སྨན་རྩིས་དྲ་བ། - གསེར་འོད་འབར་བའི་དུས་རབས་གཅིག

སྐར་དཔྱད་རྩིས་རིག་སྡེ་ཚན།

བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 15.04.2016
གསེར་འོད་འབར་བའི་དུས་རབས་གཅིག >>

<< གསེར་འོད་འབར་བའི་དུས་རབས་གཅིག་གི་བཤུལ་ལམ >>


སྐར་དཔྱད་རྩིས་རིག་སྡེ་ཚན།

        སྐར་དཔྱད་རྩིས་རིག་སྡེ་ཚན་ནི་དུས་རབས་ཉི་ཤུ་པའི་ལོ་རབས་དྲུག་བཅུའི་ནང་དགེ་རྒན་ཆེན་མོ་དུས་འཁོར་བ་བློ་གྲོས་རྒྱ་མཚོ་མཆོག་དང་སློབ་མ་བྲག་གཡབ་ཆེ་ཚང་ཧོ་ཐོག་ཐུ་བློ་ལྡན་ཤེས་རབ་དང་འབྲས་བློ་གླིང་ཤག་འཁོར་མཁན་སྤྲུལ་ཡེ་ཤེས་དཔལ་ལྡན་རྣམ་གཉིས་གཙོས་ཐོག་མར་རྩིས་རིག་སློབ་ཁང་ཆུང་ངུ་ཞིག་ནས་གསར་འཛུགས་བསྐྱངས་པ་ཞིག་ཡིན་ལ། བོད་ཀྱི་རིག་གནས་སྐར་ནག་དབྱངས་འཆར་རྩིས་ཀྱི་ངོ་བོ་བརྒྱུད་འཛིན་དར་སྤེལ་བྱ་རྒྱུ་དང་། ལྷག་པར་ྋསྤྱི་ནོར་ྋགོང་ས་སྐྱོབས་མགོན་ཆེན་པོ་མཆོག་གི་སྐུའི་དགུང་ཀེག་གི་ཀེག་རྩིས་ཞབས་ཞུ་བསྒྱུབ་རྒྱུ། དབུས་བོད་མིའི་སྒྲིག་འཛུགས་གཙོས་དགོན་སྡེ་ཁག་དང་། གཞུང་འབྲེལ་དང་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་སྐྱིད་སྡུག་ཁག་གི་ཉིན་རེའི་བྱ་བཞག་ཆེ་ཕྲ་ཆུང་གསུམ་གང་འདྲ་ཞིག་ཡིན་རུང་བཟང་ངན་བླང་དོར་འབྱེད་པའི་ཚེས་ཆ་གཟིགས་རྒྱུ་དང་། ཟོར་འཕེན་རྒྱུ། གཡང་སྡེམ་བྱ་རྒྱུ་སོགས་ལ་ལམ་སྟོན་རྒྱས་བསྡུས་འཚམ་པའི་ལོ་ཐོ་འགྲེམ་སྤེལ། ཕྱི་ནང་མི་རིགས་དབྱེར་མེད་ཀྱི་ཐུགས་འདོད་རེ་སྐུལ་བཞིན་བླང་དོར་ཚེ་རབས་ལས་རྩིས་རྒྱས་འབྲིང་བསྡུས་གསུམ་དང་། ཀེག་རྩིས། བག་རྩིས། ནད་རྩིས། རྩིས་ཕྲན། གཤིན་རྩིས་བཅས་དབྱིན་བོད་ཤན་སྦྱར་ཐོག་སྤྱི་ཚོགས་ཞབས་ཞུ་སྒྲུབ་བཞིན་པ་དང་། དེ་སྔོན་ཡོ་རོབ་ཁུལ་དུ་རྩིས་རིག་འགྲེམས་སྟོན་ཕྱོགས་བསྐྱོད་བྱས་ཏེ་ཕྱི་རྒྱལ་མི་རིགས་དོ་སྣང་ཅན་རྣམས་ཀྱི་ཕུགས་འདུན་དང་དེང་རབས་སྤྱི་ཚོགས་གསར་པའི་ཁ་ཕྱོགས་བཞིན་གསར་གཏོད་ལམ་ནས་བོད་རྩིས་རིག་པའི་ཤེས་བྱའི་རྩིས་འབྲས་ངག་ཐོག་ནས་སྤེལ་བ་དེར་མི་དམངས་ཀྱི་དགའ་བསུ་ཐོབ་པར་བརྟེན། ཕྱི་ལོ་ ༢༠༡༠ ནས་བཟུང་སྐར་དཔྱད་རྩིས་རིག་སྡེ་ཚན་ནས་ལག་བསྟར་བྱེད་འགོ་ཚུགས་པ་དང་། ཕྱི་ལོ་ ༢༠༡༣ ལོར་དྷ་སྟེང་ཡན་ལག་སྨན་ཁང་དུ་བོད་རྩིས་རིག་པའི་ངག་ཐོག་རྩིས་འབྲས་ཁང་གསར་འཛུགས་གནང་། དེ་བཞིན་ཕྱི་མི་དོན་གཉེར་ཅན་ལ་བོད་རྩིས་རིག་པའི་ཤེས་བྱ་དབྱིན་སྐད་ཐོག་སློབ་ཁྲིད་དང་རིམ་པས་གྲངས་འབོར་ལ་གཞིགས་ཏེ་ཉིན་ལྔའམ་བཅུའི་ཟབ་སྦྱོང་སོགས་སྤྲོད་བཞིན་ཡོད། ཕྱི་ལོ་ ༡༩༩༦ ཕྱི་ཟླ་ ༣ ཚེས་ ༢༠ ནས་ ༢༢ བར་ཉིན་གཉིས་རིང་བོད་རྒྱལ་ཡོངས་རྩིས་རིག་ཚོགས་འདུ་ཐེངས་དང་པོ་བསྐྱངས་པ་དང་ལོ་འདིར་རྩིས་ཀྱི་བགྲོ་གླེང་ཚོགས་འདུ་ཐེངས་གཉིས་པ་དང་གསུམ་པ་བསྐྱངས་ཡོད། བོད་རྩིས་རིག་པའི་ཆེད་ལས་པ་རྣམས་རང་གི་བྱ་གཞག་ཐོག་གོམ་གང་མདུན་སྤོས་ཆེད་བོད་རྩིས་རིག་པའི་ཐོག་ནས་རྩིས་ཀྱི་ལག་ལེན་གནས་བབ་ལ་བསམ་གཞིགས་ཞེས་པའི་བརྗོད་གཞི་དམིགས་བཀར་ཚོགས་ཆེན་བསྐོངས་ཚོགས་སོགས་བྱུང་ཡོད།

