སྨན་རྩིས་དྲ་བ། - ཆེད་རྩོམ།

གཅིན་སྙིའི་ཐོག་ཉམས་ཞིབ་བགྱིས་པའི་ཡིག་ཆ།

བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 24.03.2015
ཆེད་རྩོམ། >>

 


གཅིན་སྙིའི་ཐོག་ཉམས་ཞིབ་བགྱིས་པའི་ཡིག་ཆ།

 

སྨན་རམས་པ་རྡོ་རྗེ་རབ་བརྟན་གནས་ཤར།

 


ཨོཾ་བདེ་ལེགས་སུ་གྱུར་ཅིག །

ཕྱི་ལོ་༡༩༩༨ ཕྱི་ཟླ་༡༡ ཚེས་༧ ནས་༩ བར་ཨ་རིའི་རྒྱལ་ས་(Washington DC)ཝ་ཤིང་ཀྲོན་ཌི་སི་རུ་རྒྱལ་སྤྱི་བོད་སྨན་གྱི་ཚོགས་ཆེན་དང་པོར་ཕྲན་ནས་བརྗོད་གཞི་"Diabetes Mellitus (ཌ་ཡི་སྦི་ཀྲི་མེ་ལེ་ཀྲསེ་)ཞེས་པ་གཅིན་སྙི་ཁྲག་མངར་གྱི་ནད་གཞིར་བོད་སྨན་གྱི་ཕན་ཁྱད་དཔྱད་པ།"ཞེས་པར་ནད་བཅོས་ཉམས་ཞིབ་བགྱིས་པའི་ཚན་རིག་གི་ཡིག་ཆ་འདི་བཞིན་ཚན་རིག་ཚོགས་སྡེ་ཁོངས་སུ་ནུབ་ཕྱོགས་སྨན་པ་དང་ཚན་རིག་པ་སོགས་མཁས་མང་འདུས་པའི་དབུས་སུ་གཏམ་བཤད་བགྲོ་གླེང་སོང་བ་གང་རང་ཅག་འཚོ་བྱེད་རྣམས་དང་བློ་ལྡན་སྐྱེས་བུ་རྣམས་ཀྱིས་མཁྱེན་རྟོགས་སླད་དུ། འདི་ག་ཕབ་བསྒྱུར་ཞུས་ཡོད་པ་གཤམ་གསལ་ལྟར་ལགས།


གླེང་གཞི།

ཌཡི་སྦེ་ཀྲི་སི་མེ་ལི་ཀྲསེ་ཞེས་པ་འདི་ནི་འཛམ་གླིང་ཡུལ་གྲུ་ཀུན་ཏུ་གྲགས་པ་ཙམ་མ་ཟད་ཁྱད་པར་དུ། རྒྱ་གར་གྱི་ཡུལ་དུ་ཁྱབ་གདལ་ཆེ་བའི་ནད་གཞི་གྲགས་ཆེ་བའི་གྲས་ཤིག་ཡིན། དེར་བརྟེན་ཌཡི་སྦིཀྲི་ཞེས་པའི་ཚིག་འདི་བཞིན་རྒྱ་གར་བ་དང་ཕན་ཚུན་གོ་ཁྱབ་ལྟ་བུ་ཞིག་ཆགས་ཡོད། དཔལ་ལྡན་རྒྱུད་བཞིའི་ཡ་གྱལ་མན་ངག་རྒྱུད་ཀྱི་ལེའུ་༥༥ ནང་དུ་ཕྱི་གླིང་གི་ནད་གཞི་འདིའི་སྐོར་ལ་རྒྱས་པར་གསུངས་ཡོད། དཔལ་ལྡན་རྒྱུད་བཞི་འདི་ནི་ཕྱི་ལོ་བརྒྱ་ཕྲག་དུ་མའི་གོང་གི་སྨན་གྱི་རིག་གཞུང་ཞིག་ཡིན་ཀྱང་། དེང་དུས་ཀྱི་རྫ་དྲག་ནད་གཞི་ཀུན་ལ་བརྟག་དཔྱད་སྨན་བཅོས་ཀྱིས་ཕན་ནུས་ངེས་ཅན་གསལ་པོ་ཡོད་པའི་ཕྱིར། དེང་རབས་ཀྱི་འཇིག་རྟེན་འདི་ལ་ད་དུང་ཕན་པར་བྱེད་ནུས་པ་འདི་ངོ་མཚར་ཆེ་བའི་གནས་ཚུལ་ཞིག་ཡིན། 


