སྨན་རྩིས་དྲ་བ། - ྋགོང་ས་མཆོག་གི་བཀའ་སློབ།

ཕྱི་ལོ་ ༢༠༢༢ ཟླ་ ༡༡ ཚེས་ ༢༤ ཉིན་བསྩལ་བའི་བཀའ་སློབ།

བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 07.12.2022
ྋགོང་ས་མཆོག་གི་བཀའ་སློབ། >>

 

                                             ཕྱི་ལོ་ ༢༠༢༢ ཟླ་ ༡༡ ཚེས་ ༢༤ ཉིན་བསྩལ་བའི་བཀའ་སློབ།

                  ༄༅། །འགྲོ་ཕན་སྨན་རྩིས་མཐོ་སློབ་ཁང་གི་དགེ་སློབ་རྣམས་ལ་ྋགོང་ས་མཆོག་གིས་བཀའ་སློབ་བསྩལ་བ།
ཕྱི་ལོ་ ༢༠༢༢ ཟླ་ ༡༡ ཚེས་ ༢༤ སྔ་དྲོ་བཞུགས་སྒར་རྒྱལ་བའི་ཕོ་བྲང་དུ་འགྲོ་ཕན་སྨན་རྩིས་མཐོ་སློབ་ཁང་གི་དགེ་ལས་དང་། དམིགས་བསལ་སྨན་སློབ་སྐབས་ ༢༡ ཐོན་རྒྱུགས་ཆེན་པོ་གྲུབ་པ་དང་། ལོ་འཁོར་གཅིག་གི་ཉམས་གསོག་ལ་མ་བསྐྱོད་པའི་སྔ་རོལ་དང་། དེ་བཞིན་རྩིས་སློབ་སྐབས་ ༡༡ རྣམས་ྋསྤྱི་ནོར་ྋགོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་གསེར་ཞལ་མཇལ་བ་དང་། གསུང་གི་བདུད་རྩི་ཐོས་པའི་སྐལ་བཟང་གི་གོ་སྐབས་བླ་མེད་ཅིག་ཐོབ་ཡོད།

དེའི་སྐབས་འགྲོ་ཕན་སྨན་རྩིས་ཁང་གི་དགེ་ལས་དང་སྨན་རྩིས་སློབ་ཐོན་པ་རྣམས་ལ་བོད་ཀྱི་གསོ་བ་རིག་པ་འདི་ཕན་ཐོགས་ཆེན་པོ་ཡོད་པ་དང་། དེ་མི་ཉམས་རྒྱུན་འཛིན་དགོས་པ་སོགས་ཀྱི་བཀའ་སློབ་བཀའ་དྲིན་བསྐྱངས་པའི་དུམ་ཚན་ཞིག་དགའ་ལྡན་ཕོ་བྲང་ཡིག་ཚང་ནས་ཡུ་ཊུབ་དྲ་ཚིགས་ <<སྤྱི་ནོར་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག>> ཅེས་པའི་ནང་དུ་དྲངས་ཡོད། དེ་ནས་རྒྱལ་བའི་བཀའ་སློབ་འདི་ཡིག་ཐོག་ཕབ་པ་ཡིན།

གསོ་བ་རིག་པ་འདི་ཞེ་དྲག་ཡག་པོ་རེད་འདུག  ནད་རིགས་མང་པོ་ཞིག་རྩ་དང་ཆབ་རྟགས་བལྟས་ནས་ཤེས་རྒྱུ་ཡོད། དེ་ཕྱི་རྒྱལ་ཨེམ་ཆིས་ཤེས་ཀྱི་མ་རེད། བོད་པའི་གསོ་བ་རིག་པ་འདི་དཔེ་ཡག་པོ་རེད། ངས་སྒྲུང་ཞིག་བཤད་ཀྱི་ཡིན། ང་ཆུང་དུས་ལྷ་འབྲུམ་བཙུགས་པ་རེད། ལྷ་འབྲུམ་འཛུགས་མཁན་དེ་ཨེམ་ཆི་རྒྱགས་པ་ཞིག་ཡོད། སྙིང་རྗེ། དེ་ྋབླ་སྨན་པའི་གྲས་རེད། ང་ལ་ལྷ་འབྲུམ་བཙུགས་པ་དེས་ན་ཚ་གཏོང་བ་དང་། ཕར་རྒྱུག་ཚུར་རྒྱུག་བྱས་ནས་ཨེམ་ཆི་རྒྱགས་པས་བཟོས་སོང་ཞེས་ངས་སྐད་བརྒྱབ་པ་རེད། (བཞད་མོ་བཞད་པ་དང་སྦྲགས།)

        གང་ལྟར། བོད་པའི་སྨན་འདི་དཔེ་ཡག་པོ་རེད་འདུག  ཤེས་སོང་ངམ། ཁྱེད་རང་ཚོས་འདི་ལ། དང་འདོད་བྱེད། ཕྱོགས་གཅིག་ནས་འདི། མི་ལ་ཕན་ཐོགས་ཡོད་པ་ཆགས་བསྡད་ཡོད། གཉིས་ནས་བོད་ཀྱི་རིག་གཞུང་ཆགས་ཡོད། ང་ཚོས་འདི་བོད་ཀྱི་རིག་གཞུང་ཡིན་པའི་ཆ་ནས་ཉམས་པ་སོར་ཆུད། མི་ཉམས་གོང་འཕེལ་བྱེད་ཐུབ་པ་ཞིག དཔེ་གལ་ཆེན་པོ་རེད་འདུག  ཤེས་སོང་ངམ།  

