སྨན་རྩིས་དྲ་བ། - སྨན་རྩིས་ཁང་གི་བྱུང་རབས། སྨད་ཆ།

སྨན་རྩིས་མཁས་པའི་སློབ་སྟོན་ཚོགས་ཆུང་།

བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 13.04.2016
སྨན་རྩིས་ཁང་གི་བྱུང་རབས། སྨད་ཆ། >>

<< བོད་གཞུང་སྨན་རྩིས་ཁང་གི་བྱུང་རབས། སྨད་ཆ། >>


སྨན་རྩིས་མཁས་པའི་སློབ་སྟོན་ཚོགས་ཆུང་།

སྨན་རྩིས་མཁས་པའི་སློབ་སྟོན་ཚོགས་ཆུང་༼ཚོགས་ཆུང་འདི་ནི་ཕྱི་ལོ་ ༡༩༩༤ ལོར་གསར་དུ་བཙུགས་ནས་དུས་ཡུན་གང་འཚམས་རིང་ྋསྐུའི་བླ་སྨན་པ་རྣམ་པས་དུས་ཚོད་ངེས་མེད་ཐོག་རིག་གཞུང་སྡེ་ཚན་ཁག་གི་བྱེད་སྒོ་ཁག་ལ་ལམ་སྟོན་དང་། དབུས་དང་ཕྱོགས་མཐའི་སྨན་པ་རྣམས་ལ་གཞུང་དང་ལག་ལེན་ཁྲོད་འཕྲད་པའི་དཀའ་གནད་དང་དོགས་གནས་ཁག་སྐབས་འཕྲལ་གསེད་བཀྲོལ་དང་སློབ་སྟོན། བོད་མིའི་གཞིས་སྒར་ཁག་གིས་གཙོས་པའི་ཡན་ལག་ཁག་ལ་ལོ་ལྟར་ཐེངས་མང་ཕེབས་ཏེ་ནད་པར་སྨན་བཅོས་དང་འཕྲོད་བསྟེན་སློབ་གསོ། སྨན་པ་གཞོན་པར་མན་ངག་ལག་ལེན་བརྒྱུད་སྤྲོད་གནང་བ་བཞིན་ད་ལྟ་སྨན་པ་བགྲེས་པ་དག་གིས་ཀྱང་མཇུག་སྐྱོང་གནང་བཞིན་ཡོད།༽

ད་ཆ་ཚོགས་ཆུང་འདིའི་རྣམ་པ་ཅུང་ཟད་འགྱུར་ཡོད་དེ། དེ་ཡང་སྨན་རྩིས་ཁང་གི་སྒྲིག་གཞི་ལྟར་ན། ཚོགས་ཆུང་འདིའི་ཚོགས་མི་རྣམས་སྨན་རམས་པ་འབྲིང་ཡན་དང་། དེ་ཡང་སྐབས་ཐོག་དགོས་དབང་ལ་གཞིགས་ཏེ་འཛིན་སྐྱོང་ཚོགས་ཆུང་ནས་བསྐོ་བཞག་བྱ་རྒྱུ། ཚོགས་ཆུང་དེས་སྨན་རྩིས་ཁང་འཛིན་སྐྱོང་དང་རིག་གཞུང་ལྷན་ཚོགས་ཀྱི་བཀོད་བྱུས་འོག་སྨན་རྩིས་རིག་གཞུང་དང་འབྲེལ་བའི་སྡེ་ཚན་ཁག་གི་རྒྱུན་ལྡན་བྱེད་སྒོ་ཁག་ལ་རྟོགས་ཞིབ་དང་། ཞུ་དག ལམ་སྟོན་གནང་རྒྱུ། སྨན་རྩིས་པའི་ཤེས་ཡོན་དང་ལག་རྩལ་གོང་མཐོར་གཏོང་ཕྱོགས་དང་། ཉམས་ཞིབ་བྱ་ཕྱོགས་སོགས་ཀྱི་ཐད་ལ་གྲོས་སྒོ་དང་ལམ་སྟོན་བྱ་རྒྱུ། སྨན་སྦྱོར་ཁང་དང་གསོ་རིག་ཐོན་རྫས་གསར་བཟོ་དང་སྤུས་ཚད་ཡར་རྒྱས་གཏོང་རྒྱུ་སོགས་ལ་གྲོས་སྒོ་དང་། ལས་འཆར་བཟོ་འདོན་ཞུས་པར་རྒྱབ་གཉེར་གནང་རྒྱུ། སྨན་རྩིས་སློབ་མའི་ཤེས་ཡོན་ཡར་རྒྱས་གཏོང་ཕྱོགས་སྐོར་དུས་ནས་དུས་སུ་བསྐྱར་ཞིབ་ཀྱིས་དགོས་ངེས་ཀྱི་འགྱུར་བ་གཏོང་དགོས་རིགས་རྣམས་འཆར་ཟིན་བཟོས་ཏེ་རིག་གཞུང་ལྷན་ཚོགས་ལ་སྙན་གསེང་ཞུ་རྒྱུ། ཞེས་གསལ་ཡོད།