རྒྱུ་རྐྱེན།   རྒྱུ་རྐྱེན་ནི་ཇི་ལྟར་རྒྱུད་ནང་གསལ་བ་བཞིན་དུ།

༡། ཁ་ཟས་རོ་མངར་བ་དང་ལན་ཚྭ་བསྟེན་དྲགས་པ།

༢། བསིལ་ཞིང་ལྕི་བའི་ཟས་རིགས་བསྟེན་དྲགས་པ།

༣། བཞའ་བརླན་ཅན་གྱི་ས་གཞིར་གནས་པ།

༤། མལ་ལྷམ་དལ་པོར་འདུག་པ།

 

ནད་རྟགས།  ངལ་ཞིང་གཉིད་ཆེ་བ། ལུས་ལ་རྔུལ་དྲི་མནམ་པ། སྐྲ་དང་སེན་མོ་རིང་བ། ཁ་མངར་ཞིང་གྲེ་བ་དང་རྐན་སྐམ་པ། རྐང་ལག་གི་མཐིལ་བཞིར་ཚ་ཤར་བརྒྱབ་པ། གཅིན་མདོག་རྙོག་ཅན། གཅིན་གྱི་ཤུལ་ལ་སྦྲང་འབུ་འདུ་བ། འོན་ཀྱང་།  གོང་གི་མངོན་ཚུལ་ནད་རྟགས་རྣམས་མ་གསལ་བར་དུ། གཅིན་མདོག་ཁོ་ནར་ངེས་པ་ནི་མ་ཡིན་ཞེས་གསུངས་ཡོད།

 

དབྱེ་བ།  ཉེས་པའི་སྒོ་ནས་དབྱེ་ན། བད་ཀན། མཁྲིས་པ། རླུང་བཅས་གསུམ་ཡོད། དེ་ལའང་བྱེ་བྲག་ཏུ་དབྱེ་ན། ཟ་ཁུ་ཉི་ཤུའི་རྣམ་གྲངས་བསྟན་ཡོད་པ་ཡིན། ཕྱོགས་མཚུངས། སྤྱིར་གོང་གི་སྤྱི་ཁྱབ་ནད་རྟགས་རྣམས་ཀྱི་སྟེང་།  རླུང་མཁྲིས་བད་ཀན་སོ་སོའི་ཟླས་ཕྱེ་བའི་གཅིན་སྙི་གང་ཡིན་པ་དེ། གསལ་པོར་ངོས་བཟུང་ནས།  དེ་དང་འབྲེལ་བའི་སྨན་བཅོས་སོགས་རང་རང་སོ་སོའི་མདེ་ཁར་བསྒྱུར་ཏེ་ཡོངས་སུ་བཅོས་བསྐྱེད་ཐུབ་པ་དགོས་རྒྱུ་ཧ་ཅང་གལ་གནད་ཆེན་པོ་ཡིན།


བད་ཀན་གཅིན་སྙི།

མ་ཞུ་དང་ག་འགགས་པ། གཉིད་འཕེལ། ལྗིད་ཚད་འཕེལ། ལུད་པ་མང་ཞིང་།  སྐྱུགས་པ། ཡན་ལག་ཚིགས་གཞི་རྣམས་སྟོང་ཞིང་ལྷོད་པ། བློ་རིག་མི་གསལ་བ། ཕོ་དྲོད་ཞན། པགས་མདོག་སྐྱ་བ།

ཟས་སྤྱོད་ཀྱི་ཁྱད་པར། རྒྱུན་དུ་ལྕི་སྣུམ་དང་།  མངར་བ། རྗེན་ཟས་བསྟེན་པ། དལ་པོར་འདུག་པ།


མཁྲིས་པའི་གཅིན་སྙི།

གསང་གནས་དང་ལྒང་པར་ཟུག་ཅིང་ན་བ། ཁ་སྐམ། ལུས་ཚ། དྲོད་ཆེ་བ། འཁྲུ་བ་དང་།  རིམས་ཀྱིས་འདེབས་སླ་བ། མགོ་བོ་ན་བ། པགས་མདོག་དང་བཤང་གཅི་སེར་བ།

