སྨན་རྩིས་དྲ་བ། - མདུན་ངོས།

སྨན་རྩིས་ཁང་གི་ཡན་ལག་སྨན་ཁང་གསར་འཛུགས།

བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 23.06.2014
མདུན་ངོས། >>

 

སྨན་རྩིས་ཁང་གི་ཡན་ལག་སྨན་ཁང་གསར་འཛུགས།


ཉེ་ཆར་བོད་ཀྱི་སྨན་རྩིས་ཁང་གིས་ཡན་ལག་སྨན་ཁང་གསར་པ་ཐེངས་ ༥༨ པ་དེ་རྒྱ་གར་རྒྱལ་ས་དིལླིའི་རོཧིནི་ (Rohini, Delhi) ས་གནས་སུ་གསར་འཛུགས་བྱས་པ་རེད། དེ་ཡང་འདི་ལོའི་ཟླ་ ༥ ཚེས་ ༢༦ ཉིན་སྨན་ཁང་དེ་དངོས་སུ་དབུ་འབྱེད་གནང་ཡོད། དབུ་འབྱེད་མཛད་སྒོར་སྐུ་མགྲོན་གཙོ་བོ་དིལླིའི་བོད་སྒར་བསམ་ཡས་གླིང་བདེ་དོན་སྐུ་ངོ་ལས་སྐྱིད་རྡོ་རྗེ་ཚངས་ལྷ་ལགས་དང་།   དིལླི་བོད་ཁྱིམ་སློབ་མའི་སྡོད་ཁང་གི་འཛིན་སྐྱོང་པ་སྐར་རྟེན་ཚེ་རིང་ལགས་དང་། ཚེ་རིང་སྒྲོལ་མ་ལགས་བཅས་ཕེབས་ཡོད། དེ་བཞིན་གཞན་ཡང་བོད་རིགས་དང་རྒྱ་གར་བ་མི་གྲངས་དྲུག་ཅུ་ལྷག་ལྷན་དུ་འཛོམས་ནས་མཛད་སྒོ་སྟབས་བདེ་ཞིག་འཚོགས་གནང་ཡོད།

སྤྱིར་རྒྱལ་ས་དིལླིར་དེ་སྔ་བོད་ཀྱི་སྨན་རྩིས་ཁང་གིས་ཕྱི་ལོ་ ༡༩༨༢ ལོར་ནིཛྰམུདྡིན་ (Nizamuddin) ཡན་ལག་སྨན་ཁང་། ཕྱི་ལོ་ ༡༩༨༨ ལོར་དིལླི་བོད་སྒར་ (Majnu ka Tilla) ཡན་ལག་སྨན་ཁང་དང་། ཕྱི་ལོ་ ༢༠༠༥ ལོར་དིལླི་བུདྡྷ་བིཧར་ (Buddh Vihar) ཡན་ལག་སྨན་ཁང་བཅས་སྨན་ཁང་གསུམ་གསར་བཙུགས་ཞུས་པ་ནས་བཟུང་བོད་ཀྱི་གསོ་བ་རིག་པའི་ལམ་ནས་རིས་མེད་ནད་པའི་དཀའ་ངལ་བསལ་དང་སེལ་བཞིན་པ་དང་། ད་ཐེངས་ཕྱི་ལོ་ ༢༠༡༤ ལོར་རོཧིནི་ (Rohini) ཡན་ལག་སྨན་ཁང་གསར་འཛུགས་ཞུས་པ་འདི་ནས་ཀྱང་རིས་མེད་ནད་བ་མང་པོར་འཕྲོད་བསྟེན་ཞབས་འདེགས་སྔར་ལྟར་ཞུ་བཞིན་ཡོད།

 

འབྲེལ་གཏུག་ཁ་བྱང་།

Men-Tsee-Khang
(Tibetan  Medical & Astro. Institute)
Plot No. 85, Pocket - D/15
Sector 7, Opp. Metro Pillar No. 419
Rohini, Delhi - 110 085

Phone:  011 45052407

 

སྨན་རྩིས་ཁང་གི་ཡན་ལག་སྨན་ཁང་ཁག་གི་ཁ་བྱང་ལྟ་ཀློག་གྱིས།

 

མཐའ་མའི་འདོན་ཐེངས་།: 23.06.2014 ཉིན། 2:42 PM

<< སྔ་མ།

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

ཆོས་རིག་དྲུང་ཆེ་སྐུ་ཚེ་མ་ཟིན་པའི་ཡིད་སྐྱོའི་གནས་ཚུལ།

སྤྱི་ཁྱབ་འགན་འཛིན་མཆོག་གི་གསུང་བཤད།

འགྲོ་ཕན་བོད་ཀྱི་སྨན་རྩིས་ཁང་དབུ་བརྙེས་པའི་དུས་དྲན་མཛད་སྒོ་སྲུང་བརྩི།

ཞབས་ལོ་ ༤༠། ༣༠། ༢༠། ལོན་པ་རྣམས་ཀྱི་ངོ་སྤྲོད།

སྨན་རྩིས་འབུམ་རམས་པ་དང་ཉེ་བའི་འབུམ་རམས་པར་ཕྱག་ཁྱེར་བསྩལ།

ཐོན་ཟོག་ཁྲལ་འབབ་སྡེ་ཚན་གྱིས་ཆེ་བསྟོད་གནང་།

བོད་ཡིག་མིང་བྱང་ལ་འགྱུར་བཅོས་བཏང་བ།

ཅོན་ཏ་ར་སྨན་སྦྱོར་སྡེ་ཚན་དུ་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།

བརྟན་བཞུགས་སྔོན་འགྲོའི་རིམ་གྲོར་སྲོག་ཆགས་ཚེ་ཐར་བཏང་བ།

འགྲོ་ཕན་སྨན་རྩིས་ཁང་གི་མིང་དུ་བརྫུས་ཏེ་ནད་པ་བསླུ་བྲིད་བྱེད་པའི་གནས་ཚུལ།

ཁ་ལོ་བ་གཅིག་དང་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།

ཆོད་གན་ལས་མི་སྐྱེས་པ་གཉིས་དང་བུད་མེད་གསུམ་གྱི་ས་མིག་གསལ་བསྒྲགས།

ལེའུ་དང་པོ། ཀླད་དོན་གླེང་སློང་བ།

ལེའུ་གཉིས་པ། རླུང་ནད་གསོ་བ།

ལེའུ་གསུམ་པ། མཁྲིས་པའི་ནད་གསོ་པ།