གཞན་ཡང་སྨན་རྩིས་ཁང་གི་གལ་ཆེའི་ལས་དོན་ཐག་གཅོད་དང་འགན་འཁུར་ཞུ་ཕྱོགས་ཀྱི་ཆ་ནས་ཁག་བགོས་ཚོགས་ཆུང་ཁག་ལས།

དང་པོ། འཛིན་སྐྱོང་ཚོགས་ཆུང་། ཚོགས་ཆུང་གི་གྲུབ་ཆ་ནི། སྨན་རྩིས་ཁང་གི་ངེས་སྟོན་པ་དང་དྲུང་ཆེ། གཞན་ཡང་ཡན་ལག་སྤྱི་འགན་བཅས་ཡིན་ཞིང་།  འཛིན་སྐྱོང་གི་ལས་དོན་ལ་གཞིགས་ཏེ་ཚོགས་དུས་ལ་དམིགས་བསལ་ངེས་བཟུང་མེད་ཀྱང་འགན་འཛིན་ལྷན་ཚོགས་ནས་གཏན་འབེབས་སྲིད་བྱུས་ལག་བསྟར་ཆེད་ཟླ་རེའི་ནང་ཐེངས་གཅིག་ལས་མི་ཉུང་བ་ཚོགས་དགོས་པ་གཏན་འབེབས་གནང་ཡོད།

ཚོགས་ཆུང་འདིའི་དབང་ཚད་དང་ཞུ་སྒོ་ཁག་ནི། ཚོགས་ཆུང་འདི་ལ་སྨན་རྩིས་ཁང་སྒྲིག་འཛུགས་ཀྱི་ལས་དོན་འཛིན་སྐྱོང་སྤེལ་གསུམ་བྱེད་པའི་འགན་འཁྲི་ཡོད་པས་དེ་ཚོད་ཀྱི་དབང་ཚད་ཅིག་ཡོད་ངེས་ཡིན། ཞུ་སྒོ་ཁག་ནི། ཚོགས་ཆུང་འདིས་སྨན་རྩིས་ཁང་གི་ལས་བྱེད་ཡོངས་ཀྱི་གླ་ཕོགས་སམ་ཁེ་ཕན་སྤྲོད་ཕྱོགས་ཚད་འཛིན་གཏན་འབེབས་བྱས་ཏེ་འགན་འཛིན་ལྷན་ཚོགས་ནས་བཀའ་འཁྲོལ་ཞུ་དགོས་པ་དང་། བསམ་འཆར་ཞུ་ཡིག་དང་སྙན་ཞུ་ལེན་ཉར་བྱ་རྒྱུ་དང་དེ་དག་ལ་གཟིགས་ཞིབ་ཀྱིས་ཐག་གཅོད་བྱ་རྒྱུ། དངོས་ཟོག་ཕན་མེད་དང་བོར་བརླག སྐྱོན་ཤོར་རིགས་དེད་ཁོངས་མེད་པའི་རྩིས་ཆད་བྱུང་རིགས་ཀྱི་དངུལ་འབོར་སྒོར་ཆིག་འབུམ་མན་རྩིས་སེལ་བཀའ་འཁྲོལ་གཏོང་རྒྱུ། སྒྲིག་འཛུགས་འདིའི་ནང་ཁུལ་སྡེ་ཚན་ཁག་གི་འགན་འཛིན་རྣམས་བསྐོ་བཞག་བྱ་རྒྱུའི་འགན་དབང་ཡོད་པ་རེད།

