སྨན་རྩིས་དྲ་བ། - མདུན་ངོས།

རྟེན་གཟུངས་རབ་གནས་བསྡུས་པ་ལེགས་གྲུབ།

བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 14.05.2025
མདུན་ངོས། >>


༄༅། །རྟེན་གཟུངས་རབ་གནས་བསྡུས་པ་ལེགས་གྲུབ།



ཕྱི་ལོ་ ༢༠༢༥ ཟླ་ ༥ ཚེས་ ༡༤ རེས་གཟའ་ལྷག་དཀར་དགེ་བའི་ཉིན་སྨན་རྩིས་མཐོ་སློབ་ཚོགས་ཁང་དུ། འགྲོ་ཕན་བོད་ཀྱི་སྨན་རྩིས་ཁང་གི་འགོ་ལས་ལྷན་འཛོམས་ཐོག གཡུ་ཐོག་རྙིང་མའི་སྐུ་རྟེན་གསར་བཞེངས་ལ་གཟུངས་གཞུག་འབུལ་བ་དང་རྟེན་གཟུངས་རབ་གནས་བསྡུས་པ་ལེགས་གྲུབ་བྱུང་བར་རྟེན་འབྲེལ་སླད་སྨོན་ལམ་གསོལ་འདེབས་དང་བསང་མཆོད་འབུལ།

དེ་ཡང་འགྲོ་ཕན་བོད་ཀྱི་སྨན་རྩིས་ཁང་ནས་གསར་དུ་བཞེངས་ཤིང་བལ་ཡུལ་ནས་བླུས་པའི་རྗེ་བཙུན་གཡུ་ཐོག་ཡོན་ཏན་མགོན་པོ་རྙིང་མའི་སྐུ་རྟེན་མཐོ་ཚད་ཨིན་ཅི་ ༣༧ ལྡན་པ་ཚ་གསེར་སྤུས་ཀ་ལེགས་ཤོས། དེ་ལ་རང་རེ་དཀོན་གཉེར་བླ་མ་སྐལ་བཟང་རྡོ་རྗེ་ལགས་ཀྱིས་གཙོ་འགན་བཞེས་ཏེ། སྐུ་རྟེན་ལ་གཟུངས་གཞུག་དང་། རྟེན་གཟུངས་རབ་གནས་བསྡུས་པ་ཞིག་ལེགས་གྲུབ་འབྱུང་བར་འགྲོ་ཕན་བོད་ཀྱི་སྨན་རྩིས་ཁང་གི་སྤྱི་ཁྱབ་འགན་འཛིན་མཆོག་དང་། དྲུང་ཆེ་མཆོག དེ་བཞིན་སྨན་རྩིས་རིག་ལྷན་གྱི་འགན་འཛིན་མཆོག་དང་འགན་གཞོན་མཆོག་གི་གཙོས་སྨན་རྩིས་ལས་བྱེད་རྣམས་སྔ་དྲོ་ཚོུད་ ༨ ཙམ་ལ་ལྷན་འཛོམས་ཀྱིས་ཕྱོགས་བཅུའི་མ་གྱུར་འགྲོ་བ་སྤྱི་དང་སྒོས་སུ་འགྲོ་ཕན་བོད་ཀྱི་སྨན་རྩིས་ཁང་གི་སྣོད་བཅུད་ལ་རྐྱེན་ངན་བར་ཆད་ཞི་ཞིང་རྟེན་འབྲེལ་བཟང་འཛོམས་འབྱུང་སླད་ལྷག་དཀར་དགེ་བའི་ཉིན་འདིར་དཀར་ཕྱོགས་དགེ་བའི་ལྷ་སྲུང་ལ་བསང་མཆོད་དང་སྨོན་ལམ་གསོལ་འདེབས་འདོན་གནང་བ་དང་། འདོན་ཆོག་གྲུབ་མཚམས་ལས་བྱེད་རྣམས་ནས་སྐུ་རྟེན་དྲུང་དུ་སྨོན་ལམ་དང་བཅས་ཁམས་གཙང་གི་ཁ་བཏགས་འདེགས་འབུལ་གནང་སོང་།།












མཐའ་མའི་འདོན་ཐེངས་།: 15.05.2025 ཉིན། 3:32 PM

<< སྔ་མ།

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

བུ་བཅོལ་ཁང་དུ་ཆོད་གན་མ་མའི་ས་མིག་གསལ་བསྒྲགས།

གཡུ་ཐོག་སྙིང་ཐིག་གི་བཀའ་དབང་བསྩལ་རྒྱུ་ཐུགས་གཏན་ཁེལ་བའི་གསལ་བསྒྲགས།

རྟེན་གཟུངས་རབ་གནས་བསྡུས་པ་ལེགས་གྲུབ།

སློབ་དཔོན་དཔའ་བོའི་རྣམ་ཐར་སྙིང་བསྡུས་གཉིས།

ཨཱཡུཥ་བློན་ཆེན་མཆོག་དང་མཇལ་འཕྲད།

ཕྱི་ལོ་ ༢༠༢༥ ཟླ་ ༤ ཚེས་ ༡༦ ཉིན་སྩལ་བའི་བཀའ་སློབ།

སྨན་རྩིས་སློབ་ཐོན་པ་རྣམས་ལ་མཇལ་ཁ་དང་བཀའ་སློབ་སྩལ།

ཆུ་ལས་དང་གློག་ལས་པ་གཅིག་གི་ས་མིག་གསལ་བསྒྲགས།

བུ་བཅོལ་ཁང་དུ་མ་མ་གཅིག་གི་ས་མིག་གསལ་བསྒྲགས།

སྐམ་ཁབ་ཟབ་སྦྱོང་ལེགས་གྲུབ་བྱུང་བ།

སྐར་རྩིས་ཀྱི་སྔོན་འགྲོ་རིན་ཆེན་མེ་ལོང་།

སྔོ་སྦྱོར་ཉམས་ཞིབ་སྡེ་ཚན་དུ་ལས་མི་གྲངས་ ༤ ས་མིག་གསལ་བསྒྲགས།

དབུས་ས་གཉིས་ཀྱི་སྨན་སྦྱོར་སྡེ་ཚན་དུ་ལས་མི་གྲངས་ ༡༨ ས་མིག་གསལ་བསྒྲགས།

འགྱིག་བྱི་རིལ་ནས་འགྱིག་སྙིགས་ཕྲ་མོ་འཐོན་བཞིན་ཡོད་སྐོར།

འཛམ་གླིང་འཕྲོད་བསྟེན་ཉིན་མོ་སྲུང་བརྩི་ཞུས།