སྨན་རྩིས་དྲ་བ། - ྋགོང་ས་མཆོག་གི་བཀའ་སློབ།

ཕྱི་ལོ་༢༠༡༡ ཟླ་༡༡ ཚེས་༡༧ ཉིན་དགེ་སློབ་རྣམས་ལ་བསྩལ་བའི་བཀའ་སློབ།

བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 25.08.2014
ྋགོང་ས་མཆོག་གི་བཀའ་སློབ། >>

 

 ཕྱི་ལོ་༢༠༡༡ ཟླ་༡༡ ཚེས་༡༧ ཉིན་དགེ་སློབ་རྣམས་ལ་བསྩལ་བའི་བཀའ་སློབ།

(སྨན་སློབ་སྐབས་བཅོ་ལྔ་སློབ་ཐོན་མཇལ་བཅར་སྐབས་ྋགོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་བསྩལ་བའི་བཀའ་སློབ་སྙིང་བསྡུས།)

        

          ཁྱེད་རང་ཚོས་གསོ་བ་རིག་པར་སློབ་སྦྱོང་བྱས་ནས་སློབ་ཐོན་བྱུང་བ་རེད། ཡག་པོ་རེད། བོད་ཀྱི་གསོ་བ་རིག་པ་ནི་རིག་གནས་ཆེ་བ་ལྔའི་ནང་དུ་ཚུད་པའི་རིག་གནས་གལ་ཆེན་ཞིག་ཡིན་པས་སློབ་ཐོན་ཟིན་རྗེས་ལག་ལེན་གནང་སྟེ། ལག་ལེན་དང་གཞུང་ལུགས་ནས་གསུངས་པ་གཉིས་ཀྱི་བར་ལ་ཁྱད་པར་གང་ཡོད་དང་། ཡར་རྒྱས་གཏོང་ཕྱོགས་སྐོར་ལ་ཤུགས་སྣོན་རྒྱག་རྒྱུ་དེ་གལ་ཆེན་པོ་རེད།

          ངོས་ནས་ནང་པའི་ཆོས་སློབ་སྦྱོང་བྱས་ཡོད་པ་རེད། མང་པོ་ཤེས་ཀྱི་མེད་ཀྱང་ཕན་ཚུན་བསྡུར་ནས་དཔྱད་ཞིབ་དང་སློབ་སྦྱོང་བྱས། ཚན་རིག་སོགས་དང་འབྲེལ་འདྲིས་བྱས་ནས་ཡོང་དུས་རང་ལ་ཕན་ཐོགས་ཡོང་གི་འདུག རང་ལ་ཕན་དུས་གཞན་ལ་ཕན་ཤག་རེད། དེ་ཡིན་ཙང་ངོས་ནས་གདན་ས་ཁག་ལ་སྔ་མོ་ནས་བཤད་ཡོད། ད་དཔེ་ཆའི་ནང་ལ་གང་ཡོད་པ་གཅིག་པུ་མ་ཡིན་པར་དཔེ་ཆའི་ནང་ལ་ཡོད་པ་བཞིན་མུ་སྟེགས་པའི་འདོད་པ་ངོ་མ་གང་ཡིན་པ་མུ་སྟེགས་པ་དང་ཐུག་ནས་བགྲོ་གླེང་དང་ཞིབ་བསྡུར་བྱེད་རྒྱུ་གལ་ཆེན་པོ་རེད། རིགས་གཅིག་རྐང་འཛིན་བྱེད་རྒྱུ་དང་། ཚན་རིག་དང་མཉམ་དུ་དཔྱད་ཞིབ་བྱེད་རྒྱུ་གལ་ཆེན་པོ་རེད་ཅེས་བཤད་ཡོད།

          དེ་བཞིན་དུ་གསོ་བ་རིག་པ་ལ་མཚོན་ནའང་སྔོན་དུས་རབས་བདུན་པ་དང་བརྒྱད་པའི་ནང་བགྲོ་གླེང་ཚོགས་འདུ་དེ་འདྲ་ཚོགས་ནས་རྒྱ་དཀར་ནག་དང་། པར་ཤི་ཡ། ཏ་ཟིག་ལུང་པ་སོགས་ནས་སྨན་པ་གདན་དྲངས་ནས་བགྲོ་གླེང་སོགས་ཕན་ཚུན་གོ་བསྡུར་གནང་འདུག