 

གཉིས་པ། སྨན་རྩིས་རིག་གཞུང་ལྷན་ཚོགས། ལྷན་ཚོགས་འདིའི་གྲུབ་ཆ་ནི། ཚོགས་གཙོ་ངེས་སྟོན་པ་དང་། ཚོགས་མི་རྣམས་ནི་དབུས་རིག་གཞུང་སྡེ་ཚན་ཁག་གི་འགན་འཛིན་རྣམས་དང་སྨན་རྩིས་པ་གསུམ་ལས་མི་ཉུང་པ་བཅས་ལས་གྲུབ་ཡོད་ཅིང་། སྡེ་འགན་མ་ཡིན་པའི་ཚོགས་མི་གཞན་རྣམས་དུས་ཡུན་ལོ་གསུམ་ཡིན། ལྷན་ཚོགས་འདི་ནི་སྒྲིག་འཛུགས་འདིའི་ཆེས་མཐོའི་རིག་གཞུང་ལྷན་ཚོགས་ཡིན་དགོས་ལ་རྩ་འཛིན་དེབ་སྐྱེལ་ཡིག་ཆ་དང་སྨན་རྩིས་ཁང་གི་སྒྲིག་གཞི་ཁག་གི་འབྲུ་དོན་སྟངས་འཛིན་འོག་འགྲོ་དགོས། ལྷན་ཚོགས་འདིའི་དབང་ཚད་དང་ཞུ་སྒོ་ཁག་ནི། སྨན་རྩིས་མཐོ་སློབ་ཁང་གི་ཤེས་ཡོན་དང་།  སློབ་ཁྲིད། ཞིབ་འཇུག རྒྱུགས་སྤྲོད། ཡིག་རྒྱུགས་བཅས་ཀྱི་ཚད་གཞི་སྲུང་འཛིན་དང་གོང་འཕེལ་གཏོང་རྒྱུ། སྨན་རྩིས་རིག་གཞུང་དང་འབྲེལ་བའི་ལས་དོན་ཡར་རྒྱས་གཏོང་རྒྱུ་དང་ཉམས་ཞིབ་བྱེད་མི་ཚོའི་སྙན་ཐོར་དུས་ནས་དུས་སུ་བསྐྱར་ཞིབ་དང་ལམ་སྟོན་བྱ་རྒྱུ། སྨན་རྩིས་རིག་གཞུང་ཡར་རྒྱས་གཏོང་ཕྱོགས་ཀྱི་གནད་དོན་ལ་འགན་འཛིན་ལྷན་ཚོགས་ཀྱི་ལམ་སྟོན་གཞིར་བཟུང་བསམ་ཞིབ་དང་འབྲེལ་ལག་བསྟར་བྱ་འོས་བྱ་རྒྱུ། སྨན་རྩིས་སློབ་ཕྲུག་བསྡུ་ཕྱོགས་ཀྱི་ཚད་གཞི་དང་སློབ་ཁྲིད་རྩ་འཛིན་བཟོ་འདོན་བྱ་རྒྱུ། སྨན་རྩིས་ཡིག་རྒྱུགས་ཆེད་རྒྱུགས་བཞེས་ཚོགས་ཆུང་དང་། བར་དཔང་།  