སྨན་རྩིས་དྲ་བ། - དྲི་མེད་ཤེལ་གོང་།

སྡེ་ཚན་གསུམ་པ། སའི་སྨན་སྡེ་བཤད་པ།

བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 19.04.2015
དྲི་མེད་ཤེལ་གོང་། >>

 

སྡེ་ཚན་གསུམ་པ། སའི་སྨན་སྡེ་བཤད་པ།

ས་ཡི་སྨན་གྱི་ནུས་པ་བསྟན་པ་ལ། །རང་བྱུང་བ་དང་བཅོས་མ་རྣམ་པ་གཉིས།།

རང་བྱུང་ས་ཡི་ནུས་པ་བསྟན་པ་ནི། །གསེར་གྱི་བྱེ་མས་མཁལ་ནད་ཆུ་འགགས་སེལ། །སིན་ནྡྷུ་ར་ཡིས་རྩ་ཚད་དོན་རྨ་གསོ། །རྣག་ཁྲག་སྐེམ་ཞིང་མེས་ཚིག་རྨ་ལ་ཕན། །ལི་ཁྲིས་རུལ་གཅོད་ཤ་ཚད་རྩ་ཚད་སེལ། །རམས་ཀྱིས་མིག་དང་མེས་ཚིག་རྨ་ལ་ཕན། །རྒྱ་མཚོའི་ལྦུ་བས་མཁལ་ཚད་ཀླད་ནད་སེལ། །ཕུག་སའི་བགྲུངས་ཆུས་སྦྱར་བའི་དུག་ལ་ཕན། །ལྦ་སས་རྨ་འབྲས་ཤ་རོ་གཅོད་པར་བྱེད། །ཐབ་ཀྱིས་ཚིག་རྒྱུ་མའི་སྲིན་ནད་སེལ། །མཚེ་སྐྱོང་གྱུར་དུག་ཆུ་དུག་གྲེ་འགགས་སེལ། །དཀར་རྩིས་ཤ་རུས་ཞེན་པའི་ནད་འགོག་བྱེད། །ས་སྨྱག་ཚ་སྐྲངས་འཇོམས་ཤིང་རྒྱུ་རྩི་བསྲུང༌། །སེ་རུལ་འཁྲུགས་ཚད་དུག་ནད་སེལ་བར་བྱེད།    །བྱི་སའི་དུགས་ཀྱིས་གྲང་རླུང་ཚབས་ནད་སེལ།     །གྲོག་ཤིང་རྨ་དང་གཟེར་སྐྲངས་ཆུ་སྲི་སེལ།།

ལས་ཀྱིས་གཙང་བྱས་ས་ཡི་ནུས་པ་ནི།   །མུ་ཟི་དཀར་སེར་གདོན་འཇོམས་རྣག་ཁྲག་སྐེམ། །མུ་ལྗང་གཉན་དང་བསྡོངས་པའི་ཚད་པ་སེལ། །མུ་ཟི་ནག་པོས་གདོན་འཇོམས་ལྷོག་པ་འདུལ། །སོ་ཕག་ཁུ་བས་གྲེ་བ་སྐོམ་པ་སེལ།   །ཕེ་འུ་དུགས་ཀྱིས་ཚད་པ་རླུང་ལྡན་འཇོམས།། །།

 

མཐའ་མའི་འདོན་ཐེངས་།: 20.04.2015 ཉིན། 10:18 AM

<< སྔ་མ།

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

ཐོན་ཟོག་ཁྲལ་འབབ་སྡེ་ཚན་གྱིས་ཆེ་བསྟོད་གནང་།

བོད་ཡིག་མིང་བྱང་ལ་འགྱུར་བཅོས་བཏང་བ།

ཅོན་ཏ་ར་སྨན་སྦྱོར་སྡེ་ཚན་དུ་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།

བརྟན་བཞུགས་སྔོན་འགྲོའི་རིམ་གྲོར་སྲོག་ཆགས་ཚེ་ཐར་བཏང་བ།

འགྲོ་ཕན་སྨན་རྩིས་ཁང་གི་མིང་དུ་བརྫུས་ཏེ་ནད་པ་བསླུ་བྲིད་བྱེད་པའི་གནས་ཚུལ།

ཁ་ལོ་བ་གཅིག་དང་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།

ཆོད་གན་ལས་མི་སྐྱེས་པ་གཉིས་དང་བུད་མེད་གསུམ་གྱི་ས་མིག་གསལ་བསྒྲགས།

ལེའུ་དང་པོ། ཀླད་དོན་གླེང་སློང་བ།

ལེའུ་གཉིས་པ། རླུང་ནད་གསོ་བ།

ལེའུ་གསུམ་པ། མཁྲིས་པའི་ནད་གསོ་པ།

ལེའུ་བཞི་པ། བད་ཀན་གྱི་ནད་བཅོས་པ།

ལེའུ་ལྔ་པ། འདུས་པའི་ནད་གསོ་བ།

ལེའུ་དྲུག་པ། མ་ཞུ་བ་གསོ་བ།

ལེའུ་བདུན་པ། གཅོང་ཆེན་སྐྲན་ནད་བཅོས་པ།

ལེའུ་བརྒྱད་པ། སྐྱ་རྦབ་ཀྱི་ནད་གསོ་བ།