སྨན་རྩིས་དྲ་བ། - མདུན་ངོས།

སྨན་རྩིས་པར་ནང་ཆོས་ཀྱི་ཟབ་སྦྱོང་།

བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 14.10.2013
མདུན་ངོས། >> གསར་འགྱུར།

 

སྨན་རྩིས་པར་ནང་ཆོས་ཀྱི་ཟབ་སྦྱོང་།


ཕྱི་ལོ་༢༠༡༣ ཟླ་བ་༩ ཚེས་༣  ནས་ཕྱི་ཟླ་༡༠ ཚེས་༣ བར་ཟླ་གཅིག་རིང་བོད་ཀྱི་སྨན་རྩིས་ཁང་གི་ལུས་སེམས་སྲོག་གི་སྡེ་ཚན་ནས་མོན་གྷོ་འབྲས་སྤུངས་བློ་གསལ་གླིང་དུ་སྨན་རྩིས་པ་ཉི་ཤུ་ལ་སེམས་སེམས་བྱུང་དང་སྒོམ་བཟླས་སོགས་ཀྱི་ཟབ་སྦྱོང་ཞིག་གོ་སྒྲིག་གནང་འདུག

དེ་ཡང་ཕྱི་ཟླ་ ༩ ཚེས་ ༣ ལ་དཔལ་ལྡན་འབྲས་སྤུངས་ཁྲི་ཆེན་རྡོ་རྗེ་འཆང་མཆོག་གིས་གཙོས་དགེ་བའི་བཤེས་གཉེན་རྣམ་པ་དང་ས་གནས་ཡན་ལག་སྨན་གཉིས་ཀྱི་འགན་འཛིན་སྨན་པ་རྣམ་གཉིས། ཟབ་ཞུགས་པ་བཅས་ཚང་འཛོམས་ཐོག་སྨན་རྩིས་ཁང་གི་སྤྱི་སྲོལ་ལྟར་མཛད་སྒོ་སྟབས་བདེ་ཞིག་ཚོགས་ཤིང། མཛད་སྒོའི་ཐོག་ལུས་སེམས་སྲོག་སྡེ་ཚན་འགན་འཛིན་ནས་ཟབ་སྦྱོང་གི་དམིགས་ཡུལ་ངོ་སྤྲོད་དང། ཆེད་དུ་རེ་སྐུལ་ཞུས་པའི་ཟབ་ཁྲིད་གནང་མཁན་དགེ་རྒན་རྣམ་པ་མཚམས་སྦྱོར་དང་སྦྲགས་མཇལ་དར་སྒྲོན། དེ་བཞིན་ཟབ་སྦྱོང་ཆེད་བཅར་སྨན་རྩིས་པ་རྣམས་ངོ་སྤྲོད་གནང་འདུག

ནང་ཆོས་ཟབ་སྦྱོང་དེའི་རིང་སྔ་དྲོ་དགེ་རྒན་རྣམ་པས་སློབ་འཁྲིད་དང་། ཕྱི་དྲོ་ལུས་སེམས་སྲོག་གི་སྡེ་ཚན་འགན་འཛིན་དགེ་བཤེས་བསྟན་པ་བཀྲ་ཤིས་ལགས་ཀྱི་སྣེ་འཁྲིད་འོག་ཁྲིད་ཟིན་སློབ་ཚན་ཁག་ལས་གསལ་རྟོགས་མ་བྱུང་བ་དང་མ་ཤེས་པ་གང་ཡོད་བསྐྱར་བཤད་བསྐྱར་ཞིབ་ཀྱིས་གསལ་རྟོགས་ཐུབ་ཐབས་དང་། ཚོགས་ཆུང་ཆེད་བགོས་ཀྱི་སྦྱང་བཤད་ཡང་ཡང་བྱས་པ་མ་ཟད། དྲི་བ་དྲིས་ལན་སོགས་ལས་རིམ་འདྲ་མིན་དང་། སྒོམ་སྒྲུབ་བྱེད་སྟངས་སོགས་ཀྱི་ལས་རིམ་སོགས་ཁྱོན་འཛིན་ཚོགས་ཐེངས་བརྒྱ་དང་ཉི་ཤུ་གནང་འདུག

ཐེངས་དེའི་ནང་ཆོས་ཀྱི་ཟབ་སྦྱོང་སྔར་རྒྱུན་དང་མི་འདྲ་བར་ཡིག་རྒྱུགས་ཀྱང་བཏང་གནང་འདུག དེ་ཡང་ཟབ་ཁྲིད་གནང་མཁན་ཁོངས་ནས་དགེ་བཤེས་གསུམ་རྒྱུགས་ཞིབ་པར་གདན་ཞུས་ཐོག་ཕྱི་ཟླ་༡༠ ཚེས་ ༢ སྔ་དྲོར་འབྲི་རྒྱུགས་དང་། ཕྱི་དྲོར་གཏམ་བཤད་ཀྱི་སྒོ་ནས་ཡིག་རྒྱུགས་བཏང་གནང་འདུག    རྒྱུགས་འབྲས་ཁག་གཉིས་ནས་བརྒྱ་ཆ་མཐོ་ཤོས་༩༤ དང་དམའ་ཤོས་༥༤  བྱུང་བའི་ཁོངས་ནས་གྲུབ་འབྲས་རབ་ལེན་མཁན་བཅོ་ལྔ་དང་། འབྲིང་བཞི།    ཐ་གཅིག་བཅས་ཡིན་འདུག་པས་སྤྱི་ཡོངས་ཀྱི་ཆ་ནས་གྲུབ་འབྲས་ལེགས་པོ་བྱུང་ཡོད་པ་དགེ་རྒན་རྣམ་པ་དང་གྲྭ་ཚང་གི་ངོས་ནས་ཀྱང་བསྔགས་བརྗོད་ཆེན་པོ་གནང་འདུག