ཆེད་ལས་མི་སྣ་བསྐོ་འཛུགས་བྱས་པར་ཆོག་མཆན་སྤྲོད་རྒྱུ། འདི་ནས་བཟོ་སྦྱོར་བྱས་པའི་གསོལ་སྨན་དང་ཐོན་དངོས་གཞན་དག་གི་སྤུས་ཚད་སྟངས་འཛིན་དང་གོང་འཕེལ་གཏོང་རྒྱུར་ལམ་སྟོན་བྱ་རྒྱུ། རིག་གཞུང་སྡེ་ཚན་ནང་ཁུལ་གྱི་འབྲེལ་གཏུགས་ཐབས་བྱུས་གྲོས་འདོན་བྱ་རྒྱུ། བོད་སྨན་སྤྱི་དང་། སྒྲིག་འཛུགས་འདིས་སྦྱོར་བཟོ་བྱས་པའི་གསོལ་སྨན་དང་ཐོན་དངོས་བཅས་ལ་ནད་ཐོག་ཉམས་ཞིབ་བྱེད་པར་ལུགས་མཐུན་ཐབས་ལམ་དང་བྱེད་རིམ་གཏན་འབེབས་བྱ་རྒྱུ། བོད་ཀྱི་གསོ་རིག་དང་རྩིས་ཀྱི་སྐོར་ལ་དཔེ་དེབ་དང་། འགྲེལ་པ། རྩོམ་བྲིས་ཁག་དཔེ་སྐྲུན་བྱེད་པར་ཆོག་མཆན་སྤྲོད་རྒྱུ། རིག་གཞུང་སྡེ་ཚན་ཁག་གི་ལས་གཞི་ལ་དུས་ཚོད་ངེས་ཅན་ཐོག་བསྐྱར་ཞིབ་བྱ་རྒྱུ་དང་། སྡེ་ཚན་འདི་དག་གི་གནས་ཚད་སྲུང་འཛིན་དང་ཡར་རྒྱས་ཡོང་ཆེད་འོས་འཚམས་ཀྱི་ལག་བསྟར་བྱ་འོས་བྱ་རྒྱུ། སྨན་རྩིས་ཁང་གི་ལས་འཆར་གསར་བ་དང་ལས་དོན་གལ་ཆེའི་རིགས་འགན་འཛིན་ལྷ་ཚོགས་ལ་སྙན་གསེང་ཞུ་རྒྱུ་དང་སྡེ་ཚན་གང་ཞིག་གསར་འཛུགས་དང་ཕྱིར་བསྡུ་བྱ་རྒྱུའི་སྐོར། འགན་འཛིན་ལྷན་ཚོགས་ཀྱི་བཀའ་བཀོད་ལྟར་དམིགས་བསལ་གནད་དོན་ཁག་ལ་སློབ་སྟོན་བྱེད་པའི་ཚོགས་ཆུང་བསྐོ་འཛུགས་བྱ་རྒྱུ། སྒྲིག་གཞི་དང་ཟུར་རྒྱན་སྒྲིག་གཞིའི་གནང་བ་དང་འགན་འཁྲི་ཡོད་པའི་དབང་ཚད་དང་ལས་འགན་རྣམས་བེད་སྤྱོད་ལག་བསྟར་བྱ་རྒྱུ་བཅས་སོ།།

