སྨན་རྩིས་དྲ་བ། - གསོ་རིག་མཁས་དབང་རིམ་བྱོན།

ཧན་ཝན་ཧད།

བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 03.02.2014
གསོ་རིག་མཁས་དབང་རིམ་བྱོན། >>

 

ཧན་ཝན་ཧད།

- བྱམས་པ་འཕྲིན་ལས།
        ཧན་ཝན་ཧད་(1)ཅེས་པ་ནི་རྒྱ་བཟའ་ཀོང་ཇོ་བོད་ལ་ཕེབས་ནས་མི་རིང་བར་རྒྱལ་པོའི་བསྙུན་གསོ་བའི་ཕྱིར་གདན་དྲངས་པའི་ཀྲུང་དབྱི་སྨན་པ་མཁས་ཅན་ཞིག་རེད། ཧན་ཝན་ཧད་བོད་ལ་ཕེབས་རྗེས་ཀྲུང་དབྱི་གསོ་རིག་གི་ཁྱད་ཆོས་ཐུན་མོང་མ་ཡིན་པ་《རྒྱ་དཔྱད་ཐོར་བུ་ཆེ་ཆུང་》ཞེས་པ་བོད་ཡིག་ཏུ་བསྒྱུར་པ་དང་།  ད་དུང་འཕགས་ཡུལ་གྱི་སྨན་པ་བྷ་ར་དྷ་ཛ་དང་།  ཧན་ཝན་ཧད། ག་ལེ་ནོས་གསུམ་བཀའ་བགྲོས་ཏེ་《མི་འཇིགས་པའི་མཚོན་ཆ་》ཆ་ཞེས་པ་བམ་པོ་བདུན་ཡོད་པའི་གསོ་དཔྱད་ཀྱི་གཞུང་གསར་དུ་བརྩམས་ནས་སྲོང་བཙན་ལ་ཕུལ་ཡོད་པ་རེད། དེ་ལས། ལུགས་ཆེན་གསུམ་པོའི་ཚུལ་དག་མ་རྟོགས་ན། །སྨན་པ་ཆེན་པོའི་གྲངས་སུ་མི་འགྲོ་སྟེ། །ཞེས་པ་ནས། ཧན་ཝན་ཧད་དེ་ས་བདག་དབང་བསྐུར་བ། །འཕྲུལ་ཆེན་གསུམ་པ་བདུད་རྩི་བུམ་པ་བསྔགས། ཞེས་ཧན་ཝན་ཧད་ནི་ས་བདག་གིས་དབང་བསྐུར་བའི་སྨན་པ་མཁས་པ་ཡིན་ཚུལ་དང་།  གསོ་དཔྱད་ཐམས་ཅད་ལུགས་སྡེ་གསུམ་དུ་བསྡུས་ནས་འཆད་པའི་སྲོལ་བཏོད།
          དེ་རྗེས་རྒྱ་དཀར་ནག་གི་སྨན་པ་གཉིས་ལ་བོད་ཀྱི་རྒྱལ་པོས་བྱ་དགའ་ཕུལ་ཏེ་རང་རང་གི་ཡུལ་དུ་བཞུད་ཅེས་གསལ་བས། ཕལ་ཆེར་ཧན་ཝན་ཧད་བོད་ལ་དུས་ཚོད་རིང་པོ་མ་བཞུགས་པ་འདྲ། གང་ལྟར་གོང་གསལ་ཧྭ་ཤང་མ་ཧཱ་དེ་ཝ་དང་།  དྷརྨ་ཀོ་ཥ་གཉིས་ཀྱིས་བསྒྱུར་པའི་《སྨན་དཔྱད་ཆེན་མོ་》དང་།  ཧན་ཝན་ཧད་ཀྱིས་བསྒྱུར་པའི་《རྒྱ་དཔྱད་ཐོར་བུ་ཆེ་ཆུང་》གཞན་ཡང་《མི་འཇིགས་པའི་མཚོན་ཆ་》བཅས་ཀྱི་ནང་ཀྲུང་དབྱི་གསོ་རིག་གི་གཞུང་དང་།  ལག་ལེན་དུ་མའི་སྙིང་པོ་རྣམས་དར་སྤེལ་མཛད་པས་བོད་ཀྱི་གསོ་རིག་ནང་ཀྲུང་དབྱིའི་ཤུགས་རྐྱེན་གཏིང་ཟབ་ཅིག་ཐེབས་པའི་རྒྱུ་མཚན་དེ་ལྟར་ཡིན། དཔེར་ན་གདགས་སྲིབས་རིག་པ་དང་།  འབྱུང་བ་ལྔ་ལྟ་བུའི་རྣམ་བཤད། སྨན་རྫས་སྐབས་ཏང་ཀུན་དང་།  ལང་ཐང་ཙེ། ཧོང་ལེན། གི་ཝང་།  དེ་མིན་རྩ་བལྟ་སྐབས་ཚོན་ཀན་ཆག་གི་རྒྱ་སྐད་སྒྲ་ཇི་བཞིན་གནས་པ་སོགས་དུས་རབས་བདུན་པའི་སྐབས་ནས་བོད་སྨན་ལ་ཀྲུང་དབྱི་གསོ་རིག་གི་ཤུགས་རྐྱེན་ཐེབས་པ་མཚོན་བྱེད་གསོ་རིག་《རྒྱུད་བཞིའི་》ནང་མི་ཉུང་བ་ཡོད་དོ།།
 མཆན་བུ།
(1) ཧན་ཝན་ཧད་ཅེས་པ་ནི་རྒྱ་སྐད་ཡིན་ཞིང་།  ཕལ་ཆེར་ཧན་ཞེས་པ་ནི་རུས་མིང་དང་།  ཝན་ནི་རིག་གཞུང་།  ཧད་ནི་རྒྱ་མཚོ་ཞེས་པར་འཇུག་གམ་སྙམ། ཀོང་སྤྲུལ་ཡོན་ཏན་རྒྱ་མཚོས་མཛད་པའི་《ཤེས་བྱ་ཀུན་ཁྱབ་མཛོད་》ཀྱི་གསོ་རིག་ལོ་རྒྱུས་སྐབས། ཧན་ཝན་ཧཱན་ཞེས་ཡིག་འབྲུ་གསུམ་དང་། 《སྡེ་སྲིད་ཁོག་འབུགས་》ནང་རྒྱ་ནག་གི་སྨན་པ་ཧེན་ཝེན་ཧད་དེ་ཞེས་ཡིག་འབྲུ་བཞི་དང་།  ཧེན་ཝེན་ཧད་དེ་ས་བདག་དབང་བསྐུར་བ། ཞེས་པའི་དེ་སྒྲ་ངེས་བཟུང་ཡིན་ནམ་སྙམ་པས་དཔྱད་པ་ཞུ།།

