སྨན་རྩིས་དྲ་བ།

སྨན་རྩིས་དྲ་བའི་སྐོར་གྱི་བསམ་ཚུལ།

བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 19.03.2011
གླེང་སྟེགས། >> སྨན་རྩིས་དྲ་བའི་སྐོར་གྱི་བསམ་ཚུལ།

སྨན་རྩིས་དྲ་བ་འདི་ནི་སྨན་དང་རྩིས་ཀྱི་རིག་གཞུང་འདི་ཉིད་ཡོད་པ་རྒྱུད་འཛིན་དང་མེད་པ་ནང་འདྲེན་གཏོང་ཐབས་དང་། དེ་བཞིན་སྨན་རྩིས་རིག་པ་ལ་དང་དོད་ཡོད་མཁན་གྱི་ཀློག་པ་པོ་དང་ཉམས་ཞིབ་པ་སོགས་ལ་དམིགས་སུ་དེང་དུས་དང་མཐུན་པར་དྲ་ལམ་ནས་བེད་སྤྱོད་ཡོང་སླད་དུ་ཆེད་དུ་མཐུན་རྐྱེན་བསྐྲུན་པ་ཞིག་ཡིན། དེས་ན་རྒྱ་ཆེ་ཀློག་པ་པོ་རྣམས་ཀྱིས་སྨན་རྩིས་དྲ་བ་འདི་ལ་དངོས་ཤུགས་བརྒྱུད་གསུམ་ནས་ཕན་སླེབས་སྐོར་གྱི་གཟིགས་ཚུལ་དང་འབྲེལ་གླེང་སློང་ཡོང་བ་ཞུ།

མཐའ་མའི་འདོན་ཐེངས་།: 19.03.2011 ཉིན། 12:47 PM

<< སྔ་མ།

དཔྱད་བརྗོད་བཀོད་པ།

ཨ་ཕོ་མཐུ་ཆེན། དཔྱད་བརྗོད་སྤེལ་མཁན། སྐུ་མགྲོན། ཟླ་ཚེས། 13.06.2017 ཉིན། 12:14 PM
གསོ་རིག་རྒྱུན་ཤེས་གསར་པ་བླུག་རོགས།་་་་ད་དུང་རང་འཇགས་གནས་འདུག་ལགས།
ནོར་བཅོས་དགོས་འདུག ། དཔྱད་བརྗོད་སྤེལ་མཁན། སྐུ་མགྲོན། ཟླ་ཚེས། 01.11.2015 ཉིན། 6:27 AM
གཞུང་ལུགས་ནང་གི་དཔལ་ལྡན་རྒྱུད་བཞིའི་དུམ་བུ་གསུམ་པ་མན་ངག་རྒྱུད་གྱི་ལེའུ་གྱ་དྲུག་པ་ཡན་ལག་རྨ་གསོ་བ་བསྟན་དུས་རྩ་བ་མ་ཡིན་པ་འགྲེལ་བ་འདོན་གྱི་འདུག་པས་དེ་བཅོས་དགོས་ཀྱིན་འདུག་ལགས ། །
ཚེ་རིང་ལགས་སུ། དཔྱད་བརྗོད་སྤེལ་མཁན། སྐུ་མགྲོན། ཟླ་ཚེས། 09.10.2013 ཉིན། 9:28 AM
སྨན་རྩིས་དྲ་བའི་གསོ་རིག་ཐོན་དངོས་ཀྱི་ས་བཅད་ནང་རིན་ཆེན་རིལ་བུའི་ཕན་ཡོན་གསལ་བར་བཀོད་འདུག་པས་དེར་གཟིགས་རོགས་ཞུ།
ཚེ་རིང་། དཔྱད་བརྗོད་སྤེལ་མཁན། སྐུ་མགྲོན། ཟླ་ཚེས། 22.01.2013 ཉིན། 6:35 PM
རིན་ཆེན་རིལ་བུའི་ཕན་ནུས་ཀྱི་ངོ་སྤྲོད་དེ་སྡེ་ཚན་གང་གི་ནང་དུ་ཡོད་རེད་ལགས།
གངས་སེང་དཀར་པོ་ དཔྱད་བརྗོད་སྤེལ་མཁན། སྐུ་མགྲོན། ཟླ་ཚེས། 18.07.2012 ཉིན། 3:23 PM
༄བཀྲ་ཤིས་མེ་འབར་གསོ་རིག་གཞན་ཕན་གླིང་།
ཨ་བར་ཚལ་ལས་གསོ་དཔྱད་སྦྲང་རྩིའི་བཅུད་།
སྤྱོད་པའི་རྩམ་ཟན་འཐེན་འཁྱེར་གཡོ་རྒྱུའི་ཚོགས་།
བླ་མའི་ཐུགས་གཞི་བསྒྲུབ་དང་རང་དོན་འབྱུང་།
སྨན་གྱི་གྲགས་པའི་ཉི་འོད་འབར་བའི་ཚེ་།
གསོ་རིག་བསྟན་པ་རྒྱས་ཕྱིར་ཐུགས་ཀྱི་ཞེས་།
གཡོ་རྒྱུ་བཱ་མོའི་ཚུགས་ཀྱི་གཡོ་བྱུས་ཀྱི་།
རྟ་བདུན་དབང་པོ་གཡོ་རྒྱུའི་སྤྲིན་འོག་ཚུད་།
སྨན་རྩིས་མེ་ལོང་དྲང་ཤིང་ཚིགས་སུ་ཕབས་།
ཆོས་ནོར་ཟངས་ཟིངས་ཀུན་ཀྱི་དགོས་ཁོ་ཡིན་།
སྒེར་དབང་སྒེར་གྱི་དུས་ནམ་ལོངས་སྤྱོད་ཆོག་།
གཞུང་སྟེགས་སྒེར་གྱི་སྤྱོད་པའི་མནའ་སྨིན་དང་།
ཉེ་རིང་ཕྱོགས་ཞེན་མཐེན་འཁྱེར་ལས་ངན་གྱི་།
༦བླ་མའི་ཐུགས་གཞི་དཀྲུག་པ་ཐོལ་ལོ་བཤགས་།
དུས་བབ་དབུ་འཛིན་བྱོན་པར་ཕེབས་བསུ་དང་།
སྨན་རྩིས་བསྟན་པ་རྒྱས་པའི་བཀྲ་ཤིས་ཤོག་།
མཚོ་པདྨ། དཔྱད་བརྗོད་སྤེལ་མཁན། སྐུ་མགྲོན། ཟླ་ཚེས། 22.05.2012 ཉིན། 4:08 PM
བོད་ཀྱི་སྨན་རྩིས་རིག་པ་གཉིས་ཀྱི་ཐོག་ལ་སུས་ཀྱང་དཔྱད་རྩོམ། བསྒྱུར་རྩོམ། ཆེད་རྩོམ་སོགས་སྤེལ་འདོད་ཡོད་པ་རྣམས་ལ་སྨན་རྩིས་དྲ་རྒྱ་ཡིས་ཐོག་མ་ཉིད་ནས་མཐུན་རྐྱེན་སྦྱར་ཟིན་འདུག དེ་ལྟར་ཡོད་པའི་གསལ་བཤད་ནི་རྩ་བའི་ས་བཅད། མདུན་ངོས་ཀྱི་ནང་གསེས་དཀར་ཆག་ཐ་མ་རྩོམ་ཡིག་སྐུར་ཡུལ། ཞེས་པ་དེ་རེད་བཞག དེ་ངས་འདིར་ཕབ་བཤུས་བྱེད་པ་གཤམ་གསལ་འདི་ཡིན།

" སྨན་རྩིས་རིག་གཞུང་དང་འབྲེལ་བའི་རྩོམ་ཡིག་སྤེལ་འདོད་ཡོད་མཁན་རྣམས་ཀྱིས་ཁ་བྱང་འདིའི་ཐོག་གཏོང་གནང་ཡོང་བ་ཞུ་རྒྱུ་དང་། རྩོམ་ཡིག་ཚུད་པའི་རིགས་དྲ་ཐོག་ཏུ་འགོད་རྒྱུ་ལས་གཞན་ཕྱིར་སློག་དང་གནས་འཕྲིན་སོགས་སྤེལ་གྱི་མིན།
mentsee@gmail.com "
གསོ་རྩིས་རིག་པའི་ཤེས་བྱར་བྱང་ཆུབ་པའི་མཁས་དབང་རྣམས་ཀྱིས་རྩོམ་རྩལ་གྱི་གར་སྟབས་གྱ་ནོམ་པ་ཞིག་སྡིངས་ཆ་ཡོད་པ་འདིའི་སྒང་ལ་ངེས་པར་དུ་བསྟན་གནང་རོགས་ཞེས་ཞོར་དུ་ཞུས་འདོད་འབྱུང་། དེ་འདྲ་བྱུང་ན་ང་འདྲ་བོ་དོན་གཉེར་ཡོད་མཁན་ལས་དང་པོ་བ་རྣམས་ལ་ཕན་ཐོགས་ཆེན་པོ་ཡོང་བ་འདུག །
ཛམ་གཡུ། དཔྱད་བརྗོད་སྤེལ་མཁན། སྐུ་མགྲོན། ཟླ་ཚེས། 26.12.2011 ཉིན། 3:05 PM