ཕྱི་ཟླ་༡༠ ཚེས  ༤  ཉིན་འབྲས་སྤུངས་ཁྲི་ཆེན་རྡོ་རྗེ་འཆང་མཆོག་གིས་གཙོས་དགེ་བའི་བཤེས་གཉེན་རྣམ་པ་དང་གྲྭ་ཚང་གི་ཕྱག་མཛོད། གཞན་ཡང་ཀཱར་ནཱ་ཌ་ཀའི་མངའ་སྡེའི་དབུས་གྲོས་ཚོགས་ཀྱི་དྲུང་ཆེ་མཆོག་དང།  ཕྱི་ལུགས་སྨན་པ་གཅིག  ཟབ་སྦྱོང་བ་རྣམས་ཚང་འཛོམས་ཐོག་དགེ་བའི་བཤེས་གཉེན་རྣམ་པར་ཐུགས་རྗེ་ལེགས་འབུལ་འབུལ་ལམ་ཞུས་པ་དང།  དེ་ནས་སྨན་རྩིས་པ་ཚོའི་ཟབ་སྦྱོང་གི་རྒྱུགས་འབྲས་སྒྲོག་སྦྱང་དང་ཨང་རིམ་བཞིན་ཁྲི་ཆེན་རྡོ་རྗེ་འཆང་མཆོག་ནས་ལག་ཁྱེར་གསོལ་སྩལ་གནང་བ་མ་ཟད། འབྲས་སྤུངས་ཁྲི་བ་དང་ནཱ་ཌ་ཀའི་མངའ་སྡེའི་དབུས་གྲོས་ཚོགས་ཀྱི་དྲུང་ཆེ་རྣམ་གཉིས་ནས་བླང་དོར་ལམ་སྟོན་བཀའ་སློབ་ཀྱང་གནང་འདུག  དེ་ནས་ལུས་སེམས་སྲོག་གི་སྡེ་ཚན་གྱི་རྩིས་རམས་པ་བསྟན་འཛིན་སྙན་གྲགས་ལགས་ནས་ཐུགས་རྗེ་ཆེའི་གཏམ་བཤད་དང་། སྨན་རྩིས་བསྟན་རྒྱས་སྨོན་ལམ་བཏོན་ཏེ་ཟབ་སྦྱོང་དེ་བཞིན་རྒྱལ་ཁའི་ངང་མཇུག་སྒྲིལ་གནང་འདུག
 

མཐའ་མའི་འདོན་ཐེངས་།: 25.10.2013 ཉིན། 9:58 AM

<< སྔ་མ།

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

ཐོན་ཟོག་ཁྲལ་འབབ་སྡེ་ཚན་གྱིས་ཆེ་བསྟོད་གནང་།

བོད་ཡིག་མིང་བྱང་ལ་འགྱུར་བཅོས་བཏང་བ།

ཅོན་ཏ་ར་སྨན་སྦྱོར་སྡེ་ཚན་དུ་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།

བརྟན་བཞུགས་སྔོན་འགྲོའི་རིམ་གྲོར་སྲོག་ཆགས་ཚེ་ཐར་བཏང་བ།

འགྲོ་ཕན་སྨན་རྩིས་ཁང་གི་མིང་དུ་བརྫུས་ཏེ་ནད་པ་བསླུ་བྲིད་བྱེད་པའི་གནས་ཚུལ།

ཁ་ལོ་བ་གཅིག་དང་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།

ཆོད་གན་ལས་མི་སྐྱེས་པ་གཉིས་དང་བུད་མེད་གསུམ་གྱི་ས་མིག་གསལ་བསྒྲགས།

ལེའུ་དང་པོ། ཀླད་དོན་གླེང་སློང་བ།

ལེའུ་གཉིས་པ། རླུང་ནད་གསོ་བ།

ལེའུ་གསུམ་པ། མཁྲིས་པའི་ནད་གསོ་པ།

ལེའུ་བཞི་པ། བད་ཀན་གྱི་ནད་བཅོས་པ།

ལེའུ་ལྔ་པ། འདུས་པའི་ནད་གསོ་བ།

ལེའུ་དྲུག་པ། མ་ཞུ་བ་གསོ་བ།

ལེའུ་བདུན་པ། གཅོང་ཆེན་སྐྲན་ནད་བཅོས་པ།

ལེའུ་བརྒྱད་པ། སྐྱ་རྦབ་ཀྱི་ནད་གསོ་བ།