སྨན་རྩིས་དྲ་བ། - མདུན་ངོས།

སྔར་ལོའི་ཟབ་སྦྱོང་གི་གྲུབ་འབྲས་ལས་ཚད་མཐོ་རུ་སོང་ཡོད་ཟེར།

བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 17.03.2014
མདུན་ངོས། >> གསར་འགྱུར།


སྔར་ལོའི་ཟབ་སྦྱོང་གི་གྲུབ་འབྲས་ལས་ཚད་མཐོ་རུ་སོང་ཡོད་ཟེར།



ཕྱི་ལོ་ ༢༠༡༤ ཟླ་ ༡ ཚེས་ ༢༡ ཕྱི་ཟླ་ ༢ ཚེས་ ༢༡ བར་ཟླ་ངོ་གཅིག་གི་རིང་དཔལ་ལྡན་འབྲས་སྤུངས་སྒོ་མང་གྲྭ་ཚང་དུ་སྨན་སློབ་ཚོར་ནང་ཆོས་ཀྱི་ཟབ་སྦྱོང་ཞིག་བོད་ཀྱི་སྨན་རྩིས་ཁང་ལུས་སེམས་སྲོག་གི་སྡེ་ཚན་ནས་གོ་སྒྲིག་ཞུས་འདུག


དེ་ཡང་སེམས་ཁམས་ནད་བཅོས་བྱེད་པ་ལ་ནང་པའི་གཞུང་ནས་གསུང་པའི་སེམས་ཁམས་ཕྲ་རགས་ཀྱི་རྣམ་གཞག་ཤེས་གལ་ཆེ་བ་དམིགས་འབེན་དུ་བཟུང་སྟེ། སྨན་རྩིས་མཐོ་སློབ་ཁང་གི་སྐབས་བཅུ་བདུན་པའི་སྨན་སློབ་ལོ་རིམ་གསུམ་པ་གྲངས་བཅུ་དྲུག་ཙམ་ལ་སྐྱབས་འགྲོ་དང་། སེམས་སེམས་བྱུང་། རྟེན་འབྲེལ་ཡན་ལག་བཅུ་གཉིས། བདེན་བཞི། བྱམས་པ་སྙིང་རྗེ་སོགས་ཟླ་གཅིག་རིང་ཟབ་ཁྲིད་གནང་འདུག ལུས་སེམས་སྲོག་གི་སྡེ་ཚན་འགན་འཛིན་དགེ་བཤེས་བསྟན་པ་བཀྲ་ཤིག་ལགས་ཀྱིས་གསུངས་དོན་ལྟར་ན། ཉིན་རེའི་སློབ་ཚན་ཁག་སེམས་ངོར་འཇགས་ཐབས་སུ་སྤྲོ་སྣང་ལྡན་པའི་འགྲན་བསྡུར་ལས་རིམ་སྣ་ཚོགས་སྤེལ་བ་བཞིན་སློབ་ཕྲུག་ཕོ་མོ་རྣམས་ཀྱིས་ཀྱང་དོ་སྣང་ཆེན་པོས་སློབ་སྦྱོང་གང་ལེགས་བྱས་པར་བརྟེན་ཡིག་ཚད་ཀྱི་གྲུབ་འབྲས་ཀྱང་སྔར་ལོའི་ཟབ་སྦྱོང་གི་གྲུབ་འབྲས་ལས་ཚད་མཐོ་རུ་སོང་ཡོད་ཟེར།

མཐའ་མའི་འདོན་ཐེངས་།: 20.03.2014 ཉིན། 2:50 PM

<< སྔ་མ།

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

ཡན་ལག་སྨན་ཁང་གཉིས་ལ་ཁ་ལོ་བ་གཉིས་ཀྱི་ས་མིག་གསལ་བསྒྲགས།

སྨན་སྦྱོར་སྡེ་ཚན་དུ་ལས་མི་གྲངས་ ༡༡ ས་མིག་གསལ་བསྒྲགས།

ཆོས་རིག་དྲུང་ཆེ་སྐུ་ཚེ་མ་ཟིན་པའི་ཡིད་སྐྱོའི་གནས་ཚུལ།

སྤྱི་ཁྱབ་འགན་འཛིན་མཆོག་གི་གསུང་བཤད།

འགྲོ་ཕན་བོད་ཀྱི་སྨན་རྩིས་ཁང་དབུ་བརྙེས་པའི་དུས་དྲན་མཛད་སྒོ་སྲུང་བརྩི།

ཞབས་ལོ་ ༤༠། ༣༠། ༢༠། ལོན་པ་རྣམས་ཀྱི་ངོ་སྤྲོད།

སྨན་རྩིས་འབུམ་རམས་པ་དང་ཉེ་བའི་འབུམ་རམས་པར་ཕྱག་ཁྱེར་བསྩལ།

ཐོན་ཟོག་ཁྲལ་འབབ་སྡེ་ཚན་གྱིས་ཆེ་བསྟོད་གནང་།

བོད་ཡིག་མིང་བྱང་ལ་འགྱུར་བཅོས་བཏང་བ།

ཅོན་ཏ་ར་སྨན་སྦྱོར་སྡེ་ཚན་དུ་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།

བརྟན་བཞུགས་སྔོན་འགྲོའི་རིམ་གྲོར་སྲོག་ཆགས་ཚེ་ཐར་བཏང་བ།

འགྲོ་ཕན་སྨན་རྩིས་ཁང་གི་མིང་དུ་བརྫུས་ཏེ་ནད་པ་བསླུ་བྲིད་བྱེད་པའི་གནས་ཚུལ།

ཁ་ལོ་བ་གཅིག་དང་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།

ཆོད་གན་ལས་མི་སྐྱེས་པ་གཉིས་དང་བུད་མེད་གསུམ་གྱི་ས་མིག་གསལ་བསྒྲགས།

ལེའུ་དང་པོ། ཀླད་དོན་གླེང་སློང་བ།