སྨན་རྩིས་དྲ་བ། - མདུན་ངོས།

ཧི་མ་ཅལ་མངའ་སྡེའི་ནང་ཕག་པའི་ཆམ་རིམས་ཀྱི་འཇིགས་སྣང་།

བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 18.05.2017
མདུན་ངོས། >>


 
ཧི་མ་ཅལ་མངའ་སྡེའི་ནང་ཕག་པའི་ཆམ་རིམས་ཀྱི་འཇིགས་སྣང་།

འདས་པའི་བདུན་ཕྲག་གཅིག་ནང་ཧི་མ་ཅལ་མངའ་ཁུལ་དུ་ཕག་པའི་ཆམ་རིམས་རྐྱེན་གྱིས་ནད་པ་གཉིས་འདས་གྲོངས་སུ་གྱུར་བ་དང་། མི་མང་པོར་ནད་ཡམས་དེ་འགོས་ཁྱབ་འགྲོ་བཞིན་ཡོད་པའི་གནས་ཚུལ་སྤེལ་འདུག
ནད་རྟགས།
གློ་རྒྱག་པ།
ཚ་བ་འབར་བ།
གྲེ་བ་ཚ་བ།
སྣ་ཆུ་འཛག་པའམ་སྣ་འགཊ།
མགོ་གཟེར། ལུས་གཟེར།
ངལ་དུབ།
རྒྱ་གར་དེ་རིང་ཞེས་པའི་གསར་ཤོག་ནང་གནས་ཚུལ་སྤེལ་བ་ལྟར་ན། ཁ་སང་རྒྱ་གར་ལྷོ་ཕྱོགས་མ་ཧ་ར་ཤ་ཏྲ་མངའ་སྡེ་ནས་ཡིན་པའི་སྐྱེས་པ་ལོ་ན་༥༧ ལ་སོན་པ་ཞིག་སིམ་ལ་ཁུལ་དུ་ཁོང་གི་བཟའ་ཟླ་དང་ལྷན་དུ་ཡུལ་སྐོར་སྤྲོ་འཆམ་ལ་ཕེབས་ཡོད་པ་དང་། མཚན་མོ་གཟུགས་གཞིར་ནད་མནར་བྱུང་སྟེ་སིམ་ལར་རྟེན་གཞི་བྱས་པའི་ཨིན་དྷི་རཱ་གྷན་དྷི་སྨན་གྱི་སློབ་ཆེན་(IGMC)སྨན་ཁང་དུ་སྨན་པ་བསྟེན་གཏུགས་ཕེབས་ཡོད་ཀྱང་། སྨན་བཅོས་ཇི་ལྟར་བྱས་ཀྱང་ལམ་ལྷོང་མ་བྱུང་བར་ཁོང་འདས་གྲོངས་སུ་གྱུར་འདུག ཁྲག་བརྟག་དཔྱད་བྱས་པའི་སྙན་ཐོའི་ནང་ཁོང་ལ་ཕག་པའི་ཆམ་རིམས་འགོས་ཁྱབ་བྱུང་འདུག་ཅེས་ཨིན་དྷི་རཱ་གྷན་དྷི་སྨན་གྱི་སློབ་ཆེན་གྱི་སྨན་ལས་དོ་དམ་པ་རྒན་པ་སྨན་པ་རཱ་མེ་ཤ ཅན་ཌ་མཆོག་གིས
གསུངས་འདུག

ཧིན་དྷུ་སེ་ཐན་དུས་བབ་ཅེས་པའི་གསར་ཤོག་ནང་གནས་ཚུལ་སྤེལ་བ་ལྟར་ན། འདི་ཟླའི་ཚེས་༡༡ ཉིན་ལོ་ན་ ༦༥ ལ་སོན་པའི་བགྲེས་སོང་དྷ་ཡ་རམ་ལ་ཕག་པའི་ཆམ་རིམས་འགོས་ཁྱབ་བྱུང་སྟེ་རེས་གཟའ་ཕུར་བུའི་ཉིན་དྷརྨ་ཤཱལཱ་ཉེ་མཁྲིས་སུ་ཆགས་པའི་ཀང་རཱ་རྗོང་ར་ཇཱེན་དརྷ་པརཱ་སཱཌ་སྨན་གྱི་སློབ་ཆེན་(Dr Rajandra Prasad Government Medical College) སྨན་ཁང་དུ་འདས་གྲོངས་སུ་གྱུར་འདུག
ཡང་ལོ་ན་༦༧ ལ་སོན་པའི་སུ་དྷ་དིཝི་ལ་ཕག་པའི་ཆམ་རིམས་འགོས་ཁྱབ་བྱུང་བ་སྨན་ཁང་དེ་རང་གིས་ཤེས་རྟོགས་བྱུང་སྟེ། ད་ཆ་ཁོང་དྲག་སྐྱེད་འགྲོ་བཞིན་ཡོད་པ་སྨན་པས་བརྗོད་འདུག