བོད་ལུགས་གསོ་རིག་འདི་ཉིད་དུས་རབས་ཉེར་གཅིག་པའི་ལུས་སྲུང་རིག་པའི་འགྲན་རྩོད་ནང་བཞུགས་དགོས་ན་ངེས་པར་དུ་དེང་དུས་གསོ་རིག་གི་དོ་ཟླར་འོས་པའི་རིག་པའི་རྩལ་འཕྲུལ་སྐོར་ཤེས་མཁན་གྱི་རིག་པ་གཉིས་ལ་བྱང་ཆུབ་པའི་གསོ་རིག་འཛིན་པ་དགོས་གལ་ཆེ། དེའི་མཐུན་རྐྱེན་དུ་གསོ་རིག་དྲ་རྒྱ་འདི་ལྟ་བུ་ཞིག་མེད་ན་མ་འགྲིགས་པའི་སྐབས་འདིར། བོད་གཞུང་སྨན་རྩིས་ཁང་གི་ངོས་ནས་མཐུན་རྐྱེན་གསར་པ་ཞིག་སྦྱར་གནང་མཛད་པར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། འོན་ཏེ་དྲྭ་བ་འདིར་བལྟ་ཀློག་ལས་ལྷག་པའི་མཐུན་རྐྱེན་གཞན་ཞིག་སྦྱར་དགོས་པ་ནི་ངེས་པར་དུ་གླེང་སྟེགས་སྟེང་རྒྱ་ཆེའི་ཀློག་མཁན་གྱི་རང་དབང་ལྡན་པའི་བསམ་ཚུལ་དང་ཆེད་རྩོམ་དང་དཔྱད་རྩོམ་འདོན་སྤེལ་བྱ་སའི་ས་དམིགས་ཞིག་ངེས་པར་དུ་བསྐྲུན་རྒྱུ་ནི་ཆེས་ཤིན་ཏུ་དགོས་གལ་ཆེ་བ་ཞིག་ཡིན། རང་དབང་ལྡན་པའི་གླེང་སྟེགས་བསྐྲུན་རྒྱུའི་དགོས་དམིགས་ནི། གལ་སྲིད་མཐུན་རྐྱེན་དེ་ལྟ་བུ་ཞིག་དེ་ག་འཛིན་སྐྱོངས་ནས་སྦྱར་གནང་ཐུབ་ཚེ། རྒྱ་ཆེའི་གསོ་རིག་འཛིན་མཁན་དང་། སློབ་གཉེར་བ། དོ་གཉེར་ཅན་དག་གི་རང་རང་སོ་སོའི་བསམ་ཚུལ་དང་། དྲི་བ། བསམ་ཚུལ། དོགས་སློང་། སོགས་བཀོད་སའི་དྲྭ་ཚིགས་ཤིག་ཆགས་ཐུབ་ངེས་ཡིན་པས། དེ་ལྟར་འགྱུར་ན་དེའི་ཕན་རླབས་ཇི་བྱུང་མ་འོངས་པའི་སྐབས་ལས་ད་ལྟ་བཤད་ཚོད་མི་ཐུབ་པ་ཞིག་རེད། འོན་ཏེ་མཐུན་རྐྱེན་ཡོད་ན་དྲི་བ་གཅིག་ལ་ལན་བཅུ་བྱུང་ན་དེའི་ནང་ལ་དོགས་འཆར་བཅུ་བྱུང་ན་དེས་དྲྭ་རྒྱ་དེའི་ཕན་རླབས་བྱུང་བ་སྟོན་ཐུབ་པ་རེད་སྙམ།
སྨན་རྩིས་དྲ་རྒྱ་གོང་འཕེལ་གཏོང་ཐབས། དཔྱད་བརྗོད་སྤེལ་མཁན། སྐུ་མགྲོན། ཟླ་ཚེས། 17.12.2011 ཉིན། 4:22 PM
སྤྱིར་སྨན་རྩིས་དྲ་རྒྱ་འདི་བཞིན་ཕྱོགས་གང་ས་ནས་འཐུས་སྒོ་ཚང་ཞིང་བཀོད་བྱུས་ལེགས་པ། མདོར་ན་མི་སྨོན་རང་སྐྱིད་ཅིག་ཏུ་གྱུར་ཡོད། ཡིན་ན་ཡང་དྲ་རྒྱར་འདིར་བལྟ་ཀློག་བྱེད་མཁན་ཇི་ཙམ་ཡོད་མེད་ང་རང་སྒེར་ལ་མཚོན་ན་ལྐོག་འགྱུར་ཡིན་སྟབས། དོན་དམ་དྲ་རྒྱ་འདིའི་ཕན་ནུས་ཀྱང་ལྐོག་འགྱུར་ཡིན། གལ་ཏེ་བལྟ་ཀློག་བྱེད་མཁན་ཉུང་ན་དྲ་རྒྱ་འདིའི་ནང་དུ་ཟིན་བྲིས་སྤེལ་ས་ཞིག་བཟོས་ན། ཀློག་མཁན་མང་ལ་འབྲི་མཁན་ཡང་མང་དུ་འགྲོ་ངེས། དེ་མིན་བྱེ་ཐང་སྟེང་ལ་གསེར་ཟམ་བསྐྲུན་བཞེངས་གནང་བ་དང་གཉིས་སུ་མ་མཆིས་སོ།
མཚོ་བྱེད་འཇིགས་མེད། དཔྱད་བརྗོད་སྤེལ་མཁན། སྐུ་མགྲོན། ཟླ་ཚེས། 21.10.2011 ཉིན། 9:03 PM
བཀུར་འོས་སྨན་རྩིས་དྲ་བའི་རྩོམ་སྒྲིག་པ་ལགས། དེང་སངས་མི་འགའ་ཞིག་གིས་ཟེར་ན་བོད་ཀྱི་རྩིས་གཞུང་འདི་ཉིད་ཀྱི་ནང་དུ་ཉི་ཟླ་གཟའ་འཛིན་སོགས་ཆུ་ཚོད་སྐར་མ་ཏག་ཏག་བཤད་ཐུབ་པའི་རིག་གནས་ཡོད་མ་རེད། ནུབ་ཕྱོགས་ནས་ཁུར་འོང་བའི་རྩིས་འཕྲུལ་ཞིག་ལ་བརྟེན་ནས་ཟླ་འཛིན་སོགས་གཏན་འབེབས་བྱེད་ཀྱི་ཡོད་པ་རེད། འོན་ཀྱང་གནས་ཚུལ་དེ་དག་སྦ་གསང་ཆེན་པོ་བྱས་ནས་ཡོད་མདོག་མདོག་རེད་མ་གཏོགས་དོན་ལ་བོད་ཀྱི་རྩིས་རིག་འདིས་ཉྀ་ཟླ་གཟའ་འཛིན་བཤད་ཐུབ་ཀྱི་མ་རེད་ཟེར། དེ་བདེན་པ་རེད་དམ། གསལ་བཤད་ཅིག་གནང་རོགས།
ཐུགས་རྗེ་ཆེ། དཔྱད་བརྗོད་སྤེལ་མཁན། སྐུ་མགྲོན། ཟླ་ཚེས། 22.08.2011 ཉིན། 2:30 PM
དྲ་ཐོག་ཏུ་མེས་པོའི་ཞལ་ལུང་གསར་དུ་བཀོད་པར་ཐུགས་རྗེ་ཆེ་ཞུ་རྒྱུ་དང་། ད་དུང་ཚིག་མཛོད་གཡུ་ཐོག་དགོངས་རྒྱན་ལྟ་བུ་སྨན་རྩིས་སྐོར་གྱི་ཚིག་མཛོད་རིགས་དེ་བཞིན་རིན་མེད་ཐོག་བཀོལ་སྤྱོད་ཐུབ་པའི་ཐབས་ལ་འབད་རོགས་གྱིས། ལས་གཞི་འདི་རིགས་ཀྱིས་བསྟན་པ་དངོས་ཀྱི་འཕེལ་རྒྱས་ལ་ཕན་ཐོགས་ཆེན་པོ་འབྱུང་ངེས། ད་དུང་ལྷན་རྒྱས་ནས་ཆེད་མཁས་པ་གྲྭ་བློ་བཟང་སྨོན་ལགས་ཀྱི་ཡང་བསྐྱར་ཚིག་མཛོད་གསར་བཟོའི་ལས་གཞི་ཞིག་ཡོད་པ་དེའི་ནང་སྨན་རྩིས་སྐོར་གྱི་མིང་ཚིག་གམ་ཚིག་མཛོད་གློག་ཀླད་དུ་བཏགས་ཟིན་པ་ཁག་ཅི་ཡོད་མཁོ་སྤྲོད་གནང་རྒྱུའི་འབོད་སྐུལ་ཞུ་བཞིན་ཡོད།
arujikmey@gmail.com དཔྱད་བརྗོད་སྤེལ་མཁན། སྐུ་མགྲོན། ཟླ་ཚེས། 16.08.2011 ཉིན། 1:40 AM
སྨན་རྩིས་དྲ་བ་འཁྲུངས་པར་དགའ་བསུའི་བཀྲ་ཤིས་བདེ་ལེགས་ཡོད། སྨན་རྩིས་དྲ་བ་པ་ལགས་མང་པོ་ཞིག་གིས་རྩོལ་བ་དང་ཨ་མ་མང་པོ་ཞིག་གི་མངལ་ལམ་བརྒྱུད་དེ་སྐྱེ་ནས་ཡུན་རིང་འགོར་མེད་པས་བརྩེ་སྐྱོང་དང་བདག་གཅེས་མུ་མཐུད་མཁོ་ངེས་པས་གནང་རོགས་གནང་ཞུས་ཡག་ཡིན། དེ་ནས་སྨན་རྩིས་དྲ་བའི་རྒྱན་ཆ་དང་གྱོན་གོས་ཐད་མཉམ་རུབ་དང་ཐུན་མོང་གིས་རིག་པའི་འགྲོ་གྲོན་གཏོང་དགོས་ས་དེའི་རྐང་ལག་གི་ཟུར་སྣེ་གང་རུང་ཕྱི་ལོག་ལ་དམར་རྗེན་དུ་སྟོན་མི་ཉན་པའང་དེ་སྐྱེ་ཁུངས་ཚོའི་འོས་འགན་རེད་བསམ་བཞིན་ཡོད། ད་དེ་ཙམ་ཡིན།ཐུགས་རྗེ་ཆེ།
འདི་གར་གཟིགས་མོར་ཕེབས་པའི་སྐུ་མགྲོན་རྣམས་ལ་གསལ་འདེབས་ཞུ། དཔྱད་བརྗོད་སྤེལ་མཁན། རྩོམ་སྒྲིག་པ། ཟླ་ཚེས། 23.07.2011 ཉིན། 1:55 PM
དཔྱད་བརྗོད་སྤེལ་བའི་སྐབས་སུ་ཐུགས་སྣང་དགོས་པ་ནི། རིགས་གཅིག་གིས་དོན་མེད་དམའ་འབེབས་དང་གླེང་སྟེགས་འདི་དང་འབྲེལ་མེད་དོན་གཞན་གྱི་འཆར་ཡན་ཁ་ཡར་བ་རེ་འགའ་འདི་གར་ཡང་ཡང་སྤེལ་གྱི་འདུག གླེང་སྟེགས་འདིའི་དམིགས་ཡུལ་དང་དགོས་པ་ནི་སྨན་རྩིས་བསྟན་པའི་ཡར་རྒྱས་ཆེད་དང་། ལྷག་པར་དུ་དཔྱད་གཞི་སོ་སོར་བཀོད་པ་དག་ལ་འབྲེལ་ཆགས་པའི་དགོངས་ཚུལ་སྤེལ་རྒྱུ་ལས་ཚུལ་མིན་གྱི་གླེང་བརྗོད་དང་དམའ་འབེབས་ཀྱི་ཚིག་ཚོགས་སྤེལ་སའི་སྡིངས་ཆའམ་གླེང་སྟེགས་ཤིག་མིན་པ་དགོངས་འཇགས་ཀྱིས་ཐུགས་དགོངས་དཀྱེལ་ཆེ་བཞེས་རྒྱུའི་འབོད་སྐུལ་ཞུ།
བདེ་ལྷ། དཔྱད་བརྗོད་སྤེལ་མཁན། སྐུ་མགྲོན། ཟླ་ཚེས། 24.06.2011 ཉིན། 2:14 AM
འབྲེལ་ཡོད་རྣམས་ལ་ཞུ་རྒྱུ། བླ་གནས་རྩི་སྟངས་དང་ས་བདག་བ་དན་ཁྲ་བོ་སྐོར་ཞིག་དྲ་རྒྱར་འགོད་ཐུབ་ན་དགེ་མཚན་ཆེན་པོ་མཐོང་།
