སྨན་རྩིས་དྲ་བ། - མདུན་ངོས།

ཡན་ལག་སྨན་ཁང་གསར་པ་དབུ་འབྱེད།

བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 15.01.2025
མདུན་ངོས། >>


ཡན་ལག་སྨན་ཁང་གསར་པ་དབུ་འབྱེད།
 

༄༅། །ཕྱི་ལོ་ ༢༠༢༥ ཟླ་ ༡ ཚེས་ ༡༤ ཉིན་བཞུགས་སྒར་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་གི་ཉེ་འདབས་སུ་འགྲོ་ཕན་བོད་ཀྱི་སྨན་རྩིས་ཁང་གི་ཡན་ལག་སྨན་ཁང་གསར་བཙུགས་ཀྱིས་དབུ་འབྱེད་མཛད་སྒོ་སྟབས་བདེ་ཞིག་སྔ་དྲོ་ཆུ་ཚོད་ ༡༠:༣༠ ཐོག་ཚོགས་གནང་ཡོད། དེ་ཡང་རྡ་ས་རིགས་ལམ་སློབ་གཉེར་ཁང་གི་སྤྱི་ཁྱབ་འགན་འཛིན་དགེ་བཤེས་བསམ་གཏན་རྒྱ་མཚོ་ལགས་ཀྱིས་སྨན་ཁང་དབུ་འབྱེད་གནང་བ་དང་བྱང་རྩེ་གྲྭ་ཚང་གི་དགེ་འདུན་པ་བཞི་ནས་རབ་གནས་སོགས་ཆོས་ཕྱོགས་ཀྱི་ཕྱག་ལེན་མཐའ་དག་བསྐྱངས་གནང་སོང་། དབུ་འབྱེད་མཛད་སྒོར་སྨན་རྩིས་ཁང་གི་འགན་འཛིན་དང་། རིག་འགན། དྲུང་ཆེ། དེ་བཞིན་སྡེ་ཚན་ཁག་གི་འགན་འཛིན་བཅས་ཆེད་བཅར་ཞུས་ཡོད། ཡན་ལག་སྨན་ཁང་དེ་ཉིད་གཙོ་བོ་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་འཛམ་གླིང་ས་ཕྱོགས་གང་སར་ནས་གནས་གཟིགས་ལ་ཕེབས་མཁན་གྱི་ཆོས་ཞུ་བ་དང་། ཡུལ་སྐོར་བ། དེ་བཞིན་ནད་མནར་ཅན་ཀུན་ལ་བོད་སྨན་གྱི་ཁེ་ཕན་ཐོབ་སླད་བཙུགས་པ་ཞིག་ཡིན།














མཐའ་མའི་འདོན་ཐེངས་།: 15.01.2025 ཉིན། 4:07 PM

<< སྔ་མ།

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

བུ་བཅོལ་ཁང་དུ་ཆོད་གན་མ་མའི་ས་མིག་གསལ་བསྒྲགས།

གཡུ་ཐོག་སྙིང་ཐིག་གི་བཀའ་དབང་བསྩལ་རྒྱུ་ཐུགས་གཏན་ཁེལ་བའི་གསལ་བསྒྲགས།

རྟེན་གཟུངས་རབ་གནས་བསྡུས་པ་ལེགས་གྲུབ།

སློབ་དཔོན་དཔའ་བོའི་རྣམ་ཐར་སྙིང་བསྡུས་གཉིས།

ཨཱཡུཥ་བློན་ཆེན་མཆོག་དང་མཇལ་འཕྲད།

ཕྱི་ལོ་ ༢༠༢༥ ཟླ་ ༤ ཚེས་ ༡༦ ཉིན་སྩལ་བའི་བཀའ་སློབ།

སྨན་རྩིས་སློབ་ཐོན་པ་རྣམས་ལ་མཇལ་ཁ་དང་བཀའ་སློབ་སྩལ།

ཆུ་ལས་དང་གློག་ལས་པ་གཅིག་གི་ས་མིག་གསལ་བསྒྲགས།

བུ་བཅོལ་ཁང་དུ་མ་མ་གཅིག་གི་ས་མིག་གསལ་བསྒྲགས།

སྐམ་ཁབ་ཟབ་སྦྱོང་ལེགས་གྲུབ་བྱུང་བ།

སྐར་རྩིས་ཀྱི་སྔོན་འགྲོ་རིན་ཆེན་མེ་ལོང་།

སྔོ་སྦྱོར་ཉམས་ཞིབ་སྡེ་ཚན་དུ་ལས་མི་གྲངས་ ༤ ས་མིག་གསལ་བསྒྲགས།

དབུས་ས་གཉིས་ཀྱི་སྨན་སྦྱོར་སྡེ་ཚན་དུ་ལས་མི་གྲངས་ ༡༨ ས་མིག་གསལ་བསྒྲགས།

འགྱིག་བྱི་རིལ་ནས་འགྱིག་སྙིགས་ཕྲ་མོ་འཐོན་བཞིན་ཡོད་སྐོར།

འཛམ་གླིང་འཕྲོད་བསྟེན་ཉིན་མོ་སྲུང་བརྩི་ཞུས།