ཡང་ལི་ལཱ་དིཝི་ཟེར་བ་ཞིག་ད་ལྟ་སིམ་ལར་རྟེན་གཞི་བྱས་པའི་ཨིན་དྷི་རཱ་གྷན་དྷི་སྨན་གྱི་སློབ་ཆེན་(IGMC)སྨན་ཁང་དུ་ཡོད་པ་དང་ཁོང་ལ་ཡང་ཕག་པའི་ཆམ་རིམས་འགོས་ཁྱབ་བྱུང་ཡོད་པའི་གནས་ཚུལ་སྤེལ་འདུག
བྱ་དགོས་པའི་རིགས།
ལག་པ་གཙང་མ་བཀྲུ་དགོས།
འདུ་འཛོམས་ཆེ་སར་གཡོལ་དགོས།
གཉིད་མང་ཙམ་ཉལ་དགོས།
ཟས་སྐོམ་བཅུད་ལྡན་བསྟེན་དགོས།
གློ་དང་ཧབ་སྦྲིད་སྐབས་ཁ་ན་བསྐབ་དགོས།

ཨིན་དྷི་རཱ་གྷན་དྷི་སྨན་གྱི་སློབ་ཆེན་གྱི་སྨན་ལས་དོ་དམ་པ་རྒན་པ་སྨན་པ་རཱ་མེ་ཤ ཅན་ཌ་མཆོག་གིས་བརྗོད་གསལ་ལྟར་ན། ལི་ལཱ་དིཝི་ཆམ་པ་དང་ཚད་ནད་ཕོག་སྟེ་སྨན་ཁང་ལ་ཕེབས་ཡོད། ང་ཚོས་བརྟག་དཔྱད་བྱས་ཏེ་ཁོ་མོ་ལ་ཕག་པའི་ཆམ་རིམས་འགོས་ཁྱབ་བྱུང་ཡོད་པ་ཤེས་རྟོགས་བྱུང་། ད་ལྟ་ང་ཚོས་ཁོ་མོའི་ནང་མི་དང་ནད་པ་འགའ་ལ་སྨན་ཏ་མི་ཧྥ་ལུ་ (tamiflu) སྤྲད་དེ་ནད་ཡམས་ཁྱབ་བརྡལ་མི་འགྲོ་བའི་ཆེད་བྱ་ར་བྱེད་བཞིན་ཡོད་ཟེར།
འཕྲོད་བསྟེན་འགན་འཛིན་བྷལ་དིཝེ་མཆོག་གིས་གསུངས་དོན། ཕག་པའི་ཆམ་རིམས་དེ་རྫ་དྲག་གི་གནས་ཚུལ་མིན་ཡང་ང་ཚོའི་ངོས་ནས་ནད་ཡམས་དེ་ལ་ལྟ་ཞིབ་ནན་ཏན་བྱེད་བཞིན་ཡོད། ང་ཚོས་ཕག་པའི་ཆམ་རིམས་འགོས་ཁྱབ་བྱུང་ཡོད་པའི་ནད་པ་རྣམས་ཀྱི་ནང་མི་སྤུན་མཆེད་དང་དེ་བཞིན་ནད་པ་གཞན་ལ་ནད་ཡམས་ཁྱབ་བརྡལ་མི་འགྲོ་བའི་ལས་དོན་དེ་དག་མྱུར་དུ་བསྒྲུབ་རྒྱུར་འབད་བརྩོན་བྱེད་ཀྱི་ཡོད་ཟེར།
བྱ་མི་རུང་བའི་རིགས།
ལག་པ་གཏོང་བ་དང་འཐམ་འཁྱུད་མི་རུང་།
མི་མང་དཀྱིལ་ལ་མཆིལ་མ་གཏོར་མི་རུང་།
སྨན་པའི་བཀའ་མེད་པར་སྨན་ཟ་མི་རུང་།
ན་དུས་ཁང་པའི་ནང་ལོགས་སུ་སྡོད་མི་རུང་།
ཕྱི་ལོ་༢༠༡༥ ལོར་ཧི་མ་ཅལ་མངའ་སྡེའི་ནང་ནད་པ་་སུམ་ཅུ་སོ་དྲུག་ཙམ་ཕག་པའི་ཆམ་རིམས་རྐྱེན་གྱིས་འདས་གྲོངས་སུ་གྱུར་ཡོད་པ་དང་། མི་གྲངས་ལྡ་བརྒྱ་ཙམ་ལ་ཕག་པའི་ཆམ་རིམས་འགོས་ཁྱབ་བྱུང་ཡོད། ཡིན་ན་ཡང་གནས་ཚུལ་དེ་དག་ཕལ་མོ་ཆེ་དགུན་དུས་སུ་བྱུང་ཡོད།
 སྨན་པ་ར་མེ་ཤ་མཆོག་གིས་འབོད་བསྐུལ་གནང་དོན། ཕག་པའི་ཆམ་རིམས་ནི་ཁ་ན་བརྒྱུད་དེ་འགོས་ཁྱབ་འགྲོ་བའི་ནད་གཞི་ཡིན་པས། གལ་ཏེ་ཁྱེད་རང་ལ་ཆམ་པ་ཕོག་པ་དང་ཚ་བ་འབར་ནས་ཉིན་གསུམ་བཞི་ལྷག་སོང་ན། ནད་གཞི་དེ་རྒྱུན་ལྡན་གྱི་ཆམ་རིམས་ཤིག་མིན་པས་སྨན་པར་ངེས་པར་བསྟེན་གཏུགས་གནང་དགོས་ཟེར།


