་རྒྱ་ཚ་ཤིང་ཚ་ཁ་རུ་ཚ། །མ་ནུ་ནས་སྦྱར་ཁ་བ་སྦྲང་སྦྱར་སླུད[བླུད]། །ཤིང་ཀུན་བཅབ་ལྒ་[བཅའ་སྒ་]སེལ་[སེ་]འབྲུ་ཁ་རུ་ཚ། །རུ་ཏ་[རྟ་]བསྐོལ་བའི་ཁུ་བ་བླུད་པར་བྱས[བྱ]། །མཁྲིས་པ་འདྲེས་ན་སྣ་སྨན་དང་ཁྲུས་ཀྱིས་སྦྱངས་གཏར་ཁ་བྱ། སྒན་[ད་རྒན་]ཕྱིར་དགྱེ་ནང་འགུག་[གུག་]ཕལ་ཆེན་[ཆེར་]ཞག་མ་བཅུ་ན་འཆི། འགྲམས་[འགྲམ་པ་]ཉམས་དང༌ཕྱོགས་གཅིག་འགུག་[གུག་]པ་དང་དཔུང་པ་ཞ་བ་ལ། རྒྱ་ཤུག་ཐང་ལ་སོགས་གིས་[ཀྱིས་]བྱུག་བདུག་དང་སྣ་སྨན་འདུས་སྤྱི་བྱ། སྣ་སྨན་ཏ་[བརྟ་]བ་བཏང་ཞིང་སྤྱི་མོ་[བོ་]དང༌། དམིག་[མིག་]དང་སྣ་[རྣ་]བ་ཏིལ་མར་གྱིས་བཀུ་[བསྐུ་]ཞིང་འགང་[དགང་]། བསྲངས་[སྐྲངས་]ནད་སྐྱུག་འདྲེན་བཏང་། དམར་ཞིང་ཚ་མར་[ན་]གཏར་ཁ་གཏབ[གདབ]། བླ་རིང་[བརླ་རེངས་]མ་ཞུ་བད་ཚེ་[ཚིལ་]སྐྱེས་པའི་ཕྱིར། དེ་ལ་སྣུམ་ཚེས་[འཆོས་]སྤྲང་[སྤངས་]ལ་རྩུབ་ཆས་[འཆོས་]བྱ། གྲུམ་བུ་ལ་ཡང་ལི་ཡི་སྦྱར་བ་སྟེ། ནས་དཀར་པོ་[སོ་]བ་བསད་གཟན་[སྲེ་ཟན་]རི་དགས་[དྭགས་]ཤ སྦྲང་རྩི་སྒུག་ཚབ་[སྐྱུར་རྩབས་]ཚོད་མ་ཚད་[ཚྭ་]མེད་སྦྱིན། འབྲས་བུ་གསུམ་དང་ཙ་བ་པི་པི་ལི་[ལིང་]། ཧོང་ལེན་སྦྲང་དང་སྦྱར་བའི་དེའི་[ལྡེ་]གུ་བཏང༌། རྩ་བྱོ་[ཙ་བྱ་]ཙི་ཀྲ་[ཏྲ་]ཀ་དང་ཨ་རུ་ར། སྒྲོན་ཤིང་སྦྲང་རྩི་སྦྱར་བའི་འདི་[ལྡེ་]གུ་བཏང༌། གུ་ཁུན་[གུལ་]བྲག་ཞུ་[ཞུན་]ཨ་རུ་ར་དང་། དེ་རྣམས་ཀུན་དང་བོང་སྙམས་[བོངས་མཉམ་]སྤྲོས་[སྤོས་]དཀར་རྣམས་དང་བ་གཅིན་བླུད། བླ་[གླ་]སྒང་ཙི་ཏྲ་ཀ་དང་ཚ་བ་གསུམ། །གུ་ཁུལ་[གུལ་]འབྲས་བུ་གསུམ་དང་བྱི་བཏང་[ཏང་]ཀ། ཚ་སྙམས་[ཆ་མཉམ་]ཕྱེ་མས་ཚིག་བ་[ཚིལ་]དང་བད་ཀན་སེལ། །ཀ་རན་ཛ་[ཀ་རཉྫ་]དང་ཉུང་དཀར་བ་གཅིན་བྱུག། ཚིལ་དང་བད་ཀན་ཟ་[ཟད་]བྱའི་གྲགས་[དྲག་]ཤུལ་ལས་རྣམས་བྱ། གཟུག་ཁུམ་སྲིན་མཐོང་མི་ཤ་རྩེ་[གཟུགས་འཁུམས་སྲ་འཐེང་བི་ཤ་ཙེ་]སོགས་ལ། ར་སྣ་མུ་[མཱུ་]ལ་བཏང་ཏྲ་[དོང་གྲ་]ཙི་ཏྲ་ཀ །པི་པི་ལིང་དང་ཟུར་པ་མ་ནུ་ཡི། །ཕྱེ་མ་མར་བསྐོར་[བསྐོལ་]ཁོང་དུ་བཏང་། ཐོག་[ཐོགས་]པ་མེད་པར་་འགྲོལ་[འགྲོ་]ནུས་འགྱུར། བི་ཤ་རྩེ་[ཙེ་]དང་གཟུགས་འཁུམས་གར་ཡོད་དངོས[ངོས]། འཐེབ་[མཐེའུ་]ཆུང་སྲིན་ལགས་[ལག་]རྒྱབ་ཀྱི་བརྒྱུད་[རྒྱུས་]པ་འདི། སེར་པོ་སྣལ་མ་འདྲ་བ་གཅིག་ཡོད་པ་དེ། ཁབ་ཀྱིས་བཏེགས་ལ་བཅད། སྲན་འཐེབ་[སྲ་འཐེང་]མགོ་ལྕེ་[ཅེ་]སྤྱང་ལ་སོགས་ཕྱེ་[ཕྱི་]མའི་རླུང་རྣམས་ཀུན། རྒྱུ་ལ་[ལས་]མིང་བཏག་[བཏགས་]པ་རྣམས་སྣུམ་དུག་[དུགས་]གཏར་བ་དང་། སྦྱངས་པ་བྱུག་པ་ལ་སོགས་ཅི་རིགས་བྱ། རྒྱ་སྤོས་རུ་ཏ་[རྟ་]སུག་སྨེ་[སྨེལ་]ཆུ་དག་སྲངས་[སྲང་]རེ་དང་། ཙན་འདན་[དན་]དམར་པོ་རྡོ་གྲེགས་[དྲེག་]སྤང་སྤོས་དང༌། ཤུག་[ཤུ་]ཏི་ཏིལ་མར་ཀ་ར་བསྲངས་[སྲང་]བཅུ་བརྒྱད་རེ་སྦྱར་བའི་མར། རྩ་འཛིན་ཤིང་རེན་[རེངས་]སྲན་མཐིང་[སྲ་འཐེང་]ལ་སོགས་པའི། རླུང་ནད་ལྷག་མ་མ་ལུས་འཇོམ་[འཇོམས་]པར་བྱེད། སྨྱོ་བྱེད་སྲན་[སྐྲན་]དང་རླིག་རླུག་[རླུགས་]སེལ་བར་གྱུར། གཉིས་པ་གནས་ཀྱི་སྒོ་ནས་རླུང་ནད་བཅོས་པ་ནི། ཤ་དང་ལྤག་[པགས་]ལ་ཞུགས་པའི་རླུང་ནད་ལ། རླུང་འཇོམས་སྨན་གྱིས་སྐུ་[བསྐུ་]སྙེ་[མཉེ་]བྱུག་དུག་[དུགས་]བྱ། ཚིལ་ཅིག་ཞུག་[ཞུགས་]པ་ལ་བླ་[བརླ་]རིགས་[རེངས་]བྱུག་[ཕྱུག་]པོའི་རླུང་ལྟར་གསོ། རུས་དང་རྐན་[རྐང་]ཞུགས་སྣུམ་དུག་[དུགས་]བྱ་བ་དང༌། སྣུམ་བཞི་ཟད་[བཟའ་]དང་བྱུག་དང་འཇོམ་རྩིར་བཏིང་[འཇམ་རྩི་བཏང་]། བཅུད་ལ་རླུང་ཞུག་[ཞུགས་]རོ་རྩལ་[ཙ་]གསོ་ཐབས་བྱ། རྒྱུས་པ་ཚིག་[ཚིགས་]དང་རྩར་ཞུགས་སྣུམ་དུག་[དུགས་]བྱ་བ་དང་། ཆུ་བ་འཁུ་[འཁུམས་]ལ་མོན་སྲན་རྔེའུ་[དྲེའུ་]དང༌། རྒྱམ་ཚྭ་ཏིལ་མར་སྦྱར་ཏེ་བཀོར་[བསྐོལ་]བ་བྱུགས། དོན་འབབ་སྙིང་རླུང་ཤིང་ཀུན་གསུམ་ཐང་ལ། སྒ་དང་ཁ་རུ་ཚ་རྣམས་བཏབ་བ་[ལ་]བཏང་། འབྲུའི་[འབྲས་]བུའི་སྨན་དང་སྨན་མར། སྨན་ཆེན་སྦྱར། ཁྲག་ལ་རླུང་ཞུག་[ཞུགས་]དང་པོ་སྣུམ་ཆོས་[འཆོས་]བྱས་ནས་རྗེ་[རྗེས་]ལ་གཏང་[གཏར]། ཁྲག་ཟད་[ཟགས་]རྗེས་ན་ཡན་ལག་ཚོར་བ་མེད་པ་ལ། དུད་པ་རྒྱ་ཚྭ་ཏིལ་མར་སྦྱར་བས་བྱུ[བྱུག]། གློར་ཞུགས་ལྟར་[སྟར་]བུ་བཞི་པའི་ཕྱེ་མ་དང༌། ཨ་རུ་ར་དང་འབྲིང་[འབྲི་]རྐང་སུར་ཕུག་སྨན་མར་སྦྱར། མཆིན་པ་ལ་ཞུགས་ན། བུར་དཀར་ཏིང་ཁྲོལ་སྤོད་བྲན་མཆིན་པ་མར་དུ་བཅོས་[བཙོས་]པ་ལ་བཏབ་ལ་བཏིང་[བཏང་]། འཚེར་[མཆེར་]པ་ལ་ཞུགས་ན། ཚ་བ་གསུམ་དང་ཞུན་མར་སྦྱར་ལ་བཏང་། མཁལ་མ་ལ་ཞུགས་ན། རྩ་བ་ལྔ་དང་འོ་མ་དང་བཟའ་[གཟེ་]ཆང་སྦྱར་ལ་བཏང་། དོན་ལྔ་གོང་[གབ་]ན་རྒྱབ་ཀྱི་ཚིགས་པའི་རླུང་གསང་བསྲེག །ཟས་དང་མ་ཞུ་བའི་བར་དུ་རླུང་ཞུགས་ན་སྐྱུགས་སྨན་བཏང་། ཚ་[ཚྭ་]སྣ་དང་འཇུ་བྱེད་ཚ་བའི་ཟས་སྨན་སྐྱེད་བྱེད་སྦྱར། ཞུ་རྗེས་སུ་རླུང་བསྙོམས་[སྙོམས་]འཇམ་རྩི་དང་། ཟས་ཀྱི་སྔོན་དུ་དང་པོ་ཞུན་མར་བཏང༌། མཁྲིས་པ་ལ་ཡང་ཞུགས་ན། དྲོད་བསྐྱེད་བཤལ་དང་མེ་བཙས་བཅས[བཅོས]། མཁྲིས་གསང་ལ་རྒོད་མ་ཁ་བྱེ་རྒྱམ་ཚའི་རིགས་གསེར་གྱི་མེ་ཏོག་བཏང་། མངལ་དུ་རླུང་ཞུགས་མོ་ནད་བཅོས་དང་ཅིག །གཤང་[བཤང་]པར་ཞུགས་ད་དྷེ་[དནྡའི་]མར་གྱིས་སྦྱར་ལ་འཇམ་རྩི་བཏང༌། གཅིན་ཞུག་[ཞུགས་]སྣུམ་ལྡན་དུག་ང་[དུགས་དང་]ཆུ་སྨན་སྦྱར། མགོར་ཞུགས་བྱུགས་པ་མེ་བཙའ་མགོ་ཁྲོལ་བསྟེན། རྣ་བར་ཞུགས་ན་དུག་[དུགས་]བྱ་ཞུག་[ཞུན་]མར་གྱིས་བཀང་། མིག་དང་སྣར་ཞུགས་ཞུན་མར་དྭངས་མ་བླུག །ཡལ་[སོར་]ཞུགས་ན་རུས་དུགས་དང་། འཕར་བའི་རྩ་ལ་མེ་བཙའ་དང་བཅུད་བཞིའི་ཐང་བཏང་། དབང་པོ་ཀུན་ལ་ཤིང་མངར་འུ་སུ་དང་། འབྲུས་ཡི་[འབྲས་བུའི་]སྨན་མར་མཆོག་ཏུ་བསྔགས་པ་ཡིན། ལུས་ཀུན་ལ་ཞུགས་ནས་[ན་]སྤྱི་བཅོས་བྱས་པས་ཕན། གསུམ་པ་ནང་ཚིགས་[ཚེགས་]རླུང་ལྔའི་དགོས་[སྒོས་]བཅོས་ལ། སྲོག་འཛིན་རླུང་ལ་ཏིལ་མར་བུ་རམ་དགུ་[བསྐུ་]མཉེ་བྱ། སྣ་སྨན་འཇམ་པོ་ཞུན་མར་བཏང་ལ། རླུང་གསང་བསྲོ། ཤིང་མངར་སྤོས་དཀར་ཨ་རུ་ར་སྤོས་སྤྲོས[སྤང་སྤོས]། སྣུམ་བཞི་སྦྱར་བའི་དུ་བ་རྔུབ། གཙུག་དང་བདུད་[སྡུད་]སྒོ་བསྲོང་[བསྲོ]། སྟོད་རྒྱུ་བྲོང་[བྲང་]དང་བདུད་[སྡུད་]སྒོར་སྣུམ་གྱིས་བྱུག །སྨན་མར་རུས་ཁུ་བཏང་ཞིང་སྟོད་རྒྱུད་[རྒྱུ་]གསང་གསུམ་བསྲེགས། སྟོད་རུས་བྲང་བདུད་[སྡུད་]སྒོ་ཡིན། ཁྱབ་བྱེད་ལ་འཛའ་[ཛཱ་]ཏི་ཞོ་ཤའི་སྨན་མར་བཏང་། བུར་ཆང་ལོ་ཤ་ཤ་ཆེན་ཚ་བ་བསྟེན། མེ་ཉམས་[མཉམ་]ལ་མདུན་སྒྱབས་སུ་[རྒྱབ་ཏུ་]ཚ་བའི་དུགས་བྱ། ལྒ་དང་ཤིང་ཀུན་བསྡུས་ཐང་ཆེན་པོ་བཏང་། བཅུ་གསུམ་པ་དང་མེ་མཉམ་གསང་རྣམས་བསྲེགས། ཐུར་སེལ་རླུང་ལ་འཇམ་རྩི་དང་བཀུ་[བསྐུ་]མཉེ་དང་རུས་པའི་དུགས་བྱ། དྲོད་བཅུད་ཟས་བསྟེན་བཅུ་དྲུག་མདོ་རུ་བསྲེགས། མཁྲིས་པར་འདྲེས་ལ་སྦྱོངས་དང་བསིལ་བཅུད་བསྟེན། བད་ཀན་འདྲེས་ལ་སྐྱུགས་དང་ཡང་དྲོ་སྦྱར། དེ་རྣམས་སྤྱི་རུ་བཅོས་པའི་ཐབས་ཡིན། སྤྱི་བཅོས་མདོ་རུ་བསྡུས་ནས་བཅོས་པ་ན། རིངས་[རེངས་]འཁུམས་གཉིས་ལ་སྣུམས་[སྣུམ་]འཆོས་བྱ་ཅིང་[ཞིང་]ལུམས་ཀྱིས་དུག་[གདུལ་]བྱ། སྐམས་ལ་དུགས་ལུམ་[ལུམས་]རྩ་བཤལ་ཆུ་ལུམས་བྱས[བྱ]། སྦོས་ལ་སྣུམ་འཆོས་རྗེས་ལ་བཤལ་གྱིས་སྦྱངས། (འཕྱེས་པ་)བད་ཀན་ལྡན་ལ་སྣུམ་ཆོས་ཡང་[སྤང་]ལ་རྩུབ་བཆོས་བྱ། གཟེར་བ་སྣུམ་ཆོས་དུགས་དང་མེ་ཡིས་བཅག །འཕྱོས་པ་བཅུད་བཞི་[བཞིའི་]ཐང་དང་སྨན་མར་མེ་ཐུལ་[ཐུར་]གྱིས་མནན། ལྐུགས་པ་ལ་སྣུམ་འཆོས་དང་འཇམ་རྩི་དང་། གཙུག་དང་ཨོན་ཏན་[ཨན་སྟོང་]སོར་མོ་ཉི་ཤུ་མེ་བཙའ་བཞགས[བཞག]། མགོ་རླུང་ལ་ཏིལ་མར་དང་ཤིང་ཀུན་སྣ་སྨན་བཏང༌། སྲོ་[སོ་]མ་ར་ཙ་[ཛ་]སྒོག་སྐྱ་ཁ་རུ་ཚྭ། མར་དང་སྦྱར་ལ་བྱུག་ལ་གྲོག་[གྲོད་]པས་བཏུམ་ལ་དཀྲིས་མས་བསྡམ། སྒ་དང་ཤིང་ཀུན་བསྡུས་པའི་རླུངས་[རླངས་]ལུམས་བྱས[བྱ]། སྣ་ཚོགས་རུས་ཁུ་ལོ་མ་[མར་]དང་རྩི་ཐོག་རྒྱས་པའི་མར་དང་ལུགས་[ལུག་]ཚིལ་རྐང༌། བུ་རམ་ཤ་ཁུ་སྦྱར་བ་བསླུད་[བླུད་]ལ་བྱིབས་ལ་རྔུལ་དབྱུང་བྱ། ལྟག་ཁུང་གསུམ་ཁ་དང་། ཚིགས་པ་གསུམ་པ་དང་། སྤྱི་གཙུག་འཚོག་བསྲུབ་[མཚོག་གསང་]བསྲེག སྙིང་རླུང་ཞོ་ཤ་གསུམ་དང་འབྲས་བུ་གསུམ། འབྲི་མར་བུ་རམ་སྦྱར་བའི་སྨན་མར་ལ། ཚ་བ་གསུམ་དང་ཚྭ་སྣ་གསུམ་བཏག་[བཏབ་]བཏང༌། རུས་སྣ་བསྡུས་པའི་ཞག་དང་ལོ་མར་བུ་རམ་ལ། དྲོད་སྨན་ཚ་[ཚྭ་]སྣ་གསུམ་དང་ཚ་[ཚྭ་]སྣ་ཚོགས་ཚད་སྦྱང་[སྦྱར་]ལ་བཏང༌། དཀར་ནག་འཚམས་[མཚམས་]དང་བྱ་མིག་དྲུག་བདུན་བསྲེག གློ་རླུང་སྟར་བུ་ཅུ་གང་ཟི་ར་ནག སུག་སྨེ་[སྨེལ་]ཁ་རུ་ཚྭ་དང་ཀ་ར་སྦྱར། བཟང་པོ་བཞི་དང་ཚྭ་བ་གསུམ་སྦྱང་[སྦྲང་]དང་སྦྱར་ལ་བཏང༌། སེས་[སེ་]འབྲུ་བཞི་དངན་[ནཱ་]ག་གེར་[གེ་]སར་དང་། ས་[པ་]ཏྲ་འུ་སུ་ལ་ལ་ཕུད་དང་སྒ། ན་ལེ་ཤམ་དང་ཀམ་[ཀ་ར་]སྦྱར་གསར་འཇམ་བུ་[དབུལ་]ལ། བཞི་ལྔ་བྱ་རོག་མིག་དང་སྐེ་སྟོང་བསྲེགས། ཡིབ་ཤ་གར་ཆང་མ་བཏང་ཤ་གསར་དང༌། གྲོ་ཆང་སྲོ་ལེ་ལ་[ལོས་]བསིངས་པོ་[པ་]གསར་འཇམ་བཏང་། མཆིན་པའི་རླུང་ལ་མཆིན་སྣ་འཚོགས་ཚད་བཏབ་པ་ཡི། རྒྱུད་པ་བསལ་བའི་ཕྱེ་མ་སྐམ་པོ་དེ། འོ་མར་བཚས་[བཙོས་]པའི་ནང་དུ། ཁ་རུ་ཚ་དང་གུར་གུམ་བཏབ་ལ་བཏང་། བྲག་ཞུན་སྨན་མར་འབྲི་རྐང་མར་ལ་སྦྱར། རུས་པའི་ལུམས་བྱ་དགུ་པ་རྩིབ་སྟེང་བསྲེགས། ཕོ་བའི་རླུང་ལ་བུ་རམ་ཏིང་ཁྲོལ་བཏང༌། སེ་འབྲུ་ཤིང་ཚ་དྲོད་གསུམ་ཚ་[ཚྭ་]སྣ་གསུམ། ཟི་ར་དཀར་ནག་གཉིས་དང་ཚ་བ་གསུམ། ལ་ལ་ཕུད་དང་བུ་རམ་ཆང་གིས་འཕུལ། བུར་ཆང་བཏང་ནས་ཕོ་བའི་དཀྱིལ་གསང་བཅུ་གསུམ་པ་བསྲེགས། ལོང་གའི་རླུང་སེལ་[སེ་]འབྲུ་ཚ་བ་གསུམ། ཁ་རུ་ཚ་དང་གྲོ་མ་ཁ་འབྲུ་[འབུས་]ཀྱི་ལོ་མ་དང་། བུ་རམ་སྦྱར་ནས་བཏང་སྒོག་སྐྱའི་སྨར་[སྨན་]མར་སྦྱར། སླེ་ཁྲེ་[ཏྲེས་]ཀན་དྷ་[ཀཎྜ་]ཀ་རི་ཆུ་དག་དང༌། བཙོད་དང་ཛ་[ཛཱ་]ཏི་སུ་སྨེ་[སུག་སྨེལ་]པི་པི་ལིང༌། ཡུར་[ཡུང་]བ་ཤུ་མོ་ཟ་དང་ར་མར་གྱི། འཇམ་རྩི་བཏང་ཞིང་ལོང་ཕུབ་[ཕུགས་]གཡས་གཡོན་བསྲེག མཁལ་རླུང་མགོ་ཚོད་ཤུ་མོ་ཟ་བཏབས་[བཏབ་]བཏང༌། རུས་སྣའི་ཁུ་བ་བུར་[བུ་]རམ་སྦྱར་བསྡུས་བཏང་། བོང་ཤ་སྲམ་ཤ་བུར་ཆང་ཟན་ཆང༌། རྩ་བ་ལྔ་ཡི་སྨན་མར་སྦྱར་ལ་བཅུ་བཞི་བསྲེག །དེ་ལ་སོགས་ཏེ་རླུང་ནད་དུ་མ་ཡོང་[ཡང་]། ནད་གཞན་འདྲེས་ན་དེ་ཡི་ཁ་འཛིན་གཅེས། རྐྱང་པ་རྣམས་ལ་སྤྱི་བཅོས་ཁོག་ཕུབ་ལ། རང་རང་ནད་ཀྱི་གསོ་ཐབས་ལདེལ་[མདེ་]ཁ་བཏགས། སྣུམ་བཅུད་དྲོད་ཀྱིས་མི་སེལ་རླུང་གཞན་མེད། རླུང་གི་[ནི་]ཚ་དྲང་[གྲང་]གཉིས་ཀའི་ཟུང་དུ་འཇུག །མཁྲིས་ཚད་འབུད་ཅིང་བད་ཀན་གྲང་བ་འཁྱག། དམུ་འོར་སྐྱ་རྦབ་གཡོ་ཞིང་སྐྲན་རྣམས་སྒོང་། བསགས་པའི་ནད་རྣམས་ཐམས་ཅད་རླུང་གིས་སླང་[སློང་]། བྱེར་བའི་ནད་ཀུན་སྣ་ཁྲིད་རླུང་གིས་བྱེད། ཚད་གཞུག་ཕལ་ཆེར་འཐོང་[ཐོར་]བུའི་རླུང་གིས་འབུད། དེ་ཕྱིར་རླུང་གི་ནད་ལ་བྱ་ར་གྱིས། །ཞེས་གསུངས་སོ།།