dikyilha@yahoo.com དཔྱད་བརྗོད་སྤེལ་མཁན། སྐུ་མགྲོན། ཟླ་ཚེས། 24.06.2011 ཉིན། 2:12 AM
འབྲེལ་ཡོད་རྣམས་ལ་ཞུ་རྒྱུ། བླ་གནས་རྩི་སྟངས་དང་ས་བདག་བ་དན་ཁྲ་བོ་སྐོར་ཞིག་དྲ་རྒྱར་འགོད་ཐུབ་ན་དགེ་མཚན་ཆེན་པོ་མཐོང་།
ལྷ་ཁང་རྙིང་པ་ལ་གནས་བཤད་གསར་པ། དཔྱད་བརྗོད་སྤེལ་མཁན། སྐུ་མགྲོན། ཟླ་ཚེས། 07.06.2011 ཉིན། 9:49 PM
བོད་ཀྱི་དུས་བབས་དང་དྲ་བ་འདིའི་དཔྱད་བརྗོད་ནང་བོད་གཞུང་དབུས་སྨན་རྩིས་ཁང་ལ་བོད་མིའི་སྒྲིག་བཙུགས་སྨན་རྩིས་ཁང་ཞེས་ལྷ་ཁང་རྙིང་པ་ལ་གནས་བཤད་གསར་པ་བསྐྱོན་འདུག གལ་ཏེ་བོད་གཞུང་ཞེས་བྱ་བའི་མིང་དེ་འདོར་དགོས་ན་འགྲོ་ཕན་སྨན་རྩིས་ཁང་ཞེས་ལོ་རྒྱུས་སུ་གསལ་བའི་མཚན་དེ་འཁོད་དགོས་པ་ཡིན།
དམ་ཅན་མགར་བ་ནག་པོ། དཔྱད་བརྗོད་སྤེལ་མཁན། སྐུ་མགྲོན། ཟླ་ཚེས། 05.06.2011 ཉིན། 4:16 PM
སྐུ་མགྲོན་ལགས། སྨན་པ་ཆོས་ལོ་ཐར་ལགས་ད་ལྟ་ཕྱི་རྒྱལ་ལ་ཕེབས་བཞུད་ཟིན་པས་དྲྭ་རྒྱ་འདིར་ཕྱག་ལས་གནང་གི་མེད་ཚོད་རེད། འདིའི་འོས་འགན་སྨན་པ་དགེ་འདུན་འཇམ་དབྱངས་རྒྱ་མཚོ་ལགས་དང་སྨན་པ་ཨོ་ཤོད་བསོད་ནམས་སྒྲོལ་དཀར་ལགས་ཡིན་པ་གོ་ཐོས་བྱུང་། ངས་ཀྱང་ཁ་སྔོན་ཞིག་གསར་གནས་འདྲ་འགོད་རྒྱུ་མིན་འདུག་གམ་ཞེས་སོགས་ཀྱི་མཆན་ཞིག་བཏབ་ཡོད།

སྨན་པ་རྟ་རག་ངག་བློ་ལགས། ཁྱེད་ནས་འགན་ཞིག་འཁྱེར་ནས་ནད་ཀྱི་ཐ་སྣད་གཅིག་གྱུར་ཐོག་གྲོས་འགོ་བརྕམས་པ་ཡག་པོ་རེད། དོན་དངོས་ཐོག་འདི་ནི་སྐད་ཆ་རྙིང་དྲི་འཐུལ་བ་ཞིག་རེད། ངས་བལྟས་ན་ཆེས་མཐོའི་སྨན་པའི་ལྷན་ཚོགས་སམ་བཙན་བྱོལ་སྒྲིག་འཛུགས་ཀྱི་སྨན་རྕིས་ཁང་ལྟ་བུའི་ནུས་པ་ཐོན་ངེས་ཀྱི་ཚོགས་པ་ཞིག་གིས་རྐང་འགན་བཞེས་ནས་གསོ་རིག་གི་གཞུང་ལུགས་དང་ལག་ལེན་གཉིས་ཐད་ནས་ཉམས་མྱོང་ལྡན་པ་མ་ཟད་ཕྱི་སྨན་རིག་པར་ཡང་གང་འཚམས་རྒྱུས་འདྲིས་ཆེ་བའི་སྨན་་པ་རྣམས་ཚོགས་སུ་འཇུག་ཏེ་རང་གི་ཉམས་མྱོང་དང་ལུགས་ཟུང་གི་རིག་པའི་གཞུང་ལུགས་རྨང་གཞིར་བཞག་ཏེ་བགྲོ་གླེང་སྦྱངས་བཤད་ཀྱིས་ཐ་སྙད་རྣམས་གཏན་འབེབས་བྱས་མཐར། གཏན་ལ་ཕབ་པའི་ཐ་སྙད་དེ་དག་གཟིམ་དུ་མ་འཇུག་པར་སྨན་རྕིས་དུས་དེབ་གཙོས་པའི་དུས་དེབ་ཁག་དང་ནམ་རྒྱུན་དུ་སྨན་པ་རྣམས་ཀྱིས་ཐ་སྙད་དེ་དག་ངག་ནས་བཀོལ་སྤྱོད་མཛད་ན་ད་གཟོད་གཞི་ནས་འབྲས་བུ་ཞིག་ཐོན་རེ་ཡོད། དེ་མིན་རབ་བཏགས་བྱས་ན་བསྐལ་བ་ནས་བསྐལ་བའི་བར་ཐ་སྙད་གཅིག་འགྱུར་དགོས་དང་ཐ་སྙད་གཅིག་འགྱུར་དགོས་ཞེས་ལུས་རྒྱུ་རེད།
དཔྱད་བརྗོད་སྤེལ་མཁན། སྐུ་མགྲོན། ཟླ་ཚེས། 04.06.2011 ཉིན། 11:52 PM
སྨན་རམས་པ་ཆོས་ལོ་ཐར་ལགས། དྲ་བ་འདིའི་གནས་ཚུལ་རྣམས་འགྱུར་མེད་རང་སོར་གནས་པ་འདི་ཅི་ཞིག་རེད།
སྨན་མིང་རྟ་རག་ངག་དབང་་བློ་གྲོས་ཀྱིས དཔྱད་བརྗོད་སྤེལ་མཁན། སྐུ་མགྲོན། ཟླ་ཚེས། 01.06.2011 ཉིན། 10:50 AM
༄༅།། ཡ་ད་ས་ག་ཟླ་བ་འདི་ལ་གསོ་རིག་བསྟན་པ་རྒྱས་ཆེད་་སེམས་བཟང་པོའི་ཐོག་ནས་བསམ་ཚུལ་ཅུང་ཙམ་ཞུས་ན་འདི་ལྟར་རོ་།།།ང་ཚོ་བོད་ཀྱི་གསོ་རིག་བརྒྱུན་འཛིན་ཡོངས་ཀྱིས་འགན་བཞེས་དགོས་པ་ནི་དེང་དུས་ཕྱི་ལུགས་ཀྱི་ནད་མིང་ཁག་ཐ་བསྙད་གཅིག་མཚུངས་བཟོ་ཐབས་དང་ལྷག་པར་སྙིགས་མ་ལྔ་དུས་སྐབས་ནད་ཚ་འདྲ་མིན་ཡོང་བཞིན་པར་དེ་དག་ལ་མངོན་འགོགས་བྱ་ཐབས་དང་གཅིག་མཚུངས་ཀྱི་ནད་མིང་བཅས་སྨན་རྩིས་དྲ་རྒྱ་འདིའི་ནང་འཚོ་བྱེད་སྨན་པ་འགྲེས་པ་ཚོའི་ཉམས་མྱོང་དང་དགོངས་ཚུལ་ཕུལ་ཐུབ་ན་གསར་བུ་བ་ང་ལྟ་བུར་ཧ་ཅང་ཕན་བསླབ་ཆེ་བས་དེ་དག་ཀུན་ཆོས་ཀྱི་ངོ་བོར་འགྱུར་བའི་རེ་བ་བྱེད་བཞིན་ཡོད་།
དཔེར་ན་༼thyroid༽ལྟ་བུར་བོད་ལུགས་གསོ་རིག་སྨན་པ་ཁ་ཤས་ཀྱི་༼བྲེ་བའི་རྨེན་བུའི་ནད༽་ལ་ངོས་འཛིན་པ་དང་ཡང་ཁ་ཤས་ཀྱི་༼གྱེན་དུ་རྒྱུ་བའི་རླུང་ཟད༽་པར་ངོན་འཛིན་བྱ་བཞིན་འདུག་སྨན་པ་རེ་དགས་༼བད་ཀན་ཕེལ་ཚུལ་ལ༽་ངོས་འཛིན་བྱ་བཞིན་འདུག་།། དེ་བཞིན་ Blood pressure
ལ་ཡང་༼ཁྲག་བཤེད༽་དང༼་ཁྲག་རླུང་སྟོད་ཚངས༽་ཡང་༼Cholesterol༽ལ་ཡང་༼ཁྲག་ཚིལ་༽དང༼་ཁྲག་བཞག༽་༼ཁྲག་གར་པོ་༽ བཅས་མིང་མི་འདྲ་བ་མང་པོ་འོང་བཞིན་འདུག་པས་གསོ་རིག་གཞུང་ནང་ལ་ནད་མིང་ཁག་གསལ་པོར་ཡོད་ཀྱང་དུས་རབས་༡༨་དང་༡༩་གསོ་རིག་རྗེས་མཇུག་པ་ཚོས་མཐུད་ཤོར་བ་ཞིག་རེད་ད་དེ་ང་ཚོ་དུས་རབས་ཉེར་གཅིག་རྗེས་མཐུད་པ་ཚོས་རིག་པ་བསྒྲིམ་ནས་གུ་ཡངས་པོའི་ཐོགས་ནས་གསོ་རིག་གི་རྨ་ཁ་འདི་གསོ་དགོས་ངེས་རེད་
དྲ་ལམ་བརྒྱུད་ནས་ཐ་སྙད་གཏན་འབེབས་བྱ་ཐབས། དཔྱད་བརྗོད་སྤེལ་མཁན། སྐུ་མགྲོན། ཟླ་ཚེས། 28.05.2011 ཉིན། 4:19 PM
སྨན་པ་རེ་རེས་ནད་གཞི་གཅིག་ལ་ཐ་སྙད་མི་འདྲ་བེད་སྤྱོད་གནང་གི་ཡོད་པ་དེ་དངོས་ཡོད་གནས་ཚུལ་རེད། ང་ཚོས་གཞུང་ལུགས་གཅིག་སྒྲིག་འཛུགས་གཅིག་གི་འོག་འཛིན་སྐྱོང་སྤེལ་གསུམ་བྱེད་ཀྱི་ཡོད་སྟབས་གཞུང་ལུགས་དེའམ་དེ་དང་འབྲེལ་བའི་ཐ་སྙད་ཡོངས་རྫོགས་གཅིག་འགྱུར་དགོས་གལ་ཆེ། མི་རེ་ཟུང་གིས་ཐ་སྙད་གཏན་འབེབས་བྱ་ཐབས་མེད་ལ་བྱ་ཐུབ་ཀྱང་ཀུན་གྱིས་ཁས་ལེན་པའི་ཐ་སྙད་གཅིག་ཡོང་བར་དཀའ། དེར་བརྟེན་སྨན་པ་ཆེ་གེ་མོས་ནད་དེ་ལ་མིང་དེ་ལྟར་བཏགས་དགོས་པའི་ལུང་རིགས་ཡོད་དོ་ཅོག་དྲ་ལམ་འདིའི་ལེ་་ཚན་གསར་པ་ཞིག་བརྒྱུད་དེ་གནས་གཅིག་ཏུ་སྤུངས་ཐུབ་ན། རིམ་པས་ཞིབ་འཇུག་དང་། དཔྱད་བསྡུར། བགྲོ་གླེང་གནང་ནས་གཏན་འབེབས་བྱ་ཐུབ་པའི་རེ་བ་ཡོད།