ཟས་སྤྱོད་ཀྱི་ཁྱད་པར། རྒྱུན་དུ་ཤ་མར། བུ་རམ་ཆང་སོགས་བསྟེན་པ། དྲག་ཤུལ་ཆེ་བ།


རླུང་གི་གཅིན་སྙི།

སྙིང་འཕར། གཉིད་ཆུང་།  དབུགས་མི་བདེ། ལུས་འདར་བ། གཟེར་བ་ངེས་མེད། ཟས་ལ་རྔམ་པ། ལུད་པ་མང་བ།

ཟས་སྤྱོད་ཀྱི་ཁྱད་པར། རྒྱུན་དུ་ར་ཕག་གི་ཤ་སོགས་དང་།  ཇ་ཁྲེབ་སོགས་ཀྱི་ཟས་སྐོམ་བསྟེན་དྲགས་པ། ཟས་བཅད་པ། མྱ་ངན་དང་སེམས་ལས་ཆེ་བ།


སྨན་བཅོས།  སྤྱིར་ཉེས་པ་སོ་སོ་ཟླས་ཕྱེ་བའི་སྨན་བཅོས་འདྲ་མིན་མང་པོ་ཡོད་ཀྱང་།  གཤམ་གསལ་སྨན་རྣམས་སྤྱི་སྨན་ཚུལ་དུ་གཏོང་སྲོལ་ཡོད་པ་ཡིན།

༡། ཡུང་བ་གཙོ་བོར་བྱས་པའི་ཡུང་བ་༤ ཐང་།

༢། སྐྱུ་རུ་གཙོ་བོ་བྱས་པའི་སྐྱུ་རུ་༦།

༣། ཨ་རུ་གཙོ་བོ་བྱས་པའི་གཅིན་སྙི་ཨ་རུ་༡༨།

༤། སུག་སྨེལ་གཙོ་བོར་བྱས་པའི་སུག་སྨེལ་༡༠།

དོ་སྣང་གནང་འོས་པ་ཞིག་ལ་ཌ་ཡི་སྦེ་ཀྲིའི་བླ་གཉན་གྱི་ནད་རྟགས་རྣམས་རྒྱུད་ནང་དུ། ནད་གཞི་ཆེར་རྒྱས་ཤིང་ཡལ་བར་བོར་བ་ན། ལུས་ལ་བླ་གཉན་གྱི་ཐོར་པ་མི་འདྲ་བ་བཅུ་ཐོན་གྱི་ཡོད་ཚུལ་གསུངས་པ་དོན་ལ་གནས་པ་དང་།  གཞན་ཡང་།  ནད་གཞི་འདི་རྙིངས་པར་གྱུར་ནས་ཟུངས་དང་འདྲེས་སྐབས་ཤིན་ཏུ་གསོ་དཀའ་བ་ཡིན་ཞེས་གསལ་པོར་འཁོད་ཡོད་པ་ནི། དངོས་ཡོད་གནས་ཚུལ་དང་ཧ་ཅང་མཐུན།

ཟས་སྤྱོད་བསྟེན་པ་ནི།

འབྲུ་རྙིང་པ་དང་།  སྐམ་སར་གནས་པའི་སེམས་ཅན་གྱི་ཤ་ལ་སོགས་པ་དང་།  ཡང་ཞིང་རྩུབ་པའི་ཟས་སྐོམ་བསྟེན་ཅིང་།  ལུས་རྩལ་ལམ་ངལ་དུབ་མང་དུ་སྤྱད་ཅིང་གཉིད་མང་པོ་མི་ལོག་པ་སོགས་བྱ་དགོས་པ་ཡིན།


ནད་བཅོས་ཡིག་ཆར་དཔྱད་པ།

ཕྱི་ལོ་༡༩༩༥ ནས་༡༩༩༨ ཕྱི་ཟླ་༨ པའི་བར་དུ། ཌཡི་སྦེ་ཀྲི་ནད་པའི་ཡིག་སྣོད་(Case File)ཟུར་ཉར་བྱས་ཡོད་པ་གྲངས་༢༥༥བྱུང་ཡོད།