ལྷན་ཚོགས་འདི་ལས་དོན་ལ་གཞིགས་ཏེ་ཐེངས་མང་ཚོགས་ཆོག་ལ། མ་མཐར་ཟླ་ངོ་བཞིའི་ནང་ཐེངས་གཅིག་ངེས་པར་འཚོགས་དགོས་པ་དང་། དེ་ཡང་ཚོགས་མི་གསུམ་ཆ་གཉིས་འཛོམས་ན་ལས་ཚོགས་མི་ཆོག་པ་བཅས་སོ།།

 

བཞི་པ། ལས་བྱེད་འདེམས་བསྐོ་དང་བཀོད་སྒྲིག་ཚོགས་ཆུང་།

ཚོགས་ཆུང་འདིའི་ཚོགས་མིའི་གྲུབ་ཆ་ནི། ངེས་སྟོན་པ་དང་དྲུང་ཆེ་རྣམ་གཉིས་སྟེང་ཆེད་ལས་པ་གཉིས་དང་ལས་བྱེད་གཅིག་བཅས་ཡིན་ཞིང་།  ཚོགས་ཆུང་འདིའི་ཞུ་སྒོ་ཁག་ནི། ལས་བྱེད་བསྡུ་ལེན་དང་འཕོ་འགྱུར་གཏོང་ཕྱོགས་བཅས་ཡིན་པ་དང་། འགན་འཛིན་ལྷན་ཚོགས་ཀྱིས་ལས་བྱེད་འདེམས་བསྐོ་དང་བཀོད་སྒྲིག་ཚོགས་ཆུང་གི་འགན་འཁྲི་དང་བྱེད་སྒོ་གཏན་འབེབས་བྱེད་པའི་ཟུར་རྒྱན་སྒྲིག་གཞི་ཟུར་བཟོ་བྱ་རྒྱུ། ཟུར་རྒྱན་སྒྲིག་གཞིའི་ནང་གོང་གསལ་ཐག་གཅོད་བྱ་ཕྱོགས་ཀྱི་ཚིག་དོན་ཡང་འཁོད་དགོས་པ་བཅས་སོ།།

 

ལྔ་པ། དངུལ་རྩིས་ཚོགས་ཆུང་།  

ཚོགས་ཆུང་འདིའི་གྲུབ་ཆ་ནི། ངེས་སྟོན་པ་དང་། དྲུང་ཆེ། དངུལ་རྩིས་འགན་འཛིན། ནང་ཞིབ་འགན་འཛིན་བཅས་ཡིན་ཞིང་། ཚོགས་ཆུང་དེའི་འགན་དབང་དང་ཞུ་སྒོ་ཁག་ནི། དྲུང་ཆེས་བཟོ་འགོད་བྱས་པའི་ལོ་རེའི་སྔོན་རྩིས་དཔྱད་ཞིབ་ཀྱིས་འགན་འཛིན་ལྷན་ཚོགས་ལ་འབུལ་ལམ་ཞུ་རྒྱུ། སྡེ་ཚན་ཁག་གི་དགོས་མཁོ་ལ་གཞིགས་ཏེ་མ་དངུལ་ཟུར་བཅད་བྱ་རྒྱུ། མ་དངུལ་ཟུར་བཅད་ཇི་ལྟར་བྱ་རྒྱུ་དང་དེའི་འགྲོ་སྒོ་ཁག་གི་རྩ་འཛིན་ཡིག་ཆ་གཏན་འབེབས་བྱ་རྒྱུ། སྒྲིག་འཛུགས་འདིའི་ཡོང་འབབ་དང་ཁེ་བབ། ཞལ་འདེབས་ཡོང་སྒོ་དང་དེར་འབྲེལ་འགྲོ་སྒོ་ཁག་གི་བྱུང་སོང་ཁ་འཐབ་ཡོང་བར་བཀོད་ཁྱབ་གཏོང་རྒྱུ། དགོས་དངུལ་བདག་ཉར་བརྟན་པོ་བྱ་ཕྱོགས་ཐད་བཀོད་བྱུས་གཏོང་རྒྱུ་དང་། སྒྲིག་འཛུགས་འདིའི་ཚན་ཁག་སོ་སོའི་རྩིས་ཁྲར་མཚན་རྟགས་འགོད་མི་ཚོད་དབང་ཚད་གནང་རྒྱུ། དངུལ་རྩིས་ཚོགས་ཆུང་གི་ལས་འགན་སྒྲུབ་ཆེད་དགོས་གལ་མཆིས་ཚེ་ནང་གསེས་ཚོགས་ཆུང་བསྐོ་འཛུགས་བྱ་རྒྱུ། ཚོགས་ཆུང་འདི་དགོས་གལ་གཟིགས་ཏེ་ཐེངས་མང་ཚོགས་ཆོག་པ་དང་། རྩིས་ཞིབ་བྱས་པའི་རྩིས་ཁྲ་དང་དགོས་ངེས་ངོས་སྦྱོར་རྣམས་ལ་འགན་འཛིན་ལྷན་ཚོགས་ཀྱི་ངོས་ལེན་བཀའ་འཁྲོལ་ཡོང་བར་རྒྱབ་གཉེར་བྱ་རྒྱུ་བཅས་སོ།།