སྨན་མིང་རྟ་རག་ངག་དབང་་བློ་གྲོས་ཀྱིས དཔྱད་བརྗོད་སྤེལ་མཁན། སྐུ་མགྲོན། ཟླ་ཚེས། 27.05.2011 ཉིན། 12:03 PM
ཐོག་མར་དྲ་གླེང་འདིའི་ནང་གི་དྲ་གྲོགས་ཡོངས་ལ་འཚམས་འདྲི་ཞུ་བཞིན་ཡོད་ དེ་རིང་གུས་པས་ཕྲན་རང་བོད་ཀྱི་གསོ་རིག་སྨན་པ་ཞིག་ཡིན་པའི་ཆ་ནས་སྨན་རྩིས་ཁང་དང་དེ་བཞིན་སྨན་པ་རྒན་པ་ཚོར་རེ་བ་་ཞིག་ཞུ་འདོོད་བྱུང་ ་དེ་ནི་ང་ཚོ་སྨན་རྩིས་ཁང་ནི་ཚོགས་པ་ཆེ་གྲས་ཡིན་ལ་གཞུང་གི་རྒྱབ་བརྟན་དངཤེས་ཡོན་ཅན་གྱི་་མི་སྣ་གང་ཅིའི་ཐད་ནས་མ་ཚང་བ་རྩ་བ་ནས་མེད་དེ་འདྲ་སོང་ཙང་གནས་སྐབས་རིང་ནད་གཞི་ཁག་ལ་ཅིག་མཚུངས་ཀྱི་མིང་བསྟན་འབེབས་ཐོགས་བསྒྲིགས་གཞི་བཟོ་དགོས་པ་ནི་ངེས་ཅན་ཡིན་གང་ལ་ཞེས་ན་སྨན་པ་རེ་རེས་ནད་གཞི་རེ་རེར་མིང་མི་འདྲ་བ་རེར་བཏག་བཞིན་འདུག་པས་དེ་ནི་མ་འོངས་པར་ཉེན་ཁ་དང་ཐད་ཀར་ནད་པ་ཁག་ལ་སོམ་ཉི་་ཡོང་བཞིན་འདུག་པས་དགོས་གལ་ཆེ་
དམ་ཅན་མགར་བ་ནག་པོ། དཔྱད་བརྗོད་སྤེལ་མཁན། སྐུ་མགྲོན། ཟླ་ཚེས། 26.05.2011 ཉིན། 6:25 AM
གསར་གནས་འདྲ་འགོད་རྒྱུ་མིན་འདུག་གམ། འཆར་ཅན་གྱི་ལམ་དུ་སོང་ན་དྲྭ་ལམ་གསར་གཏོད་ཀྱི་དགོས་པ་ཆུང་། སྨན་རྕིས་དྲྭ་ལམ་གྱི་སྐྱེས་མོས་ཚལ་འདི་གསར་གཏོད་བྱས་པ་ནས་བཟུང་ངས་འདིར་ཡང་སེ་བསྐྱར་སེ་སྤྲོ་གསེང་དུ་ཡོང་དང་ཡོང་བཞིན་ཡོད། ཡིན་ཡང་ཡུལ་ལྗོངས་ཀྱི་བཀོད་པ་དང་མེ་ཏོག་གི་སྣ་ཁ། ལྗོན་ཤིང་གི་རིགས། དེ་དག་གི་དྲི་བསུང་། མཚོ་དང་མཚེའུ། བྱ་དང་བྱིའུ། རི་དྭགས་རིགས་སོགས་སྔར་ཡོད་རང་ལས་འགྱུར་བ་མེད་པར་གནས་པ་འདིར་བློ་འཚབ་ཅུང་སྐྱེས་སོང་། ཁྱེད་ཚོས་མུ་མཐུད་ཤུགས་རྒྱོབ་ཅིག
བཀྲིས་བདེ་ལེགས དཔྱད་བརྗོད་སྤེལ་མཁན། སྐུ་མགྲོན། ཟླ་ཚེས། 19.05.2011 ཉིན། 5:08 AM
དྲ་པ་འདིའི་རྩོམ་སྒྲིག་སྨན་པ་ཆོས་ལོ་འེ་ཡིན་བཀྲིས་བདེ་ལེགས།congratulation.a niceweb
རྩོམ་སྒྲིག་པས་གསལ་བཤད། དཔྱད་བརྗོད་སྤེལ་མཁན། རྩོམ་སྒྲིག་པ། ཟླ་ཚེས། 17.05.2011 ཉིན། 9:31 AM
སྐུ་མགྲོན་ལྷན་རྒྱས་ལ་ཆེད་ཞུ།
གླེང་སྟེགས་འདིའི་དམིགས་ཡུལ་ནི་རིག་གཞུང་གོང་སྤེལ་དང་གཞུང་ལུགས་ཀྱི་སྐོར་ནས་དོགས་སེལ་དང་བགྲོ་གླེང་བྱེད་རྒྱུ་གཙོ་བོར་བཟུང་ཡོད་པ་ཞིག་ཡིན་ལ། དེའི་སྐོར་ནས་གཤམ་དུ་གསལ་འདེབས་ཀྱང་ཐོག་མ་ནས་ཞུས་ཡོད་པས་ཀུན་གྱིས་ཐུགས་སྣང་ཡོང་བ་ཞུ་རྒྱུ་དང་། དམིགས་སུ་ཞུ་འདོད་པ་ནི་དཔྱད་བརྗོད་གང་ཞིག་བཀོད་པའི་སྐབས་སྐབས་བབ་ཀྱི་དཔྱད་གཞི་ལ་ཐུགས་སྣང་གིས་བརྗོད་བྱ་དང་འབྲེལ་བ་ཆགས་པ་ཞིག་ཡོང་ན་རང་གཞན་གཉིས་དང་ལྷག་པར་དུ་རིག་གཞུང་ལ་ཕན་པ་འབྱུང་བ་གདོན་མི་ཟ། དེར་བརྟེན། དཔེར་ན་དཔྱད་གཞི་འདིའི་ནང་དུ་བཀོད་པའི་དཔྱད་བརྗོད་མང་དག་ཅིག་ནི་སྐབས་དོན་མིན་པ་དང་མུ་མཐུད་ནས་དེ་ལྟར་བཞག་ཚེ་རྩ་བའི་དམིགས་ཡུལ་དང་དཔྱད་གཞི་གཉིས་ཀར་མི་མཐུན་སྟབས་ཉིན་གཉིས་ཀྱི་ནང་ཚན་ནས་དཔྱད་གཞི་དང་འབྲེལ་བ་མེད་པའི་དཔྱད་བརྗོད་ཁག་ཇི་ཡོད་དང་གང་བྱུང་རྣམས་བསུབ་རྒྱུ་ཡིན་པ་དང་། དུས་མཚུངས་ཚང་མས་བསམ་ཤེས་དང་བཟང་སྤྱོད་ལྡན་པའི་སྒོ་ནས་འབྲེལ་མེད་ཀྱི་དཔྱད་བརྗོད་མི་སྤེལ་བའི་འབོད་སྐུལ་དང་རེ་སྐུལ་ཡང་ཞུ་རྒྱུ་ཡིན།
ཡན་ལག་ལས་བྱེད་པས དཔྱད་བརྗོད་སྤེལ་མཁན། སྐུ་མགྲོན། ཟླ་ཚེས། 16.05.2011 ཉིན། 7:54 PM
རིག་ཀྱི་བུ་ལགས་ཅིག་བྱས་ན་ཁྱེད་སྨན་རྩིས་ཁང་གི་ལས་བྱེད་ཡིན་སྲིད་ངས་ཁྱེད་ལ་བསལ་ཁ་ཅུང་ཙམ་ཞུས་་་་་སྨན་རྩིས་འཛིན་སྐྱོང་ངོས་ནས་སྨན་གཞུང་ལ་གོ་སྐབས་མང་བའམ་དོ་སྣང་ཆེ་བ་་དང་རྩིས་གཞུང་ལ་གོ་སྐབས་ཉུང་བའམ་་དོ་སྣང་ཉུང་བ་རྩ་བ་ནས་དབྱེ་བ་ཕྱེ་མེད་གཉིས་ཀ་ལ་ཁྱད་མེད་བྱ་བཞིན་ཡོད་དེ་ནི་དོ་བདག་སོ་སོ་ལ་རག་ལུས་པ་རེད་་་་་་་ཡིན་ནའང་གནས་ཚུལ་དེ་འདྲ་བ་མང་པོ་ཡོད་གལ་ཆེ་བ་ནི་དབུས་ལས་ཁུངས་ལ་སྐུ་མ་ཤོར་ན་གཞུང་གི་བསྒྲུབ་དགོས་པ་དང་ཡན་ལག་ཁག་ལ་སྐུ་དང་སྨན་མ་ཚང་བ་བྱུང་ན་དོ་བདག་སོ་སོས་བསྒྲུབ་དགོས་པ་ནི་ཡ་ཚན་ཅན་དང་་་་ས་གནས་འགན་འཛིན་ཁག་གི་ཀུན་སྤྱོད་ཡན་ལག་འགན་འཛིན་གིས་བྲིས་ཀྱི་ཡོད་པ་ནི་ནོར་བ་རེད་་་་ས་གནས་ཁག་གཅིག་ལ་སྨན་འགན་གྱི་གཞུང་གི་དུས་ཚོད་ལ་རང་གི་ལས་ཀ་དང་གཞུང་གི་དངོས་ཟོག་ལ་འགོག་སྐྱེན་གྱི་བྱ་བ་བྱེད་བཞིན་པ་ནི་ཡན་ལག་འགན་འཛིན་གྱིས་ཧ་གོ་ཀྱང་མ་ཧོ་མདོག་མདོག་མ་བྱས་ན་ལེགས་
གཡུ་ཐོག་བུ། དཔྱད་བརྗོད་སྤེལ་མཁན། སྐུ་མགྲོན། ཟླ་ཚེས། 15.05.2011 ཉིན། 7:45 AM
རྩོམ་སྒྲིག་ལྷན་རྒྱས་ནས་གུས་ཅག་གི་བསམ་ཚུལ་ངོས་ལེན་གནང་བར་སྙིང་དབུས་ནས་དགའ་བསུ་ཞུ།
དེ་དང་ཆབས་གཅིག་རེ་བསྐུལ་གྱི་འབྲས་བུ་ལ་སྒུག་ནས་ཡོད།

