སྨན་རྩིས་དྲ་བ། - ྋགོང་ས་མཆོག་གི་བཀའ་སློབ།

སྤྱི་ལོ་༢༠༠༡ ཟླ་༡༡ ཚེས་ ༡༩ ཉིན་དགེ་སློབ་རྣམས་ལ་སྩལ་བའི་བཀའ་སློབ།

བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 01.03.2011
ྋགོང་ས་མཆོག་གི་བཀའ་སློབ། >> སྤྱི་ལོ་༢༠༠༡ ཟླ་ ༡༡ ཚེས་ ༡༩ ཉིན་སློབ་དགེ་རྣམས་ལ་སྩལ་བའི་བཀའ་སློབ།
སྤྱི་ལོ་ ༢༠༠༡ ཟླ་ ༡༡ ཚེས་ ༡༩ ཉིན་སློབ་དགེ་རྣམ་པ་དང་སྐབས་བཅུ་གཅིག་པའི་སློབ་ཐོན་སྨན་པ་རྣམས་མཇལ་བཅར་སྐབས་སྩལ་བའི་བཀའ་སློབ། སྨན་རྩིས་ཁང་གི་དབུ་འཛིན་དང་དགེ་རྒན་རྣམ་པ། སྨན་སློབ་སྐབས་བཅུ་གཅིག་པ་བཅས་ཕོ་བྲང་དུ་མཇལ་བཅར་ཞུ་སྐབས་བོད་ནས་གསར་དུ་འབྱོར་བ་རྣམས་དང་ལྷན་དུ་ྋགོང་ས་མཆོག་གི་མཇལ་ཁ་དང་སྦྲགས་བོད་ཕྱི་ནང་གཉིས་ཀྱི་འདས་དང་ད་ལྟའི་གནས་བབས་སོགས་ཀྱི་སྐོར་བཀའ་སློབ་བཀའ་དྲིན་སྩལ། དེ་རྗེས་ྋགོང་ས་མཆོག་དང་ལྷན་དུ་སྨན་རྩིས་དགེ་སློབ་རྣམས་སྐུ་པར་སྒྲོན་ཁར་སྐུ་བཞེངས་གནང་མུར་བླང་དོར་བཀའ་སློབ་སྩལ་དོན་དུ། སྨན་རྩིས་ཁང་ལ་མ་ཞུགས་སྔོན་ལ་སྨན་སྦྱངས་མྱོང་མཁན་ག་ཚོད་ཡོད། དགེ་རྒན་རྣམས་དགེ་རྒན་གྱི་ལས་ཀ་བྱས་ནས་ལོ་ག་ཚོད་སོང་ཡོད། སློབ་ཕྲུག་ཚོས་སྨན་གཞུང་ག་རེ་བློ་འཛིན་བྱས་ཡོད། ཅེས་བཀའ་བརྩད་དང༌། ཁྱེད་ཚོས་སློབ་སྦྱོང་ཐོན་སོང་བསམས་ནས་ལྷོད་གཡེང་བྱས་ནས་བསྡད་རྒྱུ་ཡོད་པ་མ་རེད། ད་དུང་སློབ་སྦྱོང་བྱས། ཉམས་མྱོང་བསགས། ཞིབ་འཇུག་བྱས་ཏེ་རང་ཉིད་སྤུས་དག་པོ་བྱེད་དགོས། ངས་ཀྱང་དུས་ཚོད་མ་རག་ན་མ་གཏོགས་དཔེ་ཆ་མུ་མཐུད་བལྟ་གི་ཡོད། སྨན་སྦྱོར་ཤེས་ལ་མ་ཤེས་པའི་ཐོག་ནས་ལག་ལེན་བྱས་ན། ཟླ་ཤས་སྔོན་ལ་སུད་སིར་ནད་པ་གཅིག་ལ་རྐྱེན་ངན་ཞིག་བྱུང་བ་ལྟ་བུ་བོད་པའི་སྨན་པའི་མིང་འཁྱེར་ནས་རྙོག་དྲ་ཞིག་བྱུང་འདུག དེ་ཡང་སོ་སོས་མ་འཇོན་པ་མ་གཏོགས་གཞུང་ལུགས་ཀྱི་ངོས་ནས་བསླུས་ཡོད་པ་མ་རེད། དེ་འདྲ་སོང་ཙང་ཁྱེད་རང་ཚོས་གཟབ་གཟབ་བྱེད་དགོས་ཀྱི་འདུག དེང་སྐབས་རེ་ཟུང་གིས་བླ་མའི་མིང་ཁྱེར་ནས་ཆོས་ཤེས་ལ་མ་ཤེས་ཀྱིས་ཕྱི་རྒྱལ་དུ་ཕྱིན་ནས་དངུལ་གྱི་ཆེད་དུ་ཆོས་བཤད་དེ་སླ་ཆོས་བཟོ་གི་འདུག དེ་ནང་བཞིན་བོད་སྨན་ཤེས་ལ་མ་ཤེས་ཀྱིས་བོད་པའི་སྨན་པའི་མིང་ཁྱེར་ནས་དངུལ་གྱི་ཆེད་དུ་འདྲ་མི་འདྲ་བྱེད་མི་སྲིད་པ་མ་རེད། ད་ཆ་བོད་ཀྱི་གསོ་བ་རིག་པའི་མིང་འཛམ་གླིང་ཐོག་ཡག་པོ་ཡོད་པས་དེ་ལ་མ་དགའ་བ་དང་མིང་ཆད་བཟོ་མཁན་ཡང་ཡོང་སྲིད་པ་རེད་ལ་སོ་སོའི་ངོས་ནས་གཟབ་ནན་བྱེད་རྒྱུ་གལ་ཆེ། དགེ་རྒན་ཚོ་སློབ་སྦྱོང་སྤྲོད་མཁན་ཡིན་པའི་ཆ་ནས་གདེངས་དང་ལྡན་པ་ཞིག་དགོས་ཀྱི་ཡོད་པ་རེད། ཁྱེད་ཚོས་དཀའ་ལས་བརྒྱབས་ནས་སྤུས་དག་པོ་ཞིག་བཟོ་དགོས་པ་རེད། ཧུར་ཐག་འབད་ཐག་གྱིས་ཨང༌། བཀྲ་ཤིས་བདེ་ལེགས། ཞེས་བཀའ་སྩལ།

