སྨན་རྩིས་དྲ་བ། - སྨན་རྩིས་ཁང་གི་བྱུང་རབས། སྨད་ཆ།

སྨན་རྩིས་ཁང་གི་ཕྱིར་ཚོང་སྡེ་ཚན།

བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 13.04.2016
སྨན་རྩིས་ཁང་གི་བྱུང་རབས། སྨད་ཆ། >>
<< བོད་གཞུང་སྨན་རྩིས་ཁང་གི་བྱུང་རབས། སྨད་ཆ། >>


དིལླིའི་ཕྱིར་ཚོང་དང་འབྲེལ་མཐུད་སྡེ་ཚན།

དིལླིར་ཡོད་པའི་སྨན་རྩིས་ཁང་གི་ཕྱིར་ཚོང་སྡེ་ཚན་ནི། ཕྱི་ལོ་ ༡༩༩༤ ལོར་གསར་འཛུགས་བྱས་ཤིང་། ད་ལྟའི་བར་འགན་འཛིན་བཞི་ཙམ་འཕོ་འགྱུར་བྱུང་ཡོད། སྡེ་ཚན་འདིས་སྨན་རིགས་མ་ཡིན་པའི་སྨན་རྩིས་ཁང་གི་གསོ་རིག་ཐོན་དངོས་དང༌། ལུས་ཕན་གསོ་རིག་ཉེར་མཁོའི་རིགས། ལོ་ཐོ་རྒྱས་འབྲིང་བསྡུས་གསུམ་དང༌། དཔེ་དེབ་སོགས་རྒྱ་གར་ནང་དང་ཕྱི་ཕྱོགས་སུ་ཚོང་འགྲེམས་བྱེད་བཞིན་པ་མ་ཟད། དབུས་སྡེ་ཚན་ཁག་གིས་ཅ་དངོས་ཉོ་སྒྲུབ་སོགས་ཀྱིས་མཚོན་པའི་དིལླིར་ལས་དོན་གང་མངགས་རྣམས་དུས་ཐོག་ཏུ་སྒྲུབ་བཞིན་ཡོད། དེ་བཞིན་དེ་གའི་འབྲེལ་མཐུད་ཚན་པས་སྨན་རྩིས་ཁང་གི་ལས་དོན་ཆེད་ཕྱི་རྒྱལ་གཞུང་ཚབ་ཁག་ལ་འབྲེལ་གཏུགས་དང་། རྒྱ་གར་དང་ཕྱི་རྒྱལ་ཡུལ་གྲུ་ཁག་ཏུ་ཕྱོགས་ཕེབས་གནང་དགོས་རིགས་ཀྱི་ཕྱི་སྐྱོད་ལག་འཁྱེར་དང༌། ཐོངས་མཆན། གནམ་གྲུའི་འཛིན་ཤོག་མངགས་ཉོ་སོགས་འབྲེལ་མཐུད་ཀྱི་ལས་དོན་འགན་འཁུར་ཞུ་བཞིན་ཡོད།

པ་ནི་པཏ་སྤོས་བཟོ་སྡེ་ཚན།

སྡེ་ཚན་འདི་ནི་ཕྱི་ལོ་ ༢༠༠༤ ཙམ་ནས་མགོ་འཛུགས་བྱས་ཡོད་ཅིང་།  ད་ལྟའི་བར་འགན་འཛིན་སྐབས་གཉིས་འཕོ་འགྱུར་བྱུང་།  སྡེ་ཚན་འདིས་གསོ་བ་རིག་པའི་གཞུང་ནས་ཇི་སྐད་གསུང་བ་བཞིན་སྦྱོར་ཚད་ཡོངས་སུ་ཚང་བའི་རླུང་སྤོས་དང་གཟིམ་སྤོས། སྨན་བསངས་བཅས་སྦྱོར་བཟོ་བྱེད་བཞིན་ཡོད།

མཐའ་མའི་འདོན་ཐེངས་།: 16.04.2016 ཉིན། 11:59 AM

<< སྔ་མ།

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

ཡན་ལག་སྨན་ཁང་གཉིས་ལ་ཁ་ལོ་བ་གཉིས་ཀྱི་ས་མིག་གསལ་བསྒྲགས།

སྨན་སྦྱོར་སྡེ་ཚན་དུ་ལས་མི་གྲངས་ ༡༡ ས་མིག་གསལ་བསྒྲགས།

ཆོས་རིག་དྲུང་ཆེ་སྐུ་ཚེ་མ་ཟིན་པའི་ཡིད་སྐྱོའི་གནས་ཚུལ།

སྤྱི་ཁྱབ་འགན་འཛིན་མཆོག་གི་གསུང་བཤད།

འགྲོ་ཕན་བོད་ཀྱི་སྨན་རྩིས་ཁང་དབུ་བརྙེས་པའི་དུས་དྲན་མཛད་སྒོ་སྲུང་བརྩི།

ཞབས་ལོ་ ༤༠། ༣༠། ༢༠། ལོན་པ་རྣམས་ཀྱི་ངོ་སྤྲོད།

སྨན་རྩིས་འབུམ་རམས་པ་དང་ཉེ་བའི་འབུམ་རམས་པར་ཕྱག་ཁྱེར་བསྩལ།

ཐོན་ཟོག་ཁྲལ་འབབ་སྡེ་ཚན་གྱིས་ཆེ་བསྟོད་གནང་།

བོད་ཡིག་མིང་བྱང་ལ་འགྱུར་བཅོས་བཏང་བ།

ཅོན་ཏ་ར་སྨན་སྦྱོར་སྡེ་ཚན་དུ་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།

བརྟན་བཞུགས་སྔོན་འགྲོའི་རིམ་གྲོར་སྲོག་ཆགས་ཚེ་ཐར་བཏང་བ།

འགྲོ་ཕན་སྨན་རྩིས་ཁང་གི་མིང་དུ་བརྫུས་ཏེ་ནད་པ་བསླུ་བྲིད་བྱེད་པའི་གནས་ཚུལ།

ཁ་ལོ་བ་གཅིག་དང་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།

ཆོད་གན་ལས་མི་སྐྱེས་པ་གཉིས་དང་བུད་མེད་གསུམ་གྱི་ས་མིག་གསལ་བསྒྲགས།

ལེའུ་དང་པོ། ཀླད་དོན་གླེང་སློང་བ།