དེ་ལས་སྨན་བཅོས་མཚམས་འཇོག་བྱས་པའི་ནད་པ་ཁྱོན་བསྡོམས་༩༠། སྨན་བཅོས་མུ་མཐུད་བསྟེན་བཞིན་ཡོད་པའི་ནད་པ་ཁྱོན་བསྡོམས་༡༦༥། དེ་ལས། ཉམས་ཞིབ་ཆེད་དུ་འདེམས་སྒྲུག་བྱས་པའི་ཡིག་སྣོད་བསྡོམས་གྲངས་༨༣།


         ཌ་ཡི་སྦེ་ཀྲི་ནད་པ་༨༣ ལ་ནད་བཅོས་ཉམས་ཞིབ་བྱས་པའི་ཕན་འབྲས་བསྟན་པ།

   དངོས་པོ།

ཨིན་སུ་ལིན་སྨན་ཁབ་མ་བརྒྱབ་པའི་ནད་པ།

ཨིན་སུ་ལིན་སྨན་ཁབ་བསྟེན་དགོས་པའི་ཌཡི་སྦེ་ཀྲི་ནད་པ།

   ནད་པ་ཕོའི་གྲངས།

          ༤༦

          ༩

   ནད་པ་མོའི་གྲངས།

          ༢༥

          ༣

   བསྡོམས།

          ༧༡

          ༡༢

 དྲག་བསྐྱེད་ལེགས་པོ་བྱུང་བ།

          ༢༥

          ༤

   དྲག་བསྐྱེད་འབྲིང་།

          ༢༧

          ༣

   དྲག་བསྐྱེད་མ་བྱུང་བ།

          ༡༩

          ༥

 

ཟུར་བརྗོད།

ནད་པ་༨༣ འདེམས་བསྒྲུག་བྱས་པའི་ཆ་རྐྱེན་དུ་ཉུང་མཐར་ཟླ་བ་༦ སྨན་བཅོས་མུ་མཐུད་ཅིང་།  ཕན་གནོད་ཇི་བྱུང་གི་ཡིག་ཆ་ལྡེང་ངེས་ཡོད་པ།

ཕན་བསྐྱེད་ཀྱི་དབྱེ་མཚམས།

༡། ཕན་འབྲས་ལེགས་པོ།

ལྟོ་སྟོང་ཁྲག་མངར་(FBS)< 120mg/dl

ཟོས་རྗེས་ཁྲག་མངར་(PPBS)<160mg/dl

 

༢། ཕན་འབྲས་འབྲིང་།

ལྟོ་སྟོང་(FBS)<160དང་།  ཟོས་རྗེས་(PPBS)<200  

 

༣། ཕན་འབྲས་མེད་པ།

ལྟོ་སྟོང་(FBS)>160དང་།  ཟོས་རྗེས་(PPBS)>200<=དམའ་བ།>=མཐོ་བ། _=མཉམ་པ།

 

                         ཉམས་ཞིབ་བྱ་ཡུལ་ནད་པའི་སྤྱི་སྙོམས་ལོ་ཚད་བསྟན་པ།

   ཕན་ཁྱད།

          ནད་གཞི།

   ཕོ་མོའི་དབྱེ་བ།

 ཨིན་སུ་ལིན་མ་ཁྱབ་

གཅིན་སྙི།

 ཨིན་སུ་ལིན་བསྟེན་པའི་གཅིན་སྙི།

   བསྡོམས།

   ཕན་བསྐྱེད་ལེགས་པ།

      ཕོ།

   ༥༢.༨ (༡༠.༧)

   ༥༠.༥ (༡༧.༡)

   ༥༢.༣ (༡༡.༨)

 

   གྲངས་ཚད་ ༡༤

   གྲངས་ཚད་ ༤

   གྲངས་ཚད་ ༡༨

      མོ།

   ༤༨.༦ (༡༢.༠)

   ༦༥

   ༥༠.༤(༡༢.༥)

 