མཐའ་མའི་འདོན་ཐེངས་།: 01.03.2011 ཉིན། 10:08 PM

<< སྔ་མ།

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

ཐོན་ཟོག་ཁྲལ་འབབ་སྡེ་ཚན་གྱིས་ཆེ་བསྟོད་གནང་།

བོད་ཡིག་མིང་བྱང་ལ་འགྱུར་བཅོས་བཏང་བ།

ཅོན་ཏ་ར་སྨན་སྦྱོར་སྡེ་ཚན་དུ་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།

བརྟན་བཞུགས་སྔོན་འགྲོའི་རིམ་གྲོར་སྲོག་ཆགས་ཚེ་ཐར་བཏང་བ།

འགྲོ་ཕན་སྨན་རྩིས་ཁང་གི་མིང་དུ་བརྫུས་ཏེ་ནད་པ་བསླུ་བྲིད་བྱེད་པའི་གནས་ཚུལ།

ཁ་ལོ་བ་གཅིག་དང་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།

ཆོད་གན་ལས་མི་སྐྱེས་པ་གཉིས་དང་བུད་མེད་གསུམ་གྱི་ས་མིག་གསལ་བསྒྲགས།

ལེའུ་དང་པོ། ཀླད་དོན་གླེང་སློང་བ།

ལེའུ་གཉིས་པ། རླུང་ནད་གསོ་བ།

ལེའུ་གསུམ་པ། མཁྲིས་པའི་ནད་གསོ་པ།

ལེའུ་བཞི་པ། བད་ཀན་གྱི་ནད་བཅོས་པ།

ལེའུ་ལྔ་པ། འདུས་པའི་ནད་གསོ་བ།

ལེའུ་དྲུག་པ། མ་ཞུ་བ་གསོ་བ།

ལེའུ་བདུན་པ། གཅོང་ཆེན་སྐྲན་ནད་བཅོས་པ།

ལེའུ་བརྒྱད་པ། སྐྱ་རྦབ་ཀྱི་ནད་གསོ་བ།