གཞན་ཡང་རང་བཞིན་བརྗོད་པའི་བསམ་ཚུལ་ལ་སེམས་གཏིང་ནས་རྒྱབ་སྐྱོར་ཡོད།
སྨན་རྩིས་ཁང་ལ་དེ་ལྟ་བུའི་གནས་ཚུལ་མང་དུ་ཡོད་པ་རེད།
རྒྱས་པར་རྣམ་ཚོས་མཁྱེན་ངེས་རེད།
རིན་ཆེན་རིལ་བུ། དཔྱད་བརྗོད་སྤེལ་མཁན། སྐུ་མགྲོན། ཟླ་ཚེས། 13.05.2011 ཉིན། 6:52 AM
སྨན་རྩིས་དྲ་བ་ལེགས་པར་འཁྲུངས་པར་བཀྲིས་བདེ་ལེགས་ཞུ། སྤུས་དག་འདུག་པས་གློ་བ་དགའ། དེ་དང་མཉམ་དུ་སྨན་རྩིས་ཁང་གི་དགེ་རྒན་གྱི་སྤུས་ཚད་དང་བོད་ཡིག་གི་ཤེས་ཚད་ཡར་རྒྱས་གཏོང་རན་འདུག ཤེས་ཚད་དེ་གཙོ་ཆེ་དགེ་རྒན་ལ་རག་ལུས་པས་སོ། ཐུགས་རྗེ་ཆེ། སྙིང་གཏམ་ཡིན།
ངོ་སོ་བསྟོད། དཔྱད་བརྗོད་སྤེལ་མཁན། སྐུ་མགྲོན། ཟླ་ཚེས། 13.05.2011 ཉིན། 6:44 AM
རིགས་ཀྱི་རང་བཞིན་བརྗོད་མཁན་འདིའི་བསམ་ཚུལ་ལ་རྒྱབ་སྐྱོར་ཡོད། རིག་གཞུང་གི་སྡེ་ཚན་རྒྱ་ཆེན་པོའི་འདིའི་སློབ་འཇུག་གསལ་བསྒྲགས་དང་ལས་བྱེད་གསར་བསྡུའི་གསལ་བསྒྲགས་རིགས་ཧ་ཅང་ཐབས་སྐྱོ་བོ་འདུག སྨན་རྩིས་དྲ་བའི་རྩོམ་སྒྲིག་འགན་འཁུར་མཁན་ཁྱེད་རྣམ་པས་འཛིན་སྐྱོང་དང་མཐོ་སློབ་ལ་ཡིག་ཆ་དེའི་རིགས་བཟོ་རོགས་ཞུ་ན་མ་ཆོག་པ་ནི་ཅང་ཨེ་ཡིན།
དབང་འདུས། དཔྱད་བརྗོད་སྤེལ་མཁན། སྐུ་མགྲོན། ཟླ་ཚེས། 12.05.2011 ཉིན། 8:55 PM
རྩོམ་སྒྲིག་པས་ཕྲན་ཐེ་བའི་སྐུ་མགྲོན་ཚོའི་བསམ་ཚུལ་རེ་སྐུལ་ལ་གསན་བཞེས་ཀྱིས་རེ་འབྲས་དོན་སྨིན་གནང་རྒྱུའི་བཀའ་ལན་བསྩལ་བར་སྙིང་ནས་ཐུགས་རྗེ་ཆེ་ཞུ།

རིགས་ཀྱི་རང་བཞིན་དྲང་བོར་བརྗོད་པ། དཔྱད་བརྗོད་སྤེལ་མཁན། སྐུ་མགྲོན། ཟླ་ཚེས། 12.05.2011 ཉིན། 8:07 AM
དྲ་བ་ལེགས་ཏེ། རྗོད་ཚིག་བདེ། བརྗོད་བྱ་ཟབ། ཡི་གེ་དག ཇུས་འགོད་ལེགས། མཛེས་རིས་གསལ་བཅས་རྩོམ་སྒྲིག་པ་རྣམས་ལ་གུས་བརྩི་ཞུ་འོས་ཆེ། འོན་ཀྱང་སྨན་རྩིས་ཁང་དང་སྨན་རྩིས་མཐོ་སློབ་གཉིས་ཀྱི་གཞུང་འབྲེལ་ཡི་གེ་དག་ནི་གྲོང་སྡེ་བརྒྱ་དཔོན་ཞིག་གི་ཡིག་བྲིས་ལས་སྐྱོ་སངས་ངེ་བ་ཞིག་འདུག་པ་གང་གིས་ལན། དགེ་རྒན་དང་འཛིན་སྐྱོང་ལ་བོད་ཡིག་མཁྱེན་མཁན་མེད་པ་ནི་ཨེ་ཡིན།
བཀུར་འོས་སྐུ་མགྲོན་ལྷན་རྒྱས་ལ། དཔྱད་བརྗོད་སྤེལ་མཁན། རྩོམ་སྒྲིག་པ། ཟླ་ཚེས། 09.05.2011 ཉིན། 3:50 PM
ཁྱེད་རྣམ་པས་ངེད་དྲ་བའི་སྐོར་ལ་ཐུགས་བསམ་དང་དགོངས་ཚུལ་བཞེས་གནང་བ་ལ་ཐུགས་རྗེ་ཆེ་ཞུ་རྒྱུ་དང་། དེ་བཞིན་ཁྱེད་ཅག་གི་ཐུགས་འདོད་བཞིན་ངེད་ཅག་གིས་ཀྱང་རང་རེའི་སྨན་རྩིས་རིག་གཞུང་འདིའི་ཕུགས་བསམ་སླད་གཞུང་རྩ་འགྲེལ་ཁག་དང་ལེགས་བཤད་ཀྱི་རྩོམ་རིག་རྣམས་དྲ་ངོས་སུ་འགོད་ཐབས་ཀྱི་བྱ་བར་ཤུགས་སྣོན་དང་བཅས་ད་ལྟ་པར་རྩ་ཁག་ནང་འཇུག་བྱེད་བཞིན་པས་རིང་མིན་ལྷན་རྒྱས་ཚོའི་སྤྱན་སྔར་འབུལ་ལམ་ཞུ་ཐུབ་པའི་རེ་བ་ཡོད།
གཡུ་ཐོག་བུ། དཔྱད་བརྗོད་སྤེལ་མཁན། སྐུ་མགྲོན། ཟླ་ཚེས། 08.05.2011 ཉིན། 8:26 AM
ད་དུང་རྣམ་པ་ཚོས་ཆེད་རྩོམ་ནང་ལ་ཕེབས་དང་སྨན་རྩིས་ཀྱི་ཡིག་ཆ་གྲགས་ཅན་དེ་འདྲ་འདུག
དྲ་བ་འདིའི་རྩོམ་སྒྲིག་པ་རྣམ་པས་མུ་མཐུད་སྨན་རྩིས་ཀྱི་གཞུང་ལུགས་གང་མང་མང་དྲ་ཐོག་ཏུ་འགོད་རོགས་ཞུ།
ངས་སེམས་གཏིང་ནས་རེ་བ་ཞུས་པ་ཡིན།
དབང་འདུས། དཔྱད་བརྗོད་སྤེལ་མཁན། སྐུ་མགྲོན། ཟླ་ཚེས། 06.05.2011 ཉིན། 1:13 PM
ངས་དེ་རིང་གཞི་ནས་དྲ་ཚིགས་འདི་མཐོང་བྱུང་། ཐོག་མར་རྩོམ་སྒྲིག་པ་ལྷན་རྒྱས་ལ་བཀྲིས་བདེ་ལེགས། རྒྱུད་བཞི་དང་བཻ་སྔོན་གཉིད་ཆ་ཚང་དྲ་ཐོག་ཏུ་བཀོད་པ་ནི་དྲ་ཚིགས་འདིའི་ཐུན་མིན་ཁྱད་ཆོས་དང་གཞན་དོན་རླབས་ཆེན་རེད། ད་དུང་མུ་མཐུད་གསོ་རིག་དང་རྩིས་རིག་སྐོར་གྱི་ཕྱག་དཔེ་རྩ་ཆེན་རིགས་གང་མང་དྲ་ཐོག་ཏུ་འགོད་རྒྱུར་འབད་བརྩོན་གནང་རོགས། དཔེར་ན། གསོ་རིག་ཚིག་མཛོད་ཆེར་མོ་དང་། གཡུ་ཐོག་དགོངས་རྒྱན། མེས་པོའི་ཞལ་ལུང་གི་སྟོད་ཆ། སོགས་ཧ་ཅང་མང་།

དེ་མིན་རྩོམ་ཡིག་ཆ་ཚང་གི་འོག་ཏུ་མཆན་བཏབ་ཏེ་རྩོམ་པ་པོ་དང་དངོས་སུ་བགྲོ་གླེང་བྱེད་ཆོག་པ་དང་། དྲ་གྲོགས་ཕན་ཚུན་བར་ཡང་གླེང་སློང་བྱེད་ཐུབ་པའི་གོ་སྐབས་ཤིག་སྤྲད་པ་ཡིན་ན་ཁྱེད་ཅག་གི་ཕྱག་ལས་འདི་ཁྱབ་རྒྱ་ཆེ་རུ་དང་ཕན་ཐོགས་སྔར་ལྷག་འོང་རྒྱུར་ཐེ་མི་ཚོམ་པས་དེ་དོན་དགོངས་འཇགས་གནང་རོགས། ཐུགས་རྗེ།
དམ་ཅན་མགར་བ་ནག་པོ། དཔྱད་བརྗོད་སྤེལ་མཁན། སྐུ་མགྲོན། ཟླ་ཚེས། 04.05.2011 ཉིན། 9:36 PM
རྒྱུད་བཞི་དང་བེ་སྔོན་ཆ་ཚང་དྲྭ་ལམ་ནང་བཞུགས་སུ་གསོལ་བར་ལེགས་སོ་ཞུ་རྒྱུ་ཡིན་ལ་རིམ་པས་རིན་ཐང་བྲལ་བའི་སྨན་རྩིས་གཞུང་ལུགས་རྣམས་གདན་ཞུ་གནང་བའི་རེ་བ་ཆེ།
གཡུ་ཐོག་བུ། དཔྱད་བརྗོད་སྤེལ་མཁན། སྐུ་མགྲོན། ཟླ་ཚེས། 04.05.2011 ཉིན། 5:30 PM
སྨན་རྩིས་ཁང་དྲ་བ་གསར་གཏོད་གནང་བར་ངས་སེམས་གཏིང་ནས་ཐུགས་རྗེ་ཆེ་ཞུས་པ་ཡིན།
ལྷག་པར་རྣམ་ཚོས་དཔལ་ལྡན་རྒྱུད་བཞི་ཆ་ཚང་དང་བེེ་སྔོན་ཡོངས་རྫོགས་དྲ་ཐོག་ཏུ་བཞག་སྣང་འདུག་པ་ལ་ངས་ལྷག་པར་དུ་ཐུགས་རྗེ་ཆེ་ཞུས་པ་ཡིན།
འདི་ནས་ངས་རེ་བ་ཞིག་ལ་རྣམ་པ་ཚོས་གསོ་རིག་ཚིག་མཛོད་ཆེན་མོ་དེ་ཡང་དྲ་ཐོག་ཏུ་འགོད་ཐུབ་ན་འཚོ་བྱེད་སྨན་པ་ཡོངས་དང་།