   གྲངས་ཚད་ ༨

   གྲངས་ཚད་ ༡

   གྲངས་ཚད་ ༩ 

   ཕན་བསྐྱེད་འབྲིང་།

      ཕོ།

   ༥༡.༢༩ (༡༠.༠)

   ༥༧

   ༥༡.༦ (༩.༨)

 

   གྲངས་ཚད་ ༡༦

   གྲངས་ཚད་ ༡

   གྲངས་ཚད་ ༡༧

      མོ།

   ༤༨.༧ (༩.༩)

   ༤༧.༥ (༣.༥)

   ༤༨.༥ (༩.༡)

 

   གྲངས་ཚད་ ༡༡

   གྲངས་ཚད་ ༢

   གྲངས་ཚད་ ༡༣

   ཕན་བསྐྱེད་མེད་པ།

      ཕོ།

   ༤༨.༤ (༡༡.༥)

   ༥༣.༥ (༢༤.༨)

   ༤༧.༩ (༡༤.༦)

 

   གྲངས་ཚད་ ༡༥

   གྲངས་ཚད་ ༤

   གྲངས་ཚད་ ༡༩

      མོ།

   ༥༢.༣ (༥.༧)

 

   ༥༢.3 (5.7)

 

   གྲངས་ཚད་ ༦

   གྲངས་ཚད་ ༠

   གྲངས་ཚད་ ༦

   བསྡོམས།

 

 

 

      ཕོ།

   ༥༠.༡ (༡༠.༨)

   ༥༢.༥ (༡༨.༦)

   ༥༠.༥ (༡༢.༣)

 

   གྲངས་ཚད་ ༤༥

   གྲངས་ཚད་ ༩

   གྲངས་ཚད་ ༥༤

      མོ།

   ༤༩.༥ (༩.༦)

   ༥༣.༣ (༡༠.༤)

   ༤༩.༩ (༩.༦)

 

   གྲངས་ཚད་ ༢༥

   གྲངས་ཚད་ ༣

   གྲངས་ཚད་ ༢༨

   ནད་པ་བསྡོམས།

 

 

   གྲངས་ཚད་ ༢༨

 

 

               དེང་རབས་སྨན་དང་བོད་སྨན་གཉིས་ཀྱི་ཕན་ཁྱད་ལ་དཔྱད་པ།

   ནད་གཞི།

  སྨན་གྱི་དབྱེ་བ།

                  ཕན་ཁྱད་བསྟན་པ།

  ལེགས།

   འབྲིང་།

  ཕན་མེད།

  བསྡོམས།

ཨིན་སུ་ལིན་མ་རྒྱབ་པའི་ཌཡི་སྦེ་ཀྲི།

 བོད་སྨན་ཁོ་ན།

   ༡༨

     ༡༧

     ༡༢

   ༤༧

ཕྱི་ལུགས་དང་བོད་སྨན་གཉིས་ཀ་བསྟེན་པ།

   ༤

     ༡༠

     ༩

   ༢༣

ཨིན་སུ་ལིནབསྟེན་དགོས་པའི་ཌཡི་སྦེ་ཀྲི།

 བོད་སྨན་ཁོ་ན།

   ༢

     ༡

     ༠

   ༣

ཕྱི་ལུགས་དང་བོད་སྨན་གཉིས་ཀ་བསྟེན་པ།

   ༣

     ༢

     ༤

   ༩

  ནད་པ་ཁྱོན་བསྡོམས།

   ༨༢

 

གསལ་བཤད།

གོང་གསལ་རེའུ་མིག་ལ་གཞིགས་ཚེ་ཌཡི་སྦེ་ཀྲི་ནད་པ་སྨན་ལུགས་གཉིས་ཀ་ཟུང་སྦྲེལ་དུ་བསྟེན་མཁན་ལས་བོད་སྨན་ཁོ་ན་བསྟེན་མཁན་ཧ་ཅང་གི་མང་བ་ཡོད་པ་དང་།  ཕྱོགས་མཚུངས། དོ་སྣང་གནང་དགོས་རྒྱུ་ཞིག་ལ་ཌ་ཡི་སྦེ་ཀྲི་ནད་པ་༨༢ དེ་དག་ཐོག་མ་བོད་སྨན་བསྟེན་འགོ་ཚུགས་སྐབས་སུ་ཨེ་ལོ་པེ་ཐིག་སྨན་བསྟེན་གྱི་ཡོད་པ་ཤུགས་ལས་རྟོགས་དགོས་པ་ཡིན། ནད་པ་ཕལ་མོ་ཆེ་ཨེ་ལོ་པེ་ཐིག་སྨན་རིམ་པས་མཚམས་འཇོག་བྱས་ཡོད་པ་དང་།  འགའ་ཞིག་མུ་མཐུད་ཟུང་སྦྲེལ་དུ་བསྟེན་བཞིན་ཡོད་པ་ཡིན།


