སྨན་རྩིས་དྲ་བ། - དྲི་མེད་ཤེལ་གོང་།

སྡེ་ཚན་བཅུ་གཉིས་པ། མེའི་སྨན་སྡེ་བཤད་པ།

བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 19.04.2015
དྲི་མེད་ཤེལ་གོང་། >>

 

སྡེ་ཚན་བཅུ་གཉིས་པ།  མེའི་སྨན་སྡེ་བཤད་པ།

 

བཅུ་གཉིས་མེ་སྨན་སྡེ་ཚན་བསྟན་པ་ལ།  །དངོས་དང་བྱས་པའི་སྨན་ནུས་གཉིས་ཡིན་ཏེ།།

དང་པོ་ཏེལ་གྱི་མེ་ལ་བཅུ་གཅིག་སྟེ། །གསེར་གྱི་ཏེལ་མེས་ཉེས་སྐྱོན་མི་འབྱུང་ཞིང༌། །རྩ་ལ་སོགས་པ་རྣམས་ཀྱང་མཐུད་པ་དང༌། །གདོན་དང་བགེགས་ཀྱི་གནོད་པ་ཞི་བར་བྱེད། །མིག་སོགས་དབང་པོ་སྲུང་བའི་དཔྱད་ལ་བསྔགས། །དངུལ་གྱི་ཏེལ་མེ་གསེར་དང་ཕྱོགས་མཚུངས་ཤིང༌། །རྣག་དང་ཆུ་སེར་རུལ་གཅོད་འབྲས་ལ་བསྔགས། །ཟངས་ཀྱི་ཏེལ་མེ་རྨ་འབྲས་སྲིན་ལ་བསྔགས། །ལྕགས་ཏེལ་ལྷེན་དང་སྐྲན་འཇོམས་རུས་འཛེར་འགོག། །སྐྲ་སོགས་སྤུ་སྐྱེས་སྟེང་དུ་མི་རུང་སྤངས། །པགས་བསྲེགས་ཏེལ་ནི་རས་བལ་བ་ལང་སོ། །མེ་ཤེལ་མདའ་སྨྱུག་ལ་སོགས་མེ་གདབ་པས། །སྨེ་བ་དང་ནི་མཛེར་པ་ཀླད་ནད་དང༌། །མགོ་བོའི་གཞོགས་ཕྱེད་ན་བ་རྣམས་ལ་ཕན། །དེ་བཞིན་རྡོ་ཏེལ་ཤིང་རྭ་སྣུམ་ཡང་རུང༌། །སྤྱི་འདུས་སྤྲ་མེས་གྲང་སྐྲན་ལྷེན་འབྲས་འདུལ།།

གཉིས་པ་མེས་བྱས་སྨན་གྱི་ནུས་པ་ནི། །རྒྱ་སྣག་ཕོ་ཚད་མེ་དབལ་གཉན་རིམས་འཇོམས། །ཕྲུ་དྲེག་མོ་ནད་མངལ་སྐྱོན་སྦྱོང་བར་བྱེད། །སླང་དྲེག་རྨ་ལ་ཕན་ཞིང་འཁྲུ་བ་གཅོད། །དུད་པས་དུག་དྲེག་ལྤགས་པགས་མངལ་ནད་སེལ།། །།

མཐའ་མའི་འདོན་ཐེངས་།: 20.04.2015 ཉིན། 9:39 AM

<< སྔ་མ།

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

ཐོན་ཟོག་ཁྲལ་འབབ་སྡེ་ཚན་གྱིས་ཆེ་བསྟོད་གནང་།

བོད་ཡིག་མིང་བྱང་ལ་འགྱུར་བཅོས་བཏང་བ།

ཅོན་ཏ་ར་སྨན་སྦྱོར་སྡེ་ཚན་དུ་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།

བརྟན་བཞུགས་སྔོན་འགྲོའི་རིམ་གྲོར་སྲོག་ཆགས་ཚེ་ཐར་བཏང་བ།

འགྲོ་ཕན་སྨན་རྩིས་ཁང་གི་མིང་དུ་བརྫུས་ཏེ་ནད་པ་བསླུ་བྲིད་བྱེད་པའི་གནས་ཚུལ།

ཁ་ལོ་བ་གཅིག་དང་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།

ཆོད་གན་ལས་མི་སྐྱེས་པ་གཉིས་དང་བུད་མེད་གསུམ་གྱི་ས་མིག་གསལ་བསྒྲགས།

ལེའུ་དང་པོ། ཀླད་དོན་གླེང་སློང་བ།

ལེའུ་གཉིས་པ། རླུང་ནད་གསོ་བ།

ལེའུ་གསུམ་པ། མཁྲིས་པའི་ནད་གསོ་པ།

ལེའུ་བཞི་པ། བད་ཀན་གྱི་ནད་བཅོས་པ།

ལེའུ་ལྔ་པ། འདུས་པའི་ནད་གསོ་བ།

ལེའུ་དྲུག་པ། མ་ཞུ་བ་གསོ་བ།

ལེའུ་བདུན་པ། གཅོང་ཆེན་སྐྲན་ནད་བཅོས་པ།

ལེའུ་བརྒྱད་པ། སྐྱ་རྦབ་ཀྱི་ནད་གསོ་བ།