འབྲེལ་ཡོད་ཡིག་ཆ་ཁག

དྷ་སའི་ཉེ་མཁྲིས་སུ་ཕག་པའི་ཆམ་རིམས་བསླེབས་ཟིནའདུག
ཕག་པའི་ཆམ་རིམས་སྐོར་གྱི་འཕྲོད་བསྟེན་ཤེས་བྱ།


མཐའ་མའི་འདོན་ཐེངས་།: 29.06.2017 ཉིན། 9:46 AM

<< སྔ་མ།

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

ཐོན་ཟོག་ཁྲལ་འབབ་སྡེ་ཚན་གྱིས་ཆེ་བསྟོད་གནང་།

བོད་ཡིག་མིང་བྱང་ལ་འགྱུར་བཅོས་བཏང་བ།

ཅོན་ཏ་ར་སྨན་སྦྱོར་སྡེ་ཚན་དུ་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།

བརྟན་བཞུགས་སྔོན་འགྲོའི་རིམ་གྲོར་སྲོག་ཆགས་ཚེ་ཐར་བཏང་བ།

འགྲོ་ཕན་སྨན་རྩིས་ཁང་གི་མིང་དུ་བརྫུས་ཏེ་ནད་པ་བསླུ་བྲིད་བྱེད་པའི་གནས་ཚུལ།

ཁ་ལོ་བ་གཅིག་དང་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།

ཆོད་གན་ལས་མི་སྐྱེས་པ་གཉིས་དང་བུད་མེད་གསུམ་གྱི་ས་མིག་གསལ་བསྒྲགས།

ལེའུ་དང་པོ། ཀླད་དོན་གླེང་སློང་བ།

ལེའུ་གཉིས་པ། རླུང་ནད་གསོ་བ།

ལེའུ་གསུམ་པ། མཁྲིས་པའི་ནད་གསོ་པ།

ལེའུ་བཞི་པ། བད་ཀན་གྱི་ནད་བཅོས་པ།

ལེའུ་ལྔ་པ། འདུས་པའི་ནད་གསོ་བ།

ལེའུ་དྲུག་པ། མ་ཞུ་བ་གསོ་བ།

ལེའུ་བདུན་པ། གཅོང་ཆེན་སྐྲན་ནད་བཅོས་པ།

ལེའུ་བརྒྱད་པ། སྐྱ་རྦབ་ཀྱི་ནད་གསོ་བ།