བདུད་རྩི་སྨན་གྱི་མདོ་དགུ་ལ་[ལས་]གསོ་བྱེད་[བྱའི་]ནད་འབུམ་ནག་པོ་ལས། རླུང་ནད་གསོ་བའི་ལེའུ་སྟེ་གཉིས་པའོ།། །།



མཐའ་མའི་འདོན་ཐེངས་།: 03.01.2024 ཉིན། 5:01 PM

<< སྔ་མ།

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

ཡན་ལག་སྨན་ཁང་གཉིས་ལ་ཁ་ལོ་བ་གཉིས་ཀྱི་ས་མིག་གསལ་བསྒྲགས།

སྨན་སྦྱོར་སྡེ་ཚན་དུ་ལས་མི་གྲངས་ ༡༡ ས་མིག་གསལ་བསྒྲགས།

ཆོས་རིག་དྲུང་ཆེ་སྐུ་ཚེ་མ་ཟིན་པའི་ཡིད་སྐྱོའི་གནས་ཚུལ།

སྤྱི་ཁྱབ་འགན་འཛིན་མཆོག་གི་གསུང་བཤད།

འགྲོ་ཕན་བོད་ཀྱི་སྨན་རྩིས་ཁང་དབུ་བརྙེས་པའི་དུས་དྲན་མཛད་སྒོ་སྲུང་བརྩི།

ཞབས་ལོ་ ༤༠། ༣༠། ༢༠། ལོན་པ་རྣམས་ཀྱི་ངོ་སྤྲོད།

སྨན་རྩིས་འབུམ་རམས་པ་དང་ཉེ་བའི་འབུམ་རམས་པར་ཕྱག་ཁྱེར་བསྩལ།

ཐོན་ཟོག་ཁྲལ་འབབ་སྡེ་ཚན་གྱིས་ཆེ་བསྟོད་གནང་།

བོད་ཡིག་མིང་བྱང་ལ་འགྱུར་བཅོས་བཏང་བ།

ཅོན་ཏ་ར་སྨན་སྦྱོར་སྡེ་ཚན་དུ་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།

བརྟན་བཞུགས་སྔོན་འགྲོའི་རིམ་གྲོར་སྲོག་ཆགས་ཚེ་ཐར་བཏང་བ།

འགྲོ་ཕན་སྨན་རྩིས་ཁང་གི་མིང་དུ་བརྫུས་ཏེ་ནད་པ་བསླུ་བྲིད་བྱེད་པའི་གནས་ཚུལ།

ཁ་ལོ་བ་གཅིག་དང་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།

ཆོད་གན་ལས་མི་སྐྱེས་པ་གཉིས་དང་བུད་མེད་གསུམ་གྱི་ས་མིག་གསལ་བསྒྲགས།

ལེའུ་དང་པོ། ཀླད་དོན་གླེང་སློང་བ།