སྨན་རྩིས་དྲ་བ། - གསེར་འོད་འབར་བའི་དུས་རབས་གཅིག

སྔོ་སྦྱོར་ཉམས་ཞིབ་སྡེ་ཚན།

བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 15.04.2016
གསེར་འོད་འབར་བའི་དུས་རབས་གཅིག >>

<< གསེར་འོད་འབར་བའི་དུས་རབས་གཅིག་གི་བཤུལ་ལམ >>

 

སྔོ་སྦྱོར་ཉམས་ཞིབ་སྡེ་ཚན།

སྔོ་སྦྱོར་ཉམས་ཞིབ་སྡེ་ཚན་ནི་བོད་ཀྱི་གསོ་རིག་ཐོན་རྫས་བཟོ་སྐྲུན་ཆེད་བཙུགས་པའི་དམིགས་བསལ་སྡེ་ཚན་ཞིག་ཡིན་ལ། སྡེ་ཚན་འདི་ནས་བོད་ཀྱི་གསོ་རིག་གཞུང་ལས་གསུངས་པའི་སྨན་རྫས་ཀྱི་ངོ་བོ་དང་། ཕན་ནུས། ཐུན་མིན་ཁྱད་ཆོས་གཞིར་བཟུང་སྟེ་དེང་དུས་འཛམ་གླིང་སྐྱེ་འགྲོ་ཡོངས་ཀྱི་ཚད་གཞིར་འཛིན་པའི་ཚན་རིག་ཤེས་བྱ་དང་འཕྲུལ་ཆས་ལག་རྩལ་ཟུང་འབྲེལ་ཐོག་སྔོ་སྨན་སྣ་ཚོགས་ལས་སྦྱོར་བཟོ་བྱས་པའི་གསོ་རིག་ཐོན་རྫས་སྣ་ཚོགས་བཟོ་སྐྲུན་ཞུ་བཞིན་ཡོད། སྔོན་བྱོན་མཁས་དབང་རྣམས་ཀྱིས་ཡུན་རིང་དཀའ་སྤྱད་དང་ཉམས་མྱོང་གསོག་འཇོག་གནང་བའི་རྩ་ཆེའི་རིག་གཞུང་འདི་ཕྱི་རབས་ཀྱི་ཚེ་རིག་རྒྱུད་འཛིན་རྣམས་ལ་གསར་གཏོད་གོང་སྤེལ་གྱི་རྨང་གཞི་བརྟན་པོ་ཞིག་བཙུགས་ནས་ཡོད་པ་དེར། ད་ཆ་མི་རྒྱུ་གཉིས་ཀྱི་སྟོབས་ཤུགས་གཅིག་ཏུ་བསྒྲིལ་ཞིང་ཕུགས་རྐྱང་རིང་བའི་འཆར་གཞི་བཏིང་སྟེ། དེང་དུས་འཛམ་གླིང་ཁྲོམ་རྭའི་ནང་བོད་ཀྱི་གསོ་བ་རིག་པའི་ཁྱད་ཆོས་ལྡན་པ་དེང་རབས་མིའི་དགོས་མཁོ་དང་མཐུན་པའི་ཐོན་དངོས་གསར་པ་སྔར་མེད་པ་ནས་ཡོད་པ་དང་། ཡོད་པ་ནས་ཡར་རྒྱས་ཀྱི་ཕྱོགས་སུ་འཛམ་གླིང་སྤྱིའི་འགྲོ་ལུགས་དང་མཐུན་པའི་ཚད་མཐོའི་གདེང་འཇོག་ཐོབ་པའི་གསོ་རིག་ཐོན་རྫས་གསར་སྐྲུན་བྱ་རྒྱུ་ནི་སྔོ་སྦྱོར་སྡེ་ཚན་གྱི་ཕྲག་ཏུ་བབས་པའི་ལས་འགན་ཡིན། སྡེ་ཚན་འདི་ནས་ཐོག་མར་གསོ་རིག་ཐོན་དངོས་ཤ་གསོས་པད་དཀར་མཛེས་གསལ་སྟ་གོན་ཚོད་ལྟ་རིམ་པ་གནང་སྟེ་ལོ་གཅིག་གི་རྗེས་གསོ་རིག་ཐོན་རྫས་ཐོག་མ་དེ་ཚོང་འགྲེམས་ཞུ་ཐུབ་པ་བྱུང་ཡོད། དེ་ནས་རིམ་པས་ཐོན་སྐྱེད་ཀྱི་སྣེ་གྲངས་མང་དུ་གཏོང་པའི་ཆེད་ཕྱི་ལུགས་དང་རྒྱ་གར་གྱི་སྲོལ་རྒྱུན་སྨན་གྱི་ཐོན་དངོས་བཟོ་གྲྭ་ཁག་ལ་བལྟ་སྐོར་དང་སློབ་སྦྱོང་། དེ་དག་གི་ལེགས་ཆའི་སྙིང་བཅུད་བསྡུ་ལེན་བྱས་ཐོག་གསར་བཟོའི་ཐོན་རྫས་སྣེ་གྲངས་ ༤༣ འགྲེམ་སྤེལ་ཞུ་ཐུབ་པ་སོགས་ཡར་རྒྱས་མདུན་བསྐྱོད་ཀྱི་གོམ་པ་སྤོ་བཞིན་ཡོད།

