སྨན་རྩིས་དྲ་བ། - མདུན་ངོས།

ྋགོང་ས་སྐྱབས་མགོན་ཆེན་པོ་མཆོག་ཆིབས་བསྒྱུར་བཀའ་དྲིན་བསྐྱངས་པ།

བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 23.03.2011
མདུན་ངོས། >> གསར་འགྱུར།

སྤྱི་ལོ་༢༠༠༡༡ལོའི་ཟླ༣་ཚེས༢༣ཉིན་འདི་ནི་བཙན་བྱོལ་དུ་བོད་གཞུང་སྨན་རྩིས་ཁང་དབུ་བརྙེས་ནས་མི་ལོ་ཧྲིལ་པོ་ལྔ་བཅུ་འཁོར་བའི་དུས་ཚིགས་ཁྱད་པར་ཅན་ཞིག་ཡིན། དུས་ཚིགས་འདི་ལ་བརྟེན་ནས་ལོ་རྒྱུས་ཕྱིར་དྲན་གྱི་མཛད་སྒོ་གཞི་རྒྱ་ཆེ་བ་ཞིག་སྤེལ་བཞིན་པ་དང་། མཛད་སྒོ་འདིའི་སྐུ་མགྲོན་གཙོ་བོ་རུ་འགྲོ་བ་ལྷ་དང་བཅས་པའི་ཞིང་མཆོག་དམ་པ་བོད་ཆོས་སྲིད་གཉིས་ཀྱི་མངའ་བདག་འཛམ་གླིང་ཞི་བདེའི་དེད་དཔོན་སྤྱི་ནོར་༸གོང་ས༸སྐྱབས་མགོན་ཆེན་པོ་མཆོག་གི་ཞབས་པད་ཀྱི་རེ་ཁ་མངོན་པར་བཀོད་པའི་རྫོགས་ལྡན་གྱི་བསྐལ་བཟང་གི་དཔྱིད་དཔལ་གསར་བ་མངོན་པར་བཞད་ཅིང་། དེ་འབྲེལ་གྱིས་བཙན་བྱོལ་བོད་གཞུང་གི་དམངས་གཙོའི་ཀ་བ་གསུམ་གྱི་མཛད་གཙོ་རྣམ་པ་དང་། ལྷན་ཁང་ཁག་གི་དྲུང་ཆེ་རྣམ་པའི་མཚོན་འབྲེལ་ཡོད་སྐུ་མགྲོན་བརྒྱ་ཕྲག་དུ་མ་དུས་གཅིག་ལ་ལྷན་འཛོམས་ཀྱིས་དུས་སྟོན་འདིའི་མཛད་སྒོའི་ལས་རིམ་སྤེལ་ཡོད།

ཁྱད་པར་དུ་སྤྱི་ནོར་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་གིས་སྨན་རྩིས་ལྔ་བཅུའི་དུས་དྲན་གྱི་མཛད་སྒོ་དང་འགྲེམ་སྟོན་ལས་རིགས་ཁག་ལ་གཟིགས་ཞིབ་དང་འབྲེལ་སྨན་རྩིས་ཚོགས་ཁང་ཆེན་མོའི་མི་འཇིགས་གསེར་གྱི་ཁྲི་ལ་མངོན་པར་བཀོད་ནས་གསར་དུ་བཟོ་བསྐྲུན་བྱས་པའི་སྨན་རྩིས་དྲ་བ་དང་། ལྔ་བཅུའི་དུས་དྲན་གྱི་ལོ་རྒྱུས་བརྙན་འཁོར། སྨན་རྩིས་དང་འབྲེལ་བའི་དཔེ་དེབ་ཁག་ཅིག་བཅས་དབུ་འབྱེད་བཀའ་དྲིན་དང་བཅས་གསུང་གི་བཀའ་སློབ་བྱིན་ཅན་དབུགས་དབྱུང་དུ་སྩལ། །

མཐའ་མའི་འདོན་ཐེངས་།: 23.08.2013 ཉིན། 3:02 PM

<< སྔ་མ།

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

ཐོན་ཟོག་ཁྲལ་འབབ་སྡེ་ཚན་གྱིས་ཆེ་བསྟོད་གནང་།

བོད་ཡིག་མིང་བྱང་ལ་འགྱུར་བཅོས་བཏང་བ།

ཅོན་ཏ་ར་སྨན་སྦྱོར་སྡེ་ཚན་དུ་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།

བརྟན་བཞུགས་སྔོན་འགྲོའི་རིམ་གྲོར་སྲོག་ཆགས་ཚེ་ཐར་བཏང་བ།

འགྲོ་ཕན་སྨན་རྩིས་ཁང་གི་མིང་དུ་བརྫུས་ཏེ་ནད་པ་བསླུ་བྲིད་བྱེད་པའི་གནས་ཚུལ།

ཁ་ལོ་བ་གཅིག་དང་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།

ཆོད་གན་ལས་མི་སྐྱེས་པ་གཉིས་དང་བུད་མེད་གསུམ་གྱི་ས་མིག་གསལ་བསྒྲགས།

ལེའུ་དང་པོ། ཀླད་དོན་གླེང་སློང་བ།

ལེའུ་གཉིས་པ། རླུང་ནད་གསོ་བ།

ལེའུ་གསུམ་པ། མཁྲིས་པའི་ནད་གསོ་པ།

ལེའུ་བཞི་པ། བད་ཀན་གྱི་ནད་བཅོས་པ།

ལེའུ་ལྔ་པ། འདུས་པའི་ནད་གསོ་བ།

ལེའུ་དྲུག་པ། མ་ཞུ་བ་གསོ་བ།

ལེའུ་བདུན་པ། གཅོང་ཆེན་སྐྲན་ནད་བཅོས་པ།

ལེའུ་བརྒྱད་པ། སྐྱ་རྦབ་ཀྱི་ནད་གསོ་བ།