 

རྩིས་རིག་སྡེ་ཚན་གྱི་དམིགས་བསལ་ཐོན་རྫས། འཇམ་དབྱངས་སྲུང་འཁོར་དང་། ཀེག་བཟློག ཉེས་པ་ཀུན་ཐུབ། སྨེ་བ་གཉིས་ནག་གི་སྲུང་འཁོར་རྣམས་བཟོས་སྟེ་སྨན་རྩིས་ཁང་གི་ཚོང་ཁང་། ལྡི་ལིའི་ཕྱིར་ཚོང་ཁང་། ཡན་ལག་སྨན་ཁང་ཁག་ནས་ཐད་ཀར་བླུ་ཡོན་ཞུ་ཆོག སྲོག་ལུས་དབང་ཀླུང་བླ་བཅས་ཉམས་པ་གསོ་ཕྱིར་དང་། མི་མཐུན་པ་མཐུན་པར་བྱེད་པའི་སྲུང་འཁོར། གཞན་ཡང་བཞི་གཤེད་དང་། བདུན་ཟུར། དགུ་མིག་དུར་མིག་བཅས་ལ་བབས་པའི་སྲུང་འཁོར་བརྩི་བྱའི་ལོ་རྟགས་ཀྱི་སྒོ་ནས་དམིགས་བསལ་བཟོ་སྐྲུན་བྱེད་བཞིན་ཡོད། ད་ལྟའི་ཆར་དབུས་ཀྱི་སྐར་དཔྱད་རྩིས་རིག་སྡེ་ཚན་ནང་ཕྱག་ལེན་གནང་བཞིན་པ་སྐར་རྩིས་པ་བརྒྱད་དང་སྦེལ་ཀོབ་ཡན་ལག་སྨན་ཁང་དང་འབྲས་ལྗོངས་ར་དབང་ལ་ཡན་ལག་སྨན་ཁང་དུ་སྐར་རྩིས་པ་གཅིག་རེ་བསྐོ་བཞག་ཞུས་ཡོད།


མཐའ་མའི་འདོན་ཐེངས་།: 16.04.2016 ཉིན། 10:32 AM

<< སྔ་མ།

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

ཆོས་རིག་དྲུང་ཆེ་སྐུ་ཚེ་མ་ཟིན་པའི་ཡིད་སྐྱོའི་གནས་ཚུལ།

སྤྱི་ཁྱབ་འགན་འཛིན་མཆོག་གི་གསུང་བཤད།

འགྲོ་ཕན་བོད་ཀྱི་སྨན་རྩིས་ཁང་དབུ་བརྙེས་པའི་དུས་དྲན་མཛད་སྒོ་སྲུང་བརྩི།

ཞབས་ལོ་ ༤༠། ༣༠། ༢༠། ལོན་པ་རྣམས་ཀྱི་ངོ་སྤྲོད།

སྨན་རྩིས་འབུམ་རམས་པ་དང་ཉེ་བའི་འབུམ་རམས་པར་ཕྱག་ཁྱེར་བསྩལ།

ཐོན་ཟོག་ཁྲལ་འབབ་སྡེ་ཚན་གྱིས་ཆེ་བསྟོད་གནང་།

བོད་ཡིག་མིང་བྱང་ལ་འགྱུར་བཅོས་བཏང་བ།

ཅོན་ཏ་ར་སྨན་སྦྱོར་སྡེ་ཚན་དུ་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།

བརྟན་བཞུགས་སྔོན་འགྲོའི་རིམ་གྲོར་སྲོག་ཆགས་ཚེ་ཐར་བཏང་བ།

འགྲོ་ཕན་སྨན་རྩིས་ཁང་གི་མིང་དུ་བརྫུས་ཏེ་ནད་པ་བསླུ་བྲིད་བྱེད་པའི་གནས་ཚུལ།

ཁ་ལོ་བ་གཅིག་དང་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།

ཆོད་གན་ལས་མི་སྐྱེས་པ་གཉིས་དང་བུད་མེད་གསུམ་གྱི་ས་མིག་གསལ་བསྒྲགས།

ལེའུ་དང་པོ། ཀླད་དོན་གླེང་སློང་བ།

ལེའུ་གཉིས་པ། རླུང་ནད་གསོ་བ།

ལེའུ་གསུམ་པ། མཁྲིས་པའི་ནད་གསོ་པ།