གསལ་རྟོགས་བྱུང་བསྡོམས།

ཕྲན་གྱི་ལོ་ངོ་༡༢ རིང་ཌ་ཡི་སྦེ་ཀྲི་ནད་གཞི་འདིར་དམིགས་བསལ་དོ་སྣང་སྨན་བཅོས་བྱས་པའི་ཉམས་མྱོང་དང་།  ལྷག་པར་དུ་ནད་བཅོས་ཡིག་ཆ་འདི་དག་ལ་ཞིབ་འཇུག་བགྱིས་པའི་འབྲས་བུ་ལས་གཤམ་གསལ་གྱི་གནས་ཚུལ་རྣམས་གསལ་པོར་ཤེས་རྟོགས་ཐུབ་པ་བྱུང་།

༡། ཌཡི་སྦེ་ཀྲིའི་ཁྲག་མངར་མཐོ་པོ་ཡིན་པ་གཅིག་མཚུངས་ལ། བོད་སྨན་བསྟེན་བཞིན་པའི་ནད་པ་རྣམས་ཀྱི་གཟུགས་ཁམས་ནི། ཨེ་ལོ་པེ་ཐིག་གམ་དེང་རབས་ཀྱི་སྨན་བསྟེན་བཞིན་པའི་ནད་པ་རྣམས་ལས་དམིགས་བསལ་གྱི་བདེ་ཐང་ཆེ་བ་མཐོང་།

༢། ཁྲག་མངར་གྱི་མཐོ་ཚད་ཞི་སྙོམས་བྱེད་རྒྱུའི་ཐད། བོད་སྨན་ནི་དེང་རབས་ཅན་གྱི་སྨན་ལས་ཆེས་འགོར་འགྱངས་ཆེ་ཞིང་འཕྲལ་དུ་ནུས་པ་ཐོན་དཀའ་བ་འདུག

༣། གལ་སྲིད་དེང་རབས་ཅན་གྱི་སྨན་བསྟེན་བཞིན་པ་གློ་བུར་དུ་མཚམས་འཇོག་བྱས་ཚེ། ཌཡི་སྦེ་ཀྲི་སི་མངར་ཚད་འཕྲལ་དུ་འཕར་ཞིང་མཐོ་པོ་ཆགས་ཀྱི་འདུག

༤། ཨིན་སུ་ལིན་སྨན་ཁབ་བསྟེན་དགོས་པའི་ནད་པ་རྒན་གྲས་རྣམས་ཨིན་སུ་ལིན་ཁོ་ནར་རེ་བཅོལ་མི་དགོས་པར། བོད་སྨན་གྱིས་དེའི་འཐུས་ཚབ་བྱེད་ཐུབ་ཀྱི་འདུག་གོ།

༥། བོད་སྨན་ནི། ནད་ཀྱི་མགོ་གནོན་ཅིང་བཅིལ་བ་ལྟར་མ་ཡིན་པར། ཌཡི་སྦེ་ཀྲི་མངར་ཚད་སོགས་མི་སྙོམས་སྙོམས་པར་བྱེད་རྒྱུའི་ཕན་ནུས་གཙོ་བོ་བྱེད་ཀྱི་འདུག

༦། དེང་རབས་སྨན་སྲོལ་དང་མི་འདྲ་བར། བོད་སྨན་ནི་ལོ་རིམ་མཐར་འཁྱོལ་བར་བསྟེན་མི་དགོས་པར་དུས་ཡུན་ཟླ་བ་༦ ནས་ལོ་ཤས་རིང་བསྟེན་ན་འགྲིག་གི་འདུག་སྙམ།