ལྷག་པར་དུ་སྨན་གྱི་སློབ་བུ་རྣམས་ལ་ཕན་པ་ཚད་མེད་ཡོངས་ངེས་ཡིན་པས་དེ་ལུགས་འབད་རྩོན་གནང་རོགས་ཞུ།
གཡུ་ཐོག་བུ། དཔྱད་བརྗོད་སྤེལ་མཁན། སྐུ་མགྲོན། ཟླ་ཚེས། 02.05.2011 ཉིན། 11:22 PM
སྨན་རྩིས་དྲ་བ་གསར་གཏོད་གནང་བ་ལ་སྙིང་ཐག་པ་ནས་དགའ་བསུ་ཞུ།
ལྷག་པ་སྒྲོལ་མས། དཔྱད་བརྗོད་སྤེལ་མཁན། སྐུ་མགྲོན། ཟླ་ཚེས། 01.05.2011 ཉིན། 10:02 PM
གུས་མོའི་གླེང་གཞི་འདིའི་ཐོག་ཁ་གཏད་མཁྲེགས་པོ་ཞིག་དང་འཕྲད་ནས་བགྲོ་གླེང་ཚ་ཧུར་ཞིག་འབྱུང་ན་བསམ་ཡང་བློ་ཕམ་པ་ཞིག་ལ་ཚུར་རྒོལ་བ་མཁྲེགས་པོ་ཞིག་འཕྲད་མ་སོང་།           བོད་ཀྱི་སྐར་རྩིས་རིག་པར་ད་ཆ་ཤུགས་མེད་པའི་སྟེང་དོ་སྣང་གནང་མཁན་ཡང་མི་འདུག ཉམས་པ་སླར་གསོའི་གོ་སྐབས་མིན་འདུག བོད་མི་བྱིངས་ཕར་ཞོགས་སྐར་རྩིས་པ་དོ་སྣང་ཡོད་མཁན་ཡང་ཧ་ཅང་ཉུང་སྐྱོན་འདུག ད་ཡིན་ན་སོ་སོ་རང་མགོ་གང་ཐོན་བྱེད་རྒྱུ་ལས་མི་རིགས་ཀྱི་རིག་གཞུང་ནི་མིང་ཙམ་རེད་འདུག
དམ་ཅན་མགར་ནག་སོགས་སྐུ་མགྲོན་ལྷན་རྒྱས་ལ། དཔྱད་བརྗོད་སྤེལ་མཁན། རྩོམ་སྒྲིག་པ། ཟླ་ཚེས། 19.04.2011 ཉིན། 10:25 AM
ཁྱེད་རྣམ་པ་སྨན་རྩིས་དྲ་བའི་གུར་ཁྱིམ་འདིར་ཕེབས་པ་ལ་དགའ་བསུ་ཞུ་བ་དང་སྦྲགས། སྐུ་མགོན་དམ་མགར་ལགས་སོགས་ཀྱིས་བཀྲ་ཤིས་ཁ་གཡང་བརྗོད་གནང་བ་ལ་ངེད་ནས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན།
ལྷག་པ་སྒྲོལ་མ་ལགས། རིན་བཟང་གིས། དཔྱད་བརྗོད་སྤེལ་མཁན། སྐུ་མགྲོན། ཟླ་ཚེས། 18.04.2011 ཉིན། 9:43 AM
ཨ་ཅག་ལྷག་པ་ལགས། སྐུ་ཉིད་ལྷགས་པས་འཁྱེར་གྲབ་ཡོད་པ་མ་རེད་དམ། གསུང་དབྱངས་ཐམས་ཅད་ལྷགས་པའི་དབྱིངས་སུ་བཞུགས་འདུག དགོངས་པ་མ་ཚོམ་སྐུ་རྩེད་ཞུས་པ་ཡིན།
ཉི་མ་དོན་གྲུབ་ཀྱིས། དཔྱད་བརྗོད་སྤེལ་མཁན། སྐུ་མགྲོན། ཟླ་ཚེས། 16.04.2011 ཉིན། 10:14 PM
སྨན་རྩིས་དྲ་བ་འདི་ལ་དམིགས་བསལ་གྱི་ཁྱད་ཆོས་མང་པ་ཡོད་སྲིད། དཔྱད་བརྗོད་སྤེལ་བདེ་ཤོས་ཀྱི་དྲ་རྒྱ་ཞེས་བརྗོད་ན་ལབ་རིན་ཆོག་པ་ཞིག་འདུག གཞན་པ་ཚོར་སྔོན་ལ་ཐོ་དགོད་དང་ཐོ་མིང་སོགས་དེབ་སྐྱེལ་འདྲ་བྱ་དགོས་པ་དེ་ཡང་དྲ་ཡིག་ཅིག་བཏང་ཡོད་པས་ཁྱེད་རང་གི་ཐོ་མིང་གཏན་འཁེལ་གནང་རོགས། དྲ་ཡིག་ནང་དུ་བལྟས་ན་སྟོང་པ་སྟོང་རྐྱང་དེ་འདྲའི་དཔྱད་བརྗོད་སྤེལ་བར་འདོད་ཀྱང་ངལ་བ་ཆེའོ།
དཔྱད་བརྗོད་སྤེལ་མཁན། སྐུ་མགྲོན། ཟླ་ཚེས། 16.04.2011 ཉིན། 11:00 AM
ལྷག་པ་སྒྲོལ་མ་ལགས། ཁྱེད་རང་ངོ་རྒོལ་ཁོ་ན་གནང་ནས་བཞུགས་ན་ན་སོ་རྒས་པའི་རྟགས་རེད། དེ་ལས་ཀུན་གྱིས་ཡིད་སྨོན་བྱེད་པའི་དཔྱད་རྩོམ་ཞིག་སྤེལ་ན་མི་ལེགས་སམ།
དཔྱད་བརྗོད་སྤེལ་མཁན། སྐུ་མགྲོན། ཟླ་ཚེས། 13.04.2011 ཉིན། 11:05 PM
གུས་མོའི་གླེང་གཞི་གཙོ་བོ་ནི། སྤྱིར་བཏང་གནམ་གཤིས་སྐོར་སྐྱེ་བོ་ཀུན་གྱི་ཉིན་རེའི་བྱེད་སྒོ་ལ་ཕན་ཐོག་ཡོད་པ་སྨོས་མེད་རེད། འོན་ཀྱང་བོད་ཀྱི་སྐར་རྩིས་རིག་གཞུང་གི་གཞུང་འབྲེལ་དྲ་རྒྱའི་ནང་དེང་དུས་གནམ་གཤིས་སྐོར་བཀོད་གནང་བར་ངོ་རྒོལ་ཞུ་བཞིན་ཡོད། འདི་ཡིས་སོ་སོའི་རིག་གཞུང་ནང་མེད་པའི་ཐོག་གཞན་ནས་བརྐུས་པའམ་བཤུས་པ་གསལ་པོ་མཚོན་གྱི་འདུག ཅི་སྟེ་སོ་སོར་མེད་ནའང་དེའི་གནས་སྟོང་པར་བཞག་ན་སུ་ལའང་བསམ་ཚུལ་ཡོང་གི་མ་རེད། ཡང་ན་དྲ་ཚིག་གཞན་ནས་བརྐུས་པའམ་བཤུས་ཀྱང་མངོན་གསལ་མེད་པ་བརྐུས་སྟངས་ཤེས་པ་བྱེད་ནའང་འཐུས། དེ་འདྲ་མེད་པར་ང་ཟིན་སྤུ་བཏོག་ཟེར་བ་ལྟ་བུས་ཁུངས་འཁྱོལ་མི་ཡོང་།
དཔྱད་བརྗོད་སྤེལ་མཁན། སྐུ་མགྲོན། ཟླ་ཚེས། 12.04.2011 ཉིན། 6:33 AM
很好的网站,谢谢
ལྷག་པ་སྒྲོལ་མ་ལགས་སུ། དཔྱད་བརྗོད་སྤེལ་མཁན། སྐུ་མགྲོན། ཟླ་ཚེས། 11.04.2011 ཉིན། 3:47 PM
ཁྱེད་རང་མི་རིགས་ཀྱི་རིག་གཞུང་ལ་དད་ཞེན་ཆེ་བ་མ་ཟད་འཛམ་གླིང་ཀུན་གྱི་འགྲོ་སྟངས་ཤེས་མཁན་ཞིག་ཡིན་པ་འདྲ། བོད་ཀྱི་སྐར་རྩིས་རིག་པ་ནི་བླང་དོར་གྱི་གནད་སྟོན་པར་བྱེད་མཁན་ཞིག་ཡིན། དེས་གོ་ལ་ཧྲིལ་པོའི་གནམ་གཤིས་ཀྱི་འགྱུར་བག་བསྟན་པ་ལས་ས་ཁུལ་ག་གེ་མོའི་གནམ་གཤིས་ཇི་ཡིན་སྟོན་པར་དཀའ། དྲྭ་ཚིགས་འདིའི་ནང་དུ་ཤན་སྦྱར་དུ་བཀོད་པ་ནི་འགྲོ་བ་མི་རིགས་ཀྱི་རྒྱུན་ལྡན་འཚོ་བའི་ལས་དོན་དང་འབྲེལ་བའི་བླང་དོར་གནད་མ་ལུས་སྟོན་ཐུབ་པའི་ཆེད་དུ་ཡིན། ཐམས་ཅད་སྐྱོན་དུ་བལྟས་ན་དངོས་པའི་ཆོས་ཉིད་ཡིན་པས་སྐྱོན་རང་ཡིན།
ལྷག་པ་སྒྲོལ་མས། དཔྱད་བརྗོད་སྤེལ་མཁན། སྐུ་མགྲོན། ཟླ་ཚེས། 05.04.2011 ཉིན། 9:28 PM
བོད་ཀྱི་སྐར་རྩིས་ཁང་གི་སྐར་རྩིས་པ་བློ་བཟང་དོན་གྲུབ་ལགས། ཁྱེད་རང་བོད་ཀྱི་རིག་གཞུང་རྒྱུན་འཁྱོངས་གནང་མཁན་ཞིག་ཡིན་པའི་ཆ་ནས་བློ་གཟུ་བོའི་ངང་གུས་མོར་གསུངས་གནང་དང་། བོད་ཀྱི་སྐར་རྩིས་རིག་པའི་དྲ་ཚིགས་ཀྱི་གནམ་གཤིས་གནས་ཚུལ་བཀོད་ཡུལ་དུ་དེང་དུས་གནམ་གཤིས་སྐོར་གྱི་གནས་ཚུལ་དྲ་ཚིགས་གཞན་ནས་བཤུས་ཏེ་བཀོད་པ་འདིས་བོད་ཀྱི་རིག་གཞུང་ཡར་རྒྱས་གཏོང་གྱིན་ཡོད་དམ་ཡང་ན་འཐུས་ཤོར་གཏོང་གྱིན་ཡོད། ད་རིང་དགོང་མོ་གཟིམ་ཁར་ཐུགས་བསམ་ཡག་པོ་བཞེས་དང་། དངོས་འབྲེལ་རིག་གཞུང་ཐད་བསམ་ཤེས་གནང་མཁན་ཡིན་ཚེ་རྣམ་དཔྱོད་དང་རིག་རྩལ་གྱིས་བརྒྱན་པའི་ལན་ཞིག་རེ་སྒུག་བྱེད་བཞིན་ཡོད། ལར་ནས་གུས་མོའི་གླེང་གཞི་འདིར་བོད་ཀྱི་སྐར་རྩིས་ཁང་གི་གཙོ་འཛིན་མཆོག་ནས་ལན་ཞིག་གནང་ཚེ་གླེང་སྟེགས་འདི་གཞི་བརྗིད་དང་ལྡན་པ་ཡོང་ངེས།
