ཨཱཡུཥ་བློན་ཆེན་མཆོག་དང་མཇལ་འཕྲད། |
བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 05.05.2025 |
༄༅། །དཔལ་ལྡན་སྲིད་སྐྱོང་མཆོག་དང་སྨན་རྩིས་ཁང་འགན་འཛིན་མཆོག་བཅས་ཨཱཡུཥ་བློན་ཆེན་མཆོག་དང་མཇལ་འཕྲད།
ཕྱི་ལོ་ ༢༠༢༥ ཟླ་ ༤ ཚེས་ ༢༣ ཉིན་བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་སྲིད་སྐྱོང་མི་རྗེ་སྤེན་པ་ཚེ་རིང་མཆོག་དང་ལྷན་དུ། འགྲོ་ཕན་བོད་ཀྱི་སྨན་རྩིས་ཁང་གི་སྤྱི་ཁྱབ་འགན་འཛིན་ཐུབ་བསྟན་ཚེ་རིང་མཆོག དེ་བཞིན་འཕྲོད་བསྟེན་ལྷན་ཁང་གི་དྲུང་ཆེ་བྱམས་པ་ཕུན་ཚོགས་མཆོག ལྡི་ལི་སྐུ་ཚབ་དོན་གཅོད་འཇིགས་མེད་འབྱུང་གནས་མཆོག་བཅས་རྒྱལ་ས་ལྡི་ལིར་ཨཱཡུཥ་ལྷན་ཁང་གི་བློན་ཆེན་དཔལ་ལྡན་ཤྲཱི་ཇཱདྷཝ་པྲཏཱཔ་རཱབ་མཆོག་དང་མཇལ་འཕྲད་གནང་ཡོད།
སྐུ་ངོ་ལྷན་རྒྱས་ཀྱི་མཇལ་འཕྲད་འདིའི་དགོས་དམིགས་གཙོ་བོ་ནི་ཨཱཡུཥ་ལྷན་ཁང་དང་དེ་གའི་བློན་ཆེན་ངོས་ནས་གསོ་བ་རིག་པ་འཛིན་སྐྱོང་སྤེལ་བ་དང་གསོ་རིག་སྨན་པ་ཚོར་མཐུན་འགྱུར་སྲ་བརྟན་ཡོང་བའི་རེ་བསྐུལ་ཞུས་འདུག།
མཐའ་མའི་འདོན་ཐེངས་།: 12.05.2025 ཉིན། 3:46 PM
<< སྔ་མ།