- འདི་ནི་མཁས་དབང་བྱམས་པ་འཕྲིན་ལས་ཀྱིས་བརྩམས་པའི་དཔེ་དེབ་《གངས་ལྗོངས་གསོ་རིག་བསྟན་པའི་ཉིན་བྱེད་རིམ་བྱོན་གྱི་རྣམ་ཐར་ཕྱོགས་བསྒྲིགས་》ནས་ཟུར་འདོན་ཞུས།



མཐའ་མའི་འདོན་ཐེངས་།: 12.12.2017 ཉིན། 3:11 PM

<< སྔ་མ།

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

ཡན་ལག་སྨན་ཁང་གཉིས་ལ་ཁ་ལོ་བ་གཉིས་ཀྱི་ས་མིག་གསལ་བསྒྲགས།

སྨན་སྦྱོར་སྡེ་ཚན་དུ་ལས་མི་གྲངས་ ༡༡ ས་མིག་གསལ་བསྒྲགས།

ཆོས་རིག་དྲུང་ཆེ་སྐུ་ཚེ་མ་ཟིན་པའི་ཡིད་སྐྱོའི་གནས་ཚུལ།

སྤྱི་ཁྱབ་འགན་འཛིན་མཆོག་གི་གསུང་བཤད།

འགྲོ་ཕན་བོད་ཀྱི་སྨན་རྩིས་ཁང་དབུ་བརྙེས་པའི་དུས་དྲན་མཛད་སྒོ་སྲུང་བརྩི།

ཞབས་ལོ་ ༤༠། ༣༠། ༢༠། ལོན་པ་རྣམས་ཀྱི་ངོ་སྤྲོད།

སྨན་རྩིས་འབུམ་རམས་པ་དང་ཉེ་བའི་འབུམ་རམས་པར་ཕྱག་ཁྱེར་བསྩལ།

ཐོན་ཟོག་ཁྲལ་འབབ་སྡེ་ཚན་གྱིས་ཆེ་བསྟོད་གནང་།

བོད་ཡིག་མིང་བྱང་ལ་འགྱུར་བཅོས་བཏང་བ།

ཅོན་ཏ་ར་སྨན་སྦྱོར་སྡེ་ཚན་དུ་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།

བརྟན་བཞུགས་སྔོན་འགྲོའི་རིམ་གྲོར་སྲོག་ཆགས་ཚེ་ཐར་བཏང་བ།

འགྲོ་ཕན་སྨན་རྩིས་ཁང་གི་མིང་དུ་བརྫུས་ཏེ་ནད་པ་བསླུ་བྲིད་བྱེད་པའི་གནས་ཚུལ།

ཁ་ལོ་བ་གཅིག་དང་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།

ཆོད་གན་ལས་མི་སྐྱེས་པ་གཉིས་དང་བུད་མེད་གསུམ་གྱི་ས་མིག་གསལ་བསྒྲགས།

ལེའུ་དང་པོ། ཀླད་དོན་གླེང་སློང་བ།