སྨན་རྩིས་དྲ་བ། - མདུན་ངོས།

སྨན་རྩིས་ཁང་ལ་འབུལ་བ་གསོལ་རས་བསྩལ།

བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 19.12.2017
མདུན་ངོས། >>

 

 སྨན་རྩིས་ཁང་ལ་འབུལ་བ་གསོལ་རས་བསྩལ།

ཕྱི་ལོ་ ༢༠༡༧ ཟླ་ ༡༢ ཚེས་ ༡༡ རེས་གཟའ་ཟླ་བའི་ཉིན་བཞུགས་སྒར་སྨན་རྩིས་ཁང་དུ་ཡོངས་དགེ་མི་འགྱུར་རིན་པོ་ཆེ་མཆོག་ཇི་ལྟར་གདན་ཞུས་ལྟར་དངོས་སུ་ཕེབས་ནས་ཐོག་མར་སྨན་རྩིས་ཁང་གི་རིག་གཞུང་སྡེ་ཚན་ཁག་གཅིག་ལ་འཚམས་གཟིགས་གནང་བ་དང་། དེ་ནས་གསུང་ཆོས་གནང་ས་སྨན་རྩིས་མཐོ་སློབ་ཚོགས་ཁང་དུ་ཞབས་སོར་འཁོད་ཡོད།

རིན་པོ་ཆེ་མཆོག་ནི་དེང་རབས་ཅན་གྱི་དད་ལྡན་ཆོས་ཞུ་བའི་ཁམས་དང་མོས་པ་བག་ལ་ཉལ་བ་ཇི་བཞིན་བཀའ་ཆོས་གནང་བར་ཤིན་ཏུ་མཁས་པ་ཡོངས་གྲགས་ཡིན་ལ། མང་ཚོགས་ནང་དད་པ་དང་ཡིད་མོས་བྱེད་མཁན་ཤིན་ཏུ་མང་པོ་ཡོད་པ་བཞིན། ད་ཐེངས་སྨན་རྩིས་མཐོ་སློབ་ཚོགས་ཁང་ནང་དུའང་། སྨན་རྩིས་ཁང་གི་འགོ་ལས་རྣམས་དང་གཞན་ཡང་ཕྱི་ནས་ལྷགས་པའི་དད་ལྡན་མང་ཚོགས། ལྷག་པར་ཕྱི་གླིང་མི་རིགས་སྣ་ཚོགས་པའི་ཆོས་ཞུ་བ་བརྒྱ་ཕྲག་གསུམ་བརྒལ་བ་འདུ་འཛོམས་བྱུང་ཡོད།

ཉིན་དེར་ཐོག་མར་སྨན་རྩིས་ཁང་གི་འགན་འཛིན་མཆོག་ནས་དད་ལྡན་མང་ཚོགས་ལ་རིན་པོ་ཆེ་མཆོག་གི་ངོ་སྤྲོད་མདོར་བསྡུས་ཤིག་དང་། སྨན་རྩིས་ཁང་ནས་བསྟན་འགྲོ་སྤྱི་ལ་སྨན་པའི་སླད་དུ་མཎྜལ་བརྟན་བཞུགས་སྟབས་བདེ་ཞིག་ཀྱང་འདེགས་འབུལ་ཞུས།

དེ་ནས་རིན་པོ་ཆེ་མཆོག་ནས་ནང་ཆོས་ཀྱི་ངོ་སྤྲོད་དང་སྦྲགས་དངོས་གཞི་ཤེས་རབ་སྙིང་པོ་དང་སྒོམ་སྒྲུབ་ཉམས་ལེན་གྱི་གསུང་ཆོས་རྒྱས་པ་བཀྲིན་བསྐྱངས་གནང་ཡོད།

གསུང་ཆོས་ལེགས་པར་གྲུབ་རྗེས་དད་ལྡན་ཆོས་ཞུ་བ་རྣམས་ནས་མཇལ་ཁ་ཞུ་སྐབས་འབུལ་བའི་ཚུལ་དུ་དངུལ་སྒོར་ཕུལ་བ་ཡོངས་རྫོགས་རིན་པོ་ཆེ་མཆོག་ནས་སྨན་རྩིས་ཁང་གི་སྒྲིག་འཛུགས་ལ་གསོལ་རས་བསྩལ་ཡོད། དེ་ལ་ཁྱོན་བསྡོམས་ཧིན་སྒོར་བརྒྱད་ཁྲི་ཆིག་སྟོང་ཉིས་བརྒྱ་རེ་ལྔ་(81,265)བཞུགས་འདུག སྨན་རྩིས་ཁང་གི་འགན་འཛིན་མཆོག་ནས་དད་རྫས་དངུལ་སྒོར་ཆ་ཚང་ལག་ཏུ་སོན་མ་ཐག་ཉམ་ཐག་ནད་པའི་སྨན་སྦྱིན་རྩིས་ཁོངས་(Poor & Needy Patients Account)སུ་འཁྱེར་དགོས་པའི་འབྲེལ་ཡོད་དངུལ་རྩིས་སྡེ་ཚན་ལ་བཀའ་མངགས་གནང་ཟིན་པ་དང་། སྨན་རྩིས་ཁང་གིས་ལོ་འཁོར་གཅིག་གི་ནང་སྤྱི་ཡོངས་ནས་སྨན་སྦྱིན་འགྲོ་གྲོན་ཧིན་སྒོར་ས་ཡ་སུམ་ཅུ་སོ་གསུམ་དང་འབུམ་གསུམ་ལྷག་བཏང་དང་གཏོང་བཞིན་ཡོད་པ་ཐུགས་འཇགས་འཚལ།།

མཐའ་མའི་འདོན་ཐེངས་།: 20.12.2017 ཉིན། 9:32 AM

<< སྔ་མ།

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

རྒྱལ་སྤྱིའི་ཨྰརོགྱ་2017ཚོགས་ཆེན་དང་པོ།

ཕྱི་བཅོས་གསོ་ཐབས་ཀྱི་ཟབ་སྦྱོང་དམར་ཁྲིད།

སྨན་རྩིས་ཁང་ལ་འབུལ་བ་གསོལ་རས་བསྩལ།

ཨ་གར་སོ་ལྔ་འམ་ཚངས་ལྷའི་གཏམ་རྒྱུད།

མཇུག་དོན།

སྨན་པ་མཁས་ཆེན་དབྱངས་ཅན་ལྷ་མོ།

མཁས་དབང་ངག་དབང་ཆོས་གྲགས།

ལྕགས་པོ་རིའི་དགེ་རྒན་སྐལ་བཟང་ལེགས་བཤད།

ཐུགས་སྲས་ཐུབ་བསྟན་ལྷུན་གྲུབ།

མཁས་དབང་མཁྱེན་རབ་ནོར་བུ།

བཀྲས་ཁང་བྱམས་པ་ཐུབ་དབང་།

འཚོ་བྱེད་རྡོ་རྗེ་རྒྱལ་མཚན།

ཀརྨ་འཇིགས་མེད་ཆོས་ཀྱི་སེངྒེ།

བླ་སྨན་བྱ་སྦུག་པ་དམ་ཆོས་དཔལ་ལྡན།

སློབ་ཐོན་པ་རྣམས་ལ་སྩལ་བའི་བཀའ་སློབ།