སྨན་རྩིས་དྲ་བ། - མདུན་ངོས།

སྨན་རྩིས་ཁང་དབུ་བརྙེས་ནས་ལོ་བརྒྱ་འཁོར་བའི་དུས་དྲན་གྱི་ལས་རིམ།

བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 25.01.2016
མདུན་ངོས། >>

 

 

སྨན་རྩིས་ཁང་དབུ་བརྙེས་ནས་ལོ་བརྒྱ་འཁོར་བའི་དུས་དྲན་གྱི་ལས་རིམ།

 

ཕྱི་ལོ་༢༠༡༦ ལོར་རྒྱལ་བ་ལྔ་པ་ཆེན་པོ་མཆོག་དང་སྡེ་སྲིད་སངས་རྒྱས་རྒྱ་མཚོ་རྣམ་གཉིས་ཀྱིས་ལྕགས་རི་རིག་བྱེད་འགྲོ་ཕན་གླིང་ཕྱག་བཏབ་ནས་མི་ལོ་༣༢༠ འཁོར་བ་དང་། རྒྱལ་མཆོག་སྐུ་ཕྲེང་བཅུ་གསུམ་པ་ཆེན་པོ་མཆོག་གིས་ལྷ་ལྡན་སྨན་རྩིས་ཁང་ཕྱག་བཏབ་ནས་ལོ་ངོ་༡༠༠ འཁོར་བའི་དུས་དྲན་སྲུང་བརྩིའི་ཞུ་རྒྱུ་དེ་ཡང་དྷ་ས་བོད་ཀྱི་སྨན་རྩིས་ཁང་དབུ་བརྙེས་ནས་ལོ་༥༥ འཁོར་བའི་དུས་དྲན་དང་སྟབས་བསྟུན་ཏེ། ཕྱི་ལོ་༢༠༡༦ ཟླ་༣ ཚེས་༢༣ ནས་བཟུང་ལྷ་ལྡན་སྨན་རྩིས་ཁང་གི་བརྒྱ་སྟོན་དངོས་སུ་སྲུང་བརྩི་ཞུ་རྒྱུ།

ཉིན་དང་པོ།  རེས་གཟའ་ལྷག་པ་ཉིན་ཐོག་མའི་མཛད་སྒོ་རྒྱས་ཙམ་ཞིག་དྷ་ས་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་འཚོག་རྒྱུ་དང་། དེ་ཉིན་སྐུ་མགྲོན་དང་མི་མང་ཡོངས་ལ་ཉིན་དགུང་གསོལ་ཚིགས་འདེགས་འབུལ་ཞུ་རྒྱུ།

 

ཉིན་གཉིས་པ། རེས་གཟའ་ཕུར་བུ་ཉིན་བོད་ལུགས་གསོ་བ་རིག་པའི་བདེན་གཏམ་གསལ་བའི་རྒྱལ་སྤྱིའི་བགྲོ་གླེང་ཚོགས་ཆེན་འཚོག་རྒྱུ།


ཚོགས་ཐེང་དང་པོ།
བཙོ་ཐལ་ལ་ཚན་རིག་གི་ལམ་ནས་ཉམས་ཞིབ་བགྱིས་པའི་གྲུབ་དོན་གླེང་བ། ཨི་ཛཱ་རལ་རང་བྱུང་སྨན་གྱི་ཉམས་ཞིབ་ལྟེ་གནས་ཁང་གི་ཉམས་ཞིབ་པ་ Dr Sarah Sallon
ཚོགས་ཐེང་གཉིས་པ། བོད་ལུགས་གསོ་བ་རིག་པའི་ལམ་ནས་སྨན་སྦྱོར་བགྱིས་པའི་སྨན་རྣམས་ཡོ་རོབ་སྨན་གྱི་ཁྲིམས་སྒྲིག་དང་མཐུན་པའི་ངང་དར་སྤེལ་ཡོང་ཐབས། སུད་ཛི་ལན་ཊི་པདྨ་སྨན་གྱི་བཟོ་གྲྭའི་ཉམས་ཞིབ་པ་Dr Cecile Vennos
ཚོགས་ཐེངས་གསུམ་པ། བོད་སྨན་གྱིས་ཀླད་པའི་འབྲས་ནད་བཅོས་པར་་ཕན་ནུས་ཆེན་པོ་ཡོད་པའི་སྐོར་ཚན་རིག་གི་ལམ་ནས་ཚོད་ལྟའི་ཉམས་ཞིབ་བགྱིས་པའི་སྙན་ཐོ། ཨིལ་ནིས་གཙུག་ལས་སློབ་གྲྭའི་ཉམས་ཞིབ་པ་ Mr Dziugas Meskelevicius
ཚོགས་ཐེངས་བཞི་པ། ནད་ཀྱི་གཉེན་པོ་ཟས་ཀྱིས་སྙིང་ཁམས་འཕར་རྩའི་ནད་པའི་ལུས་པོའི་ལྗིད་ཚད་ཇི་ཙམ་གཅོག་ཐུབ་མིན་བོད་ལུགས་གསོ་རིག་དང་ནུབ་ཕྱོགས་གསོ་རིག་གཉིས་དཔྱད་བསྡུར་བགྱིས་པའི་གྲུབ་དོན་གླེང་བ། ཁྱུ་གསར་བོད་ལུགས་གསོ་རིག་སྨན་ཁང་གྱི་སྨན་པ་རྣམ་རྒྱལ་ཁྱུ་གསར།
ཚོགས་ཐེངས་ལྔ་པ། གནད་དོན་གཉིས་ཕན་ཚུན་འབྲེལ་བ་གྲུབ་ཚུལ་འདི་བོད་ལུགས་གསོ་རིག་གི་སློབ་འཁྲིད་ཀྱི་རྣམ་བཞག་དང་ལམ་ལུགས་ལས་ཤེས་ཐུབ་པའི་རེ་འདུན། ཧྥ་རན་སི་རྒྱལ་ཁབ་ནས་ཡིན་པའི་ཉམས་ཞིབ་པ་ Dr Marie T. Nicolas