          ད་ཆ་ང་ཚོ་བཙན་བྱོལ་ནང་སྡོད་ཡོད་དུས་ཨྰཡུརྦེད། ཡུནྰནི། ཨེལོཔེཐ་སོགས་མང་པོ་དང་ཞིབ་བསྡུར་བྱེད་རྒྱུ་གལ་ཆེན་པོ་རེད། ང་ཚོ་བོད་ནང་དུ་ཡོད་ན་ཁག་པོ་རེད་དེ་ང་ཚོ་རྒྱ་གར་ནང་བསྡད་ཡོད་པ་རེད། གོམ་པ་གང་སྤོས་ན་སླེབ་ཐུབ་ཀྱི་ཡོད་རེད། དེ་འདྲ་ཡིན་དུས་ཉམས་མྱོང་བསགས། གོ་བསྡུར་བྱེད་ནས་ཡར་རྒྱས་གཏོང་རྒྱུ་མང་པོ་ཡོད་རེད། འཆར་ཅན་འདྲ་བོ་བྱས་ནས་བསྡད་ན་འགྲིག་ཐབས་ཡོད་པ་མ་རེད། ངོས་ནས་ཏག་ཏག་ཅིག་མེད་པ་མཐོང་གི་འདུག འཐུས་ཤོར་འགྲོ་བསྡད་པ་ཞིག་མཐོང་གི་འདུག་ཅེས་བཀའ་བསྩལ་ཡོད།།

མཐའ་མའི་འདོན་ཐེངས་།: 25.08.2014 ཉིན། 4:43 PM

<< སྔ་མ།

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

ཆོས་རིག་དྲུང་ཆེ་སྐུ་ཚེ་མ་ཟིན་པའི་ཡིད་སྐྱོའི་གནས་ཚུལ།

སྤྱི་ཁྱབ་འགན་འཛིན་མཆོག་གི་གསུང་བཤད།

འགྲོ་ཕན་བོད་ཀྱི་སྨན་རྩིས་ཁང་དབུ་བརྙེས་པའི་དུས་དྲན་མཛད་སྒོ་སྲུང་བརྩི།

ཞབས་ལོ་ ༤༠། ༣༠། ༢༠། ལོན་པ་རྣམས་ཀྱི་ངོ་སྤྲོད།

སྨན་རྩིས་འབུམ་རམས་པ་དང་ཉེ་བའི་འབུམ་རམས་པར་ཕྱག་ཁྱེར་བསྩལ།

ཐོན་ཟོག་ཁྲལ་འབབ་སྡེ་ཚན་གྱིས་ཆེ་བསྟོད་གནང་།

བོད་ཡིག་མིང་བྱང་ལ་འགྱུར་བཅོས་བཏང་བ།

ཅོན་ཏ་ར་སྨན་སྦྱོར་སྡེ་ཚན་དུ་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།

བརྟན་བཞུགས་སྔོན་འགྲོའི་རིམ་གྲོར་སྲོག་ཆགས་ཚེ་ཐར་བཏང་བ།

འགྲོ་ཕན་སྨན་རྩིས་ཁང་གི་མིང་དུ་བརྫུས་ཏེ་ནད་པ་བསླུ་བྲིད་བྱེད་པའི་གནས་ཚུལ།

ཁ་ལོ་བ་གཅིག་དང་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།

ཆོད་གན་ལས་མི་སྐྱེས་པ་གཉིས་དང་བུད་མེད་གསུམ་གྱི་ས་མིག་གསལ་བསྒྲགས།

ལེའུ་དང་པོ། ཀླད་དོན་གླེང་སློང་བ།

ལེའུ་གཉིས་པ། རླུང་ནད་གསོ་བ།

ལེའུ་གསུམ་པ། མཁྲིས་པའི་ནད་གསོ་པ།