དམ་ཅན་མགར་བ་ནག་པོ། དཔྱད་བརྗོད་སྤེལ་མཁན། སྐུ་མགྲོན། ཟླ་ཚེས། 05.04.2011 ཉིན། 2:48 AM
ལོ་མང་རིང་བསྒུགས་པའི་མངོན་འདོད་གྲུབ་འདུག ད་ལྟ་དྲྭ་རྒྱ་འདི་གསར་རྐྱང་ཞིག་ཡིན་པས་རིམ་པས་ཡག་ཐོག་ཡག་བརྩེགས་ཀྱི་ཡར་རྒྱས་བཏང་བའི་རེ་བ་ཡོད། མུ་མཐུད་བཅར་གྱི་ཡིན་དཱ། ཁ་བྲོ་ལོ་ཡག །
སྨན་རྩིས་དྲ་བ་ལེགས་གྲུབ་བྱུང་བར་རྟེན་འབྲེལ་ཞུ། དཔྱད་བརྗོད་སྤེལ་མཁན། སྐུ་མགྲོན། ཟླ་ཚེས། 04.04.2011 ཉིན། 4:20 PM
སྨན་རྩིས་དྲ་བ་འདི་ཉིད་བརྗོད་དོན་དང་ཇུས་འགོད་གང་ཅིའི་ཐད་ནས་ད་ཡོད་བོད་ཡིག་དྲ་བ་ཡོངས་ཀྱི་རྩེ་ཕུད་ལྟ་བུ་ཞིག་ཏུ་མཐོང་བས། ཁྱེད་རྣམ་པར་ཐུགས་རྗེ་ཆེ་ཞུ་བ་ལགས།
བློ་བཟང་དོན་གྲུབ་ལགས་སུ། ལྷག་པ་སྒྲོལ་མས། དཔྱད་བརྗོད་སྤེལ་མཁན། སྐུ་མགྲོན། ཟླ་ཚེས། 01.04.2011 ཉིན། 6:36 PM
བློ་དོན་ལགས། བློ་ཕམ་པ་ཞིག་ལ་གུས་མོའི་གླེང་གཞིའི་གོ་དོན་ངོ་མ་དེ་ད་དུང་ཡུང་ཁྱེད་ནས་གོ་ཐུབ་མི་འདུག གུས་མོས་རྣམ་དཔྱོད་དང་རིག་རྩལ་ལྡན་པའི་ལན་ཞིག་ཐོབ་ཡོང་བསམ་ནས་ངང་སྒུག་བྱས་ཡིན། འོན་ཀྱང་གུས་མོར་སྐྱོན་བརྗོད་ཙམ་ལས་བློ་སྟོབས་སྐྱེ་བའི་གནས་ཚུལ་གང་ཡང་ཐོབ་མ་སོང་། གླེང་གཞིའི་དྲ་ཚིགས་སུ་བོད་ཀྱི་སྐར་རྩིས་ལམ་ལུགས་ཀྱི་གནས་གཤིས་སྐོར་གང་ཡང་བཀོད་མེད་བཞིན་དུ་ཨུ་ཚུགས་ཀྱིས་བཀོད་འདུག་ཅེས་གསུངས་བཞིན་པར་བློ་གཟུ་བོའི་མིག་ཤེས་ཡང་དག་ཞིག་གིས་གནས་ཚུལ་ངོ་མ་གང་ཡིན་ཤེས་ཀྱི་རེད། འདབ་ཤོག་གཉིས་ལྡན་གྱི་འགྲོ་སྟངས་ཚུལ་བཞིན་མ་ཤེས་ན། གང་མཚམས་ནས་སོ་སོའི་འགྲོ་སྟངས་ཀྱང་བརླག ལྕམ་སྐུ་ཞབས་ཀྱི་འགྲོ་སྟངས་མ་ཤེས་པའི་དཀའ་ངལ་འཕྲད་ངེས།
དུང་ཐོར་ལགས། དཔྱད་བརྗོད་སྤེལ་མཁན། རྩོམ་སྒྲིག་པ། ཟླ་ཚེས། 01.04.2011 ཉིན། 9:05 AM
དགོངས་ཚུལ་དང་གསལ་འདེབས་གནང་བ་ལ་ཐུགས་རྗེ་ཆེ།
དུང་གི་ཐོར་ཅོག་ཅན། དཔྱད་བརྗོད་སྤེལ་མཁན། སྐུ་མགྲོན། ཟླ་ཚེས། 01.04.2011 ཉིན། 5:25 AM
ཇུས་འགོད་ལེགས་ལ་ནང་དོན་ཕུན་སུམ་ཚོགས་པའི་སྨན་རྩིས་དྲ་བ་ལེགས་འཁྲུངས་ལ་བཀྲིས་བདེ་ལེགས་ཞུ། ལེགས་པའི་ཆ་ནི་སྐུ་མགྲོན་གཞན་གྱི་བརྗོད་པ་བཞིན་ད་ཡོད་བོད་ཡིག་དྲ་བའི་ཁྲོད་ནས་བྱ་བརྒྱའི་ཁྲོད་ཀྱི་ཁྱུང་ཆེན་དུ་ངེས། བསམ་ཚུལ་ཞིག་ཞུ་འདོད་པ་ནི། གཅིག སྨན་རྩིས་དྲ་བ་དང་བོད་གཞུང་སྨན་རྩིས་ཁང་གསོ་རིག་ཞིབ་འཇུག་སྡེ་ཚན་ནས་འཛིན་སྐྱོང་གནང་བཞིན་པའི་ཆ་ནས་དྲ་བའི་མདུན་ངོས་སུ་སྤྱི་ཚེས་དང་བོད་ཚེས་འཆར་ཐུབ་པ་བཟོ་ཐུབ་ན་ལེགས་ཐོག་རྒྱན་དུ་ཆེ་བར་བསམ། གཉིས་པ། འབྲེལ་ཐག་དེ་བཞིན་བོད་དུ་ཡོད་པའི་བོད་རང་སྐྱོང་ལྗོངས་སྨན་རྩིས་ཁང་དང་། མཚོ་སྔོན་བོད་ཀྱི་གསོ་རིག་སློབ་ཆེན། ཨ་རུ་ར། བོད་ལྗོངས་གསོ་རིག་སློབ་ཆེན་བཅས་ལ་མཐུད་ཐུབ་ན་སྨན་རྩིས་རིག་པར་དོ་སྣང་ཡོང་མཁན་རྣམས་ལ་མིག་རྒྱ་ཆེར་བསྐྱེད་ཡོང་བར་དགེ་མཚན་ཆེ་བར་བསམ།
དཔྱད་བརྗོད་སྤེལ་མཁན། སྐུ་མགྲོན། ཟླ་ཚེས། 01.04.2011 ཉིན། 5:01 AM
དྲ་གནས་འདི་སྒྲིག་སྟངས་དང་ཇུས་འགོད། ཡིག་གཟུགས། སྒྲ་དང་བརྙན་རིས་སོགས་གང་གི་ཆ་ནས་དེང་སྐབས་བོད་ཕྱི་ནང་གཉིས་སུ་ཡོད་པའི་བོད་ཡིག་དྲ་བའི་ནང་རྩེ་ཕུད་གྲས་སུ་བརྩིས་ཆོག དྲ་བ་གསར་བཟོ་ཇུས་འགོད་དང་གཟུངས་བཞུགས་སྤེལ་མཁན་རྣམས་ལ་ཐུགས་རྗེ་ཆེ་ཞུ་བ་ཡིན། སླད་མར་ཡང་དྲ་བ་འདི་འཛིན་སྐྱོང་གནང་མཁན་སྨན་རྩིས་ཁང་དང་བྱེ་བྲག་སྡེ་ཚན་གྱི་སྨན་ལས་རྣམས་ནས་འབད་བརྩོན་གནང་རོགས་ཞུ་རྒྱུ་ཡིན།
རིན་ཆེན་བཟང་པོ། དཔྱད་བརྗོད་སྤེལ་མཁན། སྐུ་མགྲོན། ཟླ་ཚེས། 31.03.2011 ཉིན། 4:47 PM
སྨན་རྩིས་དྲ་བ་ལེགས་འགྲུབ་བྱུང་བར་རྟེན་འབྲེལ་ཞུ། དངོས་ནས་དཔེ་སྲིད་པ་ཞིག་འདུག རྩོམ་སྒྲིག་པ་དང་ཇུས་འགོད་པ་དང་འབྲེལ་ཡོད་རྣམས་ལ་བསྔགས་བརྗོད་དང་རྗེས་སུ་ཡི་རང་ཞུ། ངས་མིག་རྒྱང་ཐུང་སོང་བ་མིན་ན་ད་ལྟའི་ཆར་བོད་ཡིག་དྲ་བ་ཀུན་གྱི་ཡང་རྩེ་ལྟ་བུར་མཐོང་། མ་ཟད་རྩོམ་གཞི་དང་འཆར་འགོད་ལག་རྩལ་གྱི་ཆ་ནས་མཐོང་རྒྱ་དང་ཕུགས་བསམ་ཆེ་ཚུལ་རྟོགས་ཐུབ། ང་ཚོ་ཀློག་པ་པོ་རྣམས་ཀྱིས་རྒྱབ་སྐྱོར་བྱས་ན་ལས་ཁ་ནས་གང་ཐོན་བཤད་ས་ཞིག་རེད་མི་འདུག་པར་མཐོང་།
ལྷག་པ་སྒྲོལ་མ་ལ་ཞུ་རྒྱུར། བློ་བཟང་དོན་འགྲུབ། དཔྱད་བརྗོད་སྤེལ་མཁན། སྐུ་མགྲོན། ཟླ་ཚེས། 31.03.2011 ཉིན། 11:30 AM