ཉིན་གསུམ་པ། རེས་གཟའ་པ་སངས་ཉིན་སྨན་རྩིས་ཁང་གི་ལས་བྱེད་ཟུར་པ་རྣམས་དང་ད་ཡོད་བོད་ཀྱི་སྨན་རྩིས་ཁང་གི་ལས་བྱེད་རྣམས་ཕན་ཚུན་ཉམས་མྱོང་སྤེལ་རེས་དང་། དེ་བཞིན་སྨན་རྩིས་ཁང་ཡར་རྒྱས་ཡར་ངོའི་ཟླ་ལྟར་འཕེལ་བའི་ཐབས་བྱུས་སོགས་ལ་བསམ་ཚུལ་བརྗེ་ལེན་བྱ་རྒྱུ་སོགས་སྤྲོ་སྣང་ལྡན་པའི་ལས་རིམ་སྣ་ཚོགས་ཤིག་གོ་སྒྲིག་ཞུ་རྒྱུ་ཡིན།

 

དེ་ནས་རིམ་བཞིན་རྒྱལ་སྤྱི་རྒྱལ་ནང་དུ་བོད་ཀྱི་གསོ་བ་རིག་པའི་འགྲེམས་སྟོན་རྒྱས་འབྲིང་བསྡུས་གསུམ་དང་། སྨན་རྩིས་རིག་པའི་སྐོར་གཏམ་བཤད། ནད་པར་སྨན་བཅོས་བྱ་རྒྱུ་སོགས་ལས་རིམ་སྣ་ཚོགས་སྤེལ་འཆར་ཡོད།


གནས་ཚུལ་ཁུངས་བཅོལ་ས་དང་མ་དཔེ་དངོས་།


 

1. རྒྱལ་སྤྱིའི་བོད་ཀྱི་གསོ་བ་རིག་པའི་བགྲོ་གླེང་གི་ངོ་སྤྲོད་སྙིང་བསྡུས་ཨིན་ཡིག དང་པོ། གཉིས་པ། 
2. བོད་ཀྱི་སྨན་རྩིས་ཁང་གི་འགན་འཛིན་མཆོག་ནས་སྨན་རྩིས་ལས་ཟུར་རྣམས་ལ་ཕུལ་བའི་ཕྱག་བྲིས།

མཐའ་མའི་འདོན་ཐེངས་།: 30.03.2016 ཉིན། 4:57 PM

<< སྔ་མ།

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

ཆོས་རིག་དྲུང་ཆེ་སྐུ་ཚེ་མ་ཟིན་པའི་ཡིད་སྐྱོའི་གནས་ཚུལ།

སྤྱི་ཁྱབ་འགན་འཛིན་མཆོག་གི་གསུང་བཤད།

འགྲོ་ཕན་བོད་ཀྱི་སྨན་རྩིས་ཁང་དབུ་བརྙེས་པའི་དུས་དྲན་མཛད་སྒོ་སྲུང་བརྩི།

ཞབས་ལོ་ ༤༠། ༣༠། ༢༠། ལོན་པ་རྣམས་ཀྱི་ངོ་སྤྲོད།

སྨན་རྩིས་འབུམ་རམས་པ་དང་ཉེ་བའི་འབུམ་རམས་པར་ཕྱག་ཁྱེར་བསྩལ།

ཐོན་ཟོག་ཁྲལ་འབབ་སྡེ་ཚན་གྱིས་ཆེ་བསྟོད་གནང་།

བོད་ཡིག་མིང་བྱང་ལ་འགྱུར་བཅོས་བཏང་བ།

ཅོན་ཏ་ར་སྨན་སྦྱོར་སྡེ་ཚན་དུ་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།

བརྟན་བཞུགས་སྔོན་འགྲོའི་རིམ་གྲོར་སྲོག་ཆགས་ཚེ་ཐར་བཏང་བ།

འགྲོ་ཕན་སྨན་རྩིས་ཁང་གི་མིང་དུ་བརྫུས་ཏེ་ནད་པ་བསླུ་བྲིད་བྱེད་པའི་གནས་ཚུལ།

ཁ་ལོ་བ་གཅིག་དང་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།

ཆོད་གན་ལས་མི་སྐྱེས་པ་གཉིས་དང་བུད་མེད་གསུམ་གྱི་ས་མིག་གསལ་བསྒྲགས།

ལེའུ་དང་པོ། ཀླད་དོན་གླེང་སློང་བ།

ལེའུ་གཉིས་པ། རླུང་ནད་གསོ་བ།

ལེའུ་གསུམ་པ། མཁྲིས་པའི་ནད་གསོ་པ།