 

ཐོན་སྐྱེད་བྱེད་བཞིན་པའི་ཐོན་དངོས་ཁག་ནི་སྟོབས་སྨན་བཅུད་འདུས་རྒྱ་མཚོ་དང། རྒས་པ་གསོ་བའི་བཅུད་ལེན་ཆེན་མོ། གཅོང་ཆེན་བཅུད་ལེན་སོགས་ལུས་ཁམས་གསོ་བའི་བཅུད་ལེན་རྒྱལ་པོ་གསུམ། བློ་འཕེལ་བདུད་རྩི་དང་། ཚེ་འཕེལ་བདུད་རྩི་སོགས་ཚེ་རིང་བར་གནས་པ་དང་བློ་གསལ་བར་བྱེད་པའི་བདུད་རྩི་གཉིས། སྐེམ་སྨན་ཟླ་ཞུན་དང་། སྐེམ་སྨན་གཞོན་ནུ་སོགས་གཟུགས་བྱད་མཛེས་པར་བྱེད་པའི་ཟླ་ཞུན་གཉིས། རླུང་ཇ་དང་། མཁྲིས་ཇ། བད་ཀན་ཇ། སྨན་ཇ་རབ་དགའ་གཡང་འཛིན། ཇ་ཤིང་ལྔ་པ། ཁྲག་ཤེད་སྨན་ཇ། གཅིན་སྙི་ཟ་ཁུ་སྨན་ཇ། སྙིང་ནད་སྨན་ཇ། གཞང་འབྲུམ་སྨན་ཇ། དབུགས་མི་བདེ་བའི་སྨན་ཇ། སྟོབས་སྐྱེད་སྨན་ཇ། རླུང་ཚབས་སྨན་ཇ། གྲུམ་བུའི་སྨན་ཇ། མགོ་ནད་སེལ་བའི་སྨན་ཇ། མིག་ནུས་གསོ་བའི་སྨན་ཇ་སོགས་ནད་ཀྱི་གཡུལ་ལས་རྒྱལ་བའི་སྨན་ཇ་རིགས་བཅོ་ལྔ། ཤ་གསོས་པད་དཀར་དང་གཉེར་དག་ག་མོ་ལི་སོགས་བཞིན་རས་མཛེས་པར་བྱེད་པའི་མཛེས་ཆོས་ཞག་ཚིལ་གཉིས། རྨ་སྨན་རབ་འབྱོར་དང་། པགས་བྱུག་སྦྲ་མ་ར། ཨ་རུ་ཡ་ཆམ་ཟླ་ཞུན། ཟབ་ལག་བརྒྱད་པ་སོགས་རྨ་དང་པགས་ནད་སེལ་བའི་བྱུག་རྫས་ལྔ། རྩ་བྱུག་དང་། རླུང་བྱུག མཁྲིས་བྱུག བད་བྱུག བྱིས་པའི་བྱུག་པ། གཞང་འབྲུམ་བྱུག་པ་སོགས་བྱུག་པ་རིགས་དྲུག གྲུམ་བུའི་སྣུམ་བྱུག་དང བྱིས་པའི་སྣུམ་བྱུག བྱུག་སྣུམ་ཨ་གར་བདེ་སྟེར་སོགས་སྣུམ་བྱུག་རིགས་གསུམ། སྐྲ་སྣུམ་དང་སྐྲ་བཅུད་ལྡེ་གུ་སྟེ་སྐྲ་ཡི་མཛེས་སྲུང་རིགས་གཉིས། རྩི་དྭངས་སྨན་མར་དང་། བདུད་རྩི་ལྔ་ལུམས། པགས་གསོ་ཕྱེ་མ། ཧོར་མེ་ཛཱ་ཏི་དུག་པ་ལ་སོགས་སྣེ་འཛོམས་ཐོན་དངོས་ཡོངས་སུ་རྫོགས་པ་སྤུས་ཚད་བརྟག་དཔྱད་སྡེ་ཚན་དུ་སྤུད་ཚད་ལ་ཞིབ་འཇུག་དང དབྱེ་ཞིབ་བྱེད་བཞིན་ཡོད་པར་མ་ཟད། སྨན་དང་གསོ་རིག་སྟོབས་སྐྱེད་བཅུད་ལེན། སྨན་ཇ་རྣམས་ནི་འཛམ་གླིང་འཕྲོད་བསྟེན་སྒྲིག་འཛུགས་ཀྱི་ཚད་གཞི་(Quality control methods for medicinal plant material WHO)ལྟར་ལག་བསྟར་བྱེད་བཞིན་ཡོད། དེ་བཞིན་བྱུག་རྫས་རྣམས་ཀྱང་རྒྱ་གར་དང་ཡོ་རོབ་ཀྱི་སྦྱོར་ཚད་ལག་ལེན་གྱི་ཚད་འཛིན་(Indian and European pharmacopeia)གཞིར་བཟུང་བརྟག་དཔྱད་དབྱེ་ཞིབ་བྱས་ནས་གསོ་རིག་ཐོན་དངོས་རྣམས་གནའ་དེང་གཉིས་ལྡན་གྱི་ཤེས་རིག་ཉིང་བཅུད་ཟུང་འབྲེལ་ཐོག་སྤུས་ཚད་ལྡན་པ་འགྲེམ་སྤེལ་ཞུ་མུས་ཡིན།