༧། ཌཡི་སྦི་ཀྲིའི་ནད་བཅོས་ཉམས་ཞིབ་བགྱིས་པའི་སྤྱི་ཡོངས་ཀྱི་གྲུབ་འབྲས་ཐོག་ནས་བཤད་ན་ནད་གཞི་འདིར་བོད་སྨན་གྱི་ཕན་བསྐྱེད་གནས་ཚུལ་ནི། ཧ་ཅང་གི་འདོད་བློ་ཁེངས་པ་དང་།  བློ་སྤོབས་སྐྱེ་འོས་པ་ཞིག་འདུག་གོ།

 

སྨྲས་པ།             རྒྱུད་ཀྱི་དགོངས་འགྲེལ་ནམ་མཁའ་གཡའ་གསལ་བཞིན།།

                     སེམས་ཀྱི་དོགས་སྤྲིན་གཡོ་བ་མ་ལགས་ཀྱང་།།

                     ཕ་རོལ་རྒོལ་བ་ཚར་དུ་གཅོད་པའི་ཕྱིར།།

                     དཔྱད་ཙམ་བགྱིས་པའི་འབྲས་བཟང་འདི་དགེའོ།།


འདི་ནི་སྤྱི་ལོ་༡༩༩༩ ལོར་བོད་གཞུང་སྨན་རྩིས་ཁང་ནས་པར་བསྐྲུན་ཞུས་པའི་སྨན་རྩིས་དུས་དེབ་འདོན་ཐེངས་༥པའི་ནང་བཞུགས་པ་ཅུང་ཟད་ཞུ་སྒྲིག་བྱས་པ་དང་བཅས་ཟུར་བཏོན་ཞུས། 

མཐའ་མའི་འདོན་ཐེངས་།: 24.03.2015 ཉིན། 4:45 PM

<< སྔ་མ།

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

ཡན་ལག་སྨན་ཁང་གཉིས་ལ་ཁ་ལོ་བ་གཉིས་ཀྱི་ས་མིག་གསལ་བསྒྲགས།

སྨན་སྦྱོར་སྡེ་ཚན་དུ་ལས་མི་གྲངས་ ༡༡ ས་མིག་གསལ་བསྒྲགས།

ཆོས་རིག་དྲུང་ཆེ་སྐུ་ཚེ་མ་ཟིན་པའི་ཡིད་སྐྱོའི་གནས་ཚུལ།

སྤྱི་ཁྱབ་འགན་འཛིན་མཆོག་གི་གསུང་བཤད།

འགྲོ་ཕན་བོད་ཀྱི་སྨན་རྩིས་ཁང་དབུ་བརྙེས་པའི་དུས་དྲན་མཛད་སྒོ་སྲུང་བརྩི།

ཞབས་ལོ་ ༤༠། ༣༠། ༢༠། ལོན་པ་རྣམས་ཀྱི་ངོ་སྤྲོད།

སྨན་རྩིས་འབུམ་རམས་པ་དང་ཉེ་བའི་འབུམ་རམས་པར་ཕྱག་ཁྱེར་བསྩལ།

ཐོན་ཟོག་ཁྲལ་འབབ་སྡེ་ཚན་གྱིས་ཆེ་བསྟོད་གནང་།

བོད་ཡིག་མིང་བྱང་ལ་འགྱུར་བཅོས་བཏང་བ།

ཅོན་ཏ་ར་སྨན་སྦྱོར་སྡེ་ཚན་དུ་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།

བརྟན་བཞུགས་སྔོན་འགྲོའི་རིམ་གྲོར་སྲོག་ཆགས་ཚེ་ཐར་བཏང་བ།

འགྲོ་ཕན་སྨན་རྩིས་ཁང་གི་མིང་དུ་བརྫུས་ཏེ་ནད་པ་བསླུ་བྲིད་བྱེད་པའི་གནས་ཚུལ།

ཁ་ལོ་བ་གཅིག་དང་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།

ཆོད་གན་ལས་མི་སྐྱེས་པ་གཉིས་དང་བུད་མེད་གསུམ་གྱི་ས་མིག་གསལ་བསྒྲགས།

ལེའུ་དང་པོ། ཀླད་དོན་གླེང་སློང་བ།