ད་དུང་ཁས་མི་ལེན་ཚུལ་བལྟས་ན་རྒྱུ་མཚན་ཁས་ལེན་མཁན་ཞིག་མིན་པ་འདྲ། ༡ འོ་ན་ཁྱོད་ལ་དྲི་བ་གཅིག་འདྲི། མི་གཅིག་གིས་དངུལ་གཡར་བ་ལ་བརྟེན་ནས་ཚོང་རྒྱབ་ན་དེ་ཡང་བརྐུས་པ་རེད་དམ། རྒྱུ་མཚན་ནི་རང་ཉིད་མིན་པར་གཞན་གྱི་ཡིན་པས་སོ། ༢ བོད་ཀྱི་རྩིས་རིག་ནང་འགྲོ་སྟངས་གང་ཡོད་དེར་བཀོད་འདུག་མོད། ད་དུང་ཁ་མ་ཚང་ག་རེ་འདུག་གསུངས་རོགས་གནང་། ༣ དེང་དུས་ཀྱི་འགྲོ་སྟངས་ལྟར་གྱི་གནམ་གཤིས་སོགས་བཀོད་པར་མི་འདོད་པ་བྱེད་དགོས་དོན་མེད། འདབ་གཤོག་གཉིས་ལྡན་ཟེར་གྱི་མི་འདུག་གམ། རྒྱ་ཆེའི་བལྟ་ཀློག་མཁན་ཚོར་སྟབས་བདེ་ཡོང་ཆེད་འདབ་གཤོག་གཉིས་ལྡན་གྱི་གནམ་གཤིས་བལྟ་ས་ཞིག་བཟོས་འདུག་མོད། དེར་མི་འདོད་པའི་རྣམ་འགྱུར་བསྟན་དོན་ལ་གཞིགས་ན། ཁྱེད་རང་ཁ་ལག་ནང་ནས་ཟ། སྒོ་ང་ཕྱི་ལ་གཏོང་མཁན་ཞིག་ཡིན་པ་འདྲ།
ལྷག་པ་སྒྲོལ་མ་ལགས་དང་། བློ་དོན་ཟུང་ལ་ཕུལ་བའི་གསལ་བཤད། དཔྱད་བརྗོད་སྤེལ་མཁན། སྐུ་མགྲོན། ཟླ་ཚེས། 30.03.2011 ཉིན། 11:15 PM
ཁྱེད་རྣམ་པ་གཉིས་ཕལ་ཆེར་སྨན་རྩིས་ཁང་གི་ཁྱབ་ཁོངས་སུ་གཏོགས་པའི་ལས་སློབ་གང་རུང་ཡིན་ངེས། དེ་བས་ཁྱེད་གཉིས་ཀྱིས་ཕན་ཚུན་བརྗོད་དོན་ལ་གཞིགས་ཚེ་ཕོ་རོག་གིས་ཕག་པར་ནག་རིལ་ཞེས་པའི་ངང་ཚུལ་ལས་མ་འདས། སྨན་རྩིས་མཐོ་སློབ་ནས་ལོ་ལྟར་གཞུང་དངུལ་ཕོན་ཆེ་བཏང་ནས་གངས་རིའི་ལས་ཚོ་ཞེས་པའི་དུས་དེབ་སྟེང་ཕལ་ཆེ་བ་སྨན་རྕིས་དེབ་རིགས་གཞན་ནས་ལུང་འདྲེན་གྱི་ཚུལ་དུ་འདྲེན་བཀོད་བྱས་པ་ལས་རང་ཉིད་ཀྱི་རྣམ་དཔྱོད་བེད་སྤྱད་ནས་བྲིས་པའི་རྩོམ་ཡིག་གི་བརྒྱ་ཆ་༡༠་ཡང་ཟིན་གྱི་མེད་པ་དོན་གཉེར་ཅན་ཚོས་མཁྱེན་ངེས་རེད།
བློ་བཟང་དོན་གྲུབ་ལགས། ལྷག་པ་སྒྲོལ་མས། དཔྱད་བརྗོད་སྤེལ་མཁན། སྐུ་མགྲོན། ཟླ་ཚེས། 28.03.2011 ཉིན། 12:18 PM
ཐོག་མ་ཁྱེད་ཀྱིས་སྨན་རྩིས་དྲ་བ་གསར་པར་དོ་སྣང་གནང་བར་ཡི་རང་ཞུ། གུས་མོའི་བསམ་པར་ཁྱེད་ཀྱིས་གུས་མོའི་དཔྱད་བརྗོད་ཀྱི་ནང་དོན་ངོ་མ་གང་ཡིན་གསལ་པོ་མཁྱེན་མེད་པ་འདྲ། ད་ལམ་གསལ་པོར་ཞུ་རྒྱུར། རང་རེ་བོད་ཀྱི་སྐར་རྩིས་རིག་པའི་ནང་གནམ་གཤིས་སྐོར་གྱི་གནས་ཚུལ་ཤེས་པར་བོད་ཀྱི་སྐར་རྩིས་རང་གི་གཞུང་དང་ལག་ལེན་གྱི་ལམ་ལུགས་ཡོད་བཞིན་དུ་དེ་དག་གི་བརྒྱུད་རྩིས་སྐོར་ནས་གནས་གཤིས་སྔོན་བརྡ་སོགས་ཀྱི་གནས་ཚུལ་འབྲལ་ཡོད་དྲ་ཚིགས་འདིར་བཀོད་གནང་ཚེ་ངོ་མཚར་གྱི་གནས་དང་ཡི་རང་ཞུ་འོས་ཡིན། འོན་ཀྱང་ཡ་མཚན་པ་ཞིག་ལ་བོད་ཀྱི་སྐར་རྩིས་རིག་པའི་དྲ་ཚིགས་ནང་དེང་ངུས་འཕྲུལ་ཆས་བརྒྱུད་བརྟག་དཔྱད་བྱས་པའི་གནས་གཤིས་སྔོན་བརྡའི་སྐོར་བཀོད་པ་ནི་རང་ལ་མེད་པར་གཞན་ནས་བརྐུས་པ་ལོས་ཡིན། ས་སོར་མེད་ན་མེད་པ་རང་སྟོང་པ་འཇོག་དགོས་པ་ལས་གཞན་གྱི་གནས་ཚུལ་བཀོད་ན་འདི་བརྐུས་པ་མིན་ནམ་བློ་དོན་ལགས། ཁྱེད་ཀྱི་ཆགས་ཞེན་གྱི་བློ་འདི་ཡིས་རང་གི་རིག་གཞུང་ལ་ཕན་གནོད་གང་ཡོང་གི་འདུག་ད་རིང་གཟིམ་ཁར་ཐུགས་བསམ་ཡག་པོ་བཞེས་ནས་ལན་ཞིག་གནང་བའི་རེ་བ་ཡོད།
ལྷག་པ་སྒྲོལ་མ་ལ་ཞུ་རྒྱུར། བློ་བཟང་དོན་འགྲུབ། དཔྱད་བརྗོད་སྤེལ་མཁན། སྐུ་མགྲོན། ཟླ་ཚེས། 27.03.2011 ཉིན། 9:55 PM
ལྷག་པ་སྒྲོལ་མ་ལགས་ཁྱེད་ཀྱིས་སྨན་རྩིས་ཁང་ལ་བཟུང་བའི་བལྟ་ཚུལ་འདི་ནོར་འཁྲུལ་ཆེན་པོ་རེད། བོད་རྩིས་ནང་ཡོད་པའི་གནམ་གཤིས་འགྲོ་སྟངས་ཆ་ཚང་བཀོད་འདུག་དེ་ལས་ལྷག་པའི་བོད་རྩིས་ནང་འགྲོ་སྟངས་ཤིག་གང་ན་ཡོད། དེང་རབ་ཀྱི་གནམ་གཤེས་འགྲོ་སྟངས་དྲ་བ་དེར་བཀོད་པར་བརྐུས་པ་རེད་ཟེད་དོན་གང་ཡིན། ཁྱེད་ཀྱིས་བསམ་བློ་གང་ཡང་མ་བཏང་བར་སྐད་ཆ་དེ་འདྲ་བཤད་དོན་གང་ཡིན་ནམ། གནམ་གཤིས་ཀྱི་འགྲོ་སྟངས་དེ་དྲ་བ་སུའི་སྟངས་བཀོད་ན་ཡང་རིན་མེད་ཡིན་པ་ཧ་གོ་མ་སོང་ངམ། རྒྱལ་སྤྱིའི་གནམ་གཤིས་བོད་གཞུང་མ་དགོས་རྒྱལ་ཁབ་ཆུང་ཞིག་གིས་ཀྱང་གསར་བ་ཞིག་འཇོན་གྱི་མེད། དེ་འདྲའི་ཁ་ཕོ་མ་སྒྲོག་ལོ། དེ་མིན་ས་ཡོམ་སོགས་ཆ་ཚང་རིན་མེད་རེད་ལོ། ཡིད་མ་ཆེས་གྷོ་གྷུལ་དང་http://www.weather.com ལ་ལྟོས་དང་དྲ་བ་སུའི་སྟངས་བཀོད་ནའང་འགོད་ཚུལ་བཅས་པ་གསལ་ལེར་འདུག
ལྷག་པ་སྒྲོལ་མ།རྡ་རམ་ས་ལ། དཔྱད་བརྗོད་སྤེལ་མཁན། སྐུ་མགྲོན། ཟླ་ཚེས། 27.03.2011 ཉིན། 9:18 PM
ཐོག་མ་བོད་ཀྱི་སྨན་རྩིས་རིག་གཞུང་དྲྭ་རྒྱ་དབུ་འབྱེད་གནང་བར་ཤིན་ཏུ་ལེགས།འཚམས་འདྲི་དང་བཀྲིས་བདེ་ལེགས་ཞུ།ད་ལམ་ཞུ་རྒྱུ་ཞིག་ལ་རྩིས་ཀྱི་སྡེ་ཚན་ནང་བོད་ཀྱི་ལྷ་ས་དང་བཞུགས་སྒར་རྡ་རམ་ས་ལ་གཞན་ཡང་རྒྱ་གར་དུ་བོད་མི་གནས་ཡུལ་འགའ་ཞིག་གི་གནམ་གཤིས་གནས་ཚུལ་སྐོར་བཀོད་གནང་བ་ནི་བོད་རང་གི་སྐར་རྩིས་རིག་པའི་
ཐོག་ནས་བཀོད་པ་མ་ཡིན་པར་དེང་དུས་གནམ་གཤིས་སྔོན་བརྡའི་དྲྭ་ཚིག་གཞན་ནས་བརྐུས་ཏེ་འདིར་བཀོད་གནང་བ་ནི་ང་ཚོས་མི་རིགས་ཀྱི་རིག་གཞུང་གི་ཞབས་འདྲེན་མིན་ནམ།།སོ་སོས་མ་བྱོན་པའི་ཐོག་གཞན་ནས་བསྐུས་པར་བོད་ཕྱི་ནང་གི་སྐར་རྩིས་པ་ཚོས་ང་ཚོར་གོད་ཀྱི་ཡོད་ཤག་རེད་བསམ།
སྨན་རྩིས་དྲ་བ་ལེགས་འགྲུབ་བྱུང་བར་རྟེན་འབྲེལ་ཞུ། དཔྱད་བརྗོད་སྤེལ་མཁན། སྐུ་མགྲོན། ཟླ་ཚེས། 23.03.2011 ཉིན། 2:56 PM
བོད་གཞུང་སྨན་རྩིས་ཁང་གི་བོད་ཡིག་དྲ་བ་ཤར་གཏོང་བྱས་པར་རྟེན་འབྲེལ་ཞུ་རྒྱུ་དང་། མུ་མཐུད་དུ་བོད་རིག་གཞུང་འདི་ཡར་རྒྱས་གོང་སྤེལ་ཡོང་བའི་འབོད་སྐུལ་ཞུ།
བློ་གྲོས་ཐོག་མེད་ནས།

དཔྱད་བརྗོད་འགོད།