གཞན་ཡང་ས་ཁང་ཚོགས་ཆུང་། ལས་ཤག་གོ་སྒྲིག་ཚོགས་ཆུང་། དཔལ་འབྱོར་འདུ་འགོད་ཚོགས་ཆུང་། སྨན་རྒྱུ་མཁོ་སྒྲུབ་ཚོགས་ཆུང་། སྤྱི་ཐབ་ཚོགས་ཆུང་།  དཔེ་མཛོད་ཚོགས་ཆུང་། ཡིག་ཚད་ཚོགས་ཆུང་། སྨན་རྩིས་བོད་ཡིག་དུས་དེབ་ཚོགས་ཆུང་། སྨན་རྩིས་ཨིན་ཡིག་དུས་དེབ་ཚོགས་ཆུང་། ཁོར་ཡུག་གཙང་བཟོ་ཚོགས་ཆུང་། ལས་བྱེད་བདེ་དོན་ཚོགས་ཆུང་། ལས་བྱེད་སྤྲོ་སྐྱིད་ཚོགས་ཆུང་། བུ་བཅོལ་ཁང་ཕ་མའི་ཚོགས་ཆུང་བཅས་ལ་སྐལ་བབ་སོ་སོའི་ལས་དོན་བྱེད་ཕྱོགས་དང་འབྲེལ་བའི་འགན་དབང་རེ་དང་ཞུ་སྒོ་རེ་ཡོད་ཀྱང་མང་བར་དོགས་ནས་མ་བྲིས།།

 


མཐའ་མའི་འདོན་ཐེངས་།: 16.04.2016 ཉིན། 12:00 PM

<< སྔ་མ།

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

ཐོན་ཟོག་ཁྲལ་འབབ་སྡེ་ཚན་གྱིས་ཆེ་བསྟོད་གནང་།

བོད་ཡིག་མིང་བྱང་ལ་འགྱུར་བཅོས་བཏང་བ།

ཅོན་ཏ་ར་སྨན་སྦྱོར་སྡེ་ཚན་དུ་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།

བརྟན་བཞུགས་སྔོན་འགྲོའི་རིམ་གྲོར་སྲོག་ཆགས་ཚེ་ཐར་བཏང་བ།

འགྲོ་ཕན་སྨན་རྩིས་ཁང་གི་མིང་དུ་བརྫུས་ཏེ་ནད་པ་བསླུ་བྲིད་བྱེད་པའི་གནས་ཚུལ།

ཁ་ལོ་བ་གཅིག་དང་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།

ཆོད་གན་ལས་མི་སྐྱེས་པ་གཉིས་དང་བུད་མེད་གསུམ་གྱི་ས་མིག་གསལ་བསྒྲགས།

ལེའུ་དང་པོ། ཀླད་དོན་གླེང་སློང་བ།

ལེའུ་གཉིས་པ། རླུང་ནད་གསོ་བ།

ལེའུ་གསུམ་པ། མཁྲིས་པའི་ནད་གསོ་པ།

ལེའུ་བཞི་པ། བད་ཀན་གྱི་ནད་བཅོས་པ།

ལེའུ་ལྔ་པ། འདུས་པའི་ནད་གསོ་བ།

ལེའུ་དྲུག་པ། མ་ཞུ་བ་གསོ་བ།

ལེའུ་བདུན་པ། གཅོང་ཆེན་སྐྲན་ནད་བཅོས་པ།

ལེའུ་བརྒྱད་པ། སྐྱ་རྦབ་ཀྱི་ནད་གསོ་བ།