        ང་ཚོར་བོད་མི་རིགས་ལ་ཆོས་ཕྱོགས་ཀྱི་ཐོག་ནས་ནང་དོན་རིག་པ་འདི། འཛམ་བུ་གླིང་ནང་སྙན་གྲགས་ཡོད་པ་ཞིག་ཆགས་བསྡད་ཡོད། ནང་དོན་རིག་པ་སྤུས་དག་པོ་ཞེ་དྲག་ཅིག་ཡོད་ལ། ནང་དོན་རིག་པས་སེམས་ཞི་བདེ་བཟོས་པ་ཧ་ལས་པ་ཞིག་ཡོད། དེའི་སྒང་ལ་གསོ་བ་རིག་པ་འདིས། ལུས་པོའི་བདེ་ཐང་ཐོག་ལ་ཕན་ཐོགས་བྱེད་ཐུབ་པ་ཡིན། བྱས་ཙང་འདི་བོད་མི་རིགས་ཀྱི་རིག་གཞུང་ཡིན། དངོས་གནས་དྲང་གནས་ཀྱི་ཞེ་དྲག་ཕན་ཐོགས་ཡོད་པ་ཡིན་དུས། འདི་ལ་ཁྱེད་རང་ཚོས་དོ་སྣང་ཆེན་པོ་བྱོས། ཁ་ཐུག་ཁ་ཐུག་ནད་པ་ལ་ཕན་ཐོགས་བྱེད་པ་ཙམ་དུ་མ་ཟད། བོད་མི་རིགས་ཀྱི་གསོ་བ་རིག་པའི་རིག་གཞུང་ཉམས་པ་སོར་ཆུད་མི་ཉམས་གོང་འཕེལ་གཏོང་གི་ཡོད་བསམ་པ་གྱིས།  ཤེས་སོང་ངམ།  དེ་སེམས་ལ་ཞོག  ད་ནི་ཚང་མས་ཧུར་ཐག་བྱེད་ཞོག་ཨང་། ཤེས་སོང་ངམ།    ཞེས་བཀའ་བསྩལ་ཡོད།

 

འདིར་ནོན།   ྋགོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་བཀའ་སློབ་དུམ་ཚན་དེ་གསན།

འདིར་ནོན།   ཡུ་ཊུབ་བརྙན་འཕྲིན་གཟིགས།  https://www.youtube.com/watch?v=dxxcDD8KvYc











མཐའ་མའི་འདོན་ཐེངས་།: 09.12.2022 ཉིན། 2:40 PM

<< སྔ་མ།

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

བོད་ལུགས་གསོ་རིག་དར་འཕེལ་གྱི་ལོ་རྒྱུས་མདོར་བསྡུས།

སྐམ་ཁབ་ཟབ་སྦྱོང་དང་རིན་མེད་དཔྱད་བཅོས་གནང་།

ཡན་ལག་སྨན་ཁང་གཉིས་ལ་ཁ་ལོ་བ་གཉིས་ཀྱི་ས་མིག་གསལ་བསྒྲགས།

སྨན་སྦྱོར་སྡེ་ཚན་དུ་ལས་མི་གྲངས་ ༡༡ ས་མིག་གསལ་བསྒྲགས།

ཆོས་རིག་དྲུང་ཆེ་སྐུ་ཚེ་མ་ཟིན་པའི་ཡིད་སྐྱོའི་གནས་ཚུལ།

སྤྱི་ཁྱབ་འགན་འཛིན་མཆོག་གི་གསུང་བཤད།

འགྲོ་ཕན་བོད་ཀྱི་སྨན་རྩིས་ཁང་དབུ་བརྙེས་པའི་དུས་དྲན་མཛད་སྒོ་སྲུང་བརྩི།

ཞབས་ལོ་ ༤༠། ༣༠། ༢༠། ལོན་པ་རྣམས་ཀྱི་ངོ་སྤྲོད།

སྨན་རྩིས་འབུམ་རམས་པ་དང་ཉེ་བའི་འབུམ་རམས་པར་ཕྱག་ཁྱེར་བསྩལ།

ཐོན་ཟོག་ཁྲལ་འབབ་སྡེ་ཚན་གྱིས་ཆེ་བསྟོད་གནང་།

བོད་ཡིག་མིང་བྱང་ལ་འགྱུར་བཅོས་བཏང་བ།

ཅོན་ཏ་ར་སྨན་སྦྱོར་སྡེ་ཚན་དུ་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།

བརྟན་བཞུགས་སྔོན་འགྲོའི་རིམ་གྲོར་སྲོག་ཆགས་ཚེ་ཐར་བཏང་བ།

འགྲོ་ཕན་སྨན་རྩིས་ཁང་གི་མིང་དུ་བརྫུས་ཏེ་ནད་པ་བསླུ་བྲིད་བྱེད་པའི་གནས་ཚུལ།

ཁ་ལོ་བ་གཅིག་དང་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།