མཐའ་མའི་འདོན་ཐེངས་།: 16.04.2016 ཉིན། 10:33 AM

<< སྔ་མ།

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

ཡན་ལག་སྨན་ཁང་གཉིས་ལ་ཁ་ལོ་བ་གཉིས་ཀྱི་ས་མིག་གསལ་བསྒྲགས།

སྨན་སྦྱོར་སྡེ་ཚན་དུ་ལས་མི་གྲངས་ ༡༡ ས་མིག་གསལ་བསྒྲགས།

ཆོས་རིག་དྲུང་ཆེ་སྐུ་ཚེ་མ་ཟིན་པའི་ཡིད་སྐྱོའི་གནས་ཚུལ།

སྤྱི་ཁྱབ་འགན་འཛིན་མཆོག་གི་གསུང་བཤད།

འགྲོ་ཕན་བོད་ཀྱི་སྨན་རྩིས་ཁང་དབུ་བརྙེས་པའི་དུས་དྲན་མཛད་སྒོ་སྲུང་བརྩི།

ཞབས་ལོ་ ༤༠། ༣༠། ༢༠། ལོན་པ་རྣམས་ཀྱི་ངོ་སྤྲོད།

སྨན་རྩིས་འབུམ་རམས་པ་དང་ཉེ་བའི་འབུམ་རམས་པར་ཕྱག་ཁྱེར་བསྩལ།

ཐོན་ཟོག་ཁྲལ་འབབ་སྡེ་ཚན་གྱིས་ཆེ་བསྟོད་གནང་།

བོད་ཡིག་མིང་བྱང་ལ་འགྱུར་བཅོས་བཏང་བ།

ཅོན་ཏ་ར་སྨན་སྦྱོར་སྡེ་ཚན་དུ་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།

བརྟན་བཞུགས་སྔོན་འགྲོའི་རིམ་གྲོར་སྲོག་ཆགས་ཚེ་ཐར་བཏང་བ།

འགྲོ་ཕན་སྨན་རྩིས་ཁང་གི་མིང་དུ་བརྫུས་ཏེ་ནད་པ་བསླུ་བྲིད་བྱེད་པའི་གནས་ཚུལ།

ཁ་ལོ་བ་གཅིག་དང་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།

ཆོད་གན་ལས་མི་སྐྱེས་པ་གཉིས་དང་བུད་མེད་གསུམ་གྱི་ས་མིག་གསལ་བསྒྲགས།

ལེའུ་དང་པོ། ཀླད་དོན་གླེང་སློང་བ།