སྨན་རྩིས་དྲ་བ། - རྩིས་ཀྱི་མན་ངག་ཉིན་བྱེད་སྣང་བ།

སྐབས་བཅུ་དགུ་པ། གཟའ་རྣམས་སླར་ཡང་ངེས་པ་སྐྱེ་ཚུལ་བཤད་པ།

བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 20.04.2024
རྩིས་ཀྱི་མན་ངག་ཉིན་བྱེད་སྣང་བ། >> སྐབས་བཅུ་དགུ་པ། གཟའ་རྣམས་སླར་ཡང་ངེས་པ་སྐྱེ་ཚུལ་བཤད་པ།

 ༈ དེ་ལྟར་ཟད་པ་མེ་སྟག་ལོའི། །དབོ་ཟླའི་སྟོང་ལ་ཉ་ཁྱིམ་མཐར། །གཟའ་རྣམས་ངེས་པ་དག་པ་ལས། །སླར་ཡང་རབ་བྱུང་ལོའི་ནག་ཟླའི། །ཚེས་གཅིག་ནས་བཟུང་བརྩི་བ་ན། །དྷྲཱུ་ཝ་སྟོངས་པའི་གནས་རྣམས་སུ། །རང་རང་རྟག་ལོངས་གནམ་སྟོང་བར། །བརྩེགས་ལ་རྐང་རྩིས་ཚུལ་བཞིན་དུ། །བྱས་པས་ནག་པ་ཟླ་བ་ཡི། །ཚེས་གཅིག་རི་ཐུར་གཟའ་གཅིག་དང། །ཆུ་ཚོད་བཅོ་ལྔ་ཉི་དག་ལ། །སྐར་མ་ནམ་མཁའ་ཆུ་ཚོད་ཚེས། །རེས་འགྲོགས་ཟླ་བ་སྐར་མ་ཐིག །ཆུ་ཚོད་མཚོ་དབང་སྦྱོར་བ་གཅིག །ཆུ་ཚོད་དགུ་ལ་སོགས་པ་དང། །བྱེད་པར་གཅིག་ཡིག་རྣམས་འཆར་ཞིང། །ནག་ཟླ་རྫོགས་ནས་ཟླ་བ་ཡིས། །ངེས་པ་སྐྱེ་བས་བྱ་སླར་ཟད། །དེ་ཕྱིར་རྒྱུད་ལས་ལོ་རབ་བྱུང། །ནག་ཟླ་དཀར་པོའི་ཚེས་གཅིག་དང། །རེས་གཟའ་ཉི་མ་སྦྱོར་བ་སེལ། །བྱེད་པ་བ་ཝྃ་སོགས་ཐམས་ཅད། །དང་པོ་ཁོ་ན་འཆར་བ་རུ། །གསུངས་པ་ཇི་བཞིན་འགྲིགས་པ་ཡིན། །རྩིས་ཀྱི་མན་ངག་ཉིན་བྱེད་སྣང་བ་ལས། །སླར་ཡང་ངེས་པ་སྐྱེ་ཚུལ་བཤད་པའི་སྐབས་ཏེ་བཅུ་དགུ་པའོ།། །།

མཐའ་མའི་འདོན་ཐེངས་།: 20.04.2024 ཉིན། 9:48 PM

<< སྔ་མ།

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

ཆོས་རིག་དྲུང་ཆེ་སྐུ་ཚེ་མ་ཟིན་པའི་ཡིད་སྐྱོའི་གནས་ཚུལ།

སྤྱི་ཁྱབ་འགན་འཛིན་མཆོག་གི་གསུང་བཤད།

འགྲོ་ཕན་བོད་ཀྱི་སྨན་རྩིས་ཁང་དབུ་བརྙེས་པའི་དུས་དྲན་མཛད་སྒོ་སྲུང་བརྩི།

ཞབས་ལོ་ ༤༠། ༣༠། ༢༠། ལོན་པ་རྣམས་ཀྱི་ངོ་སྤྲོད།

སྨན་རྩིས་འབུམ་རམས་པ་དང་ཉེ་བའི་འབུམ་རམས་པར་ཕྱག་ཁྱེར་བསྩལ།

ཐོན་ཟོག་ཁྲལ་འབབ་སྡེ་ཚན་གྱིས་ཆེ་བསྟོད་གནང་།

བོད་ཡིག་མིང་བྱང་ལ་འགྱུར་བཅོས་བཏང་བ།

ཅོན་ཏ་ར་སྨན་སྦྱོར་སྡེ་ཚན་དུ་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།

བརྟན་བཞུགས་སྔོན་འགྲོའི་རིམ་གྲོར་སྲོག་ཆགས་ཚེ་ཐར་བཏང་བ།

འགྲོ་ཕན་སྨན་རྩིས་ཁང་གི་མིང་དུ་བརྫུས་ཏེ་ནད་པ་བསླུ་བྲིད་བྱེད་པའི་གནས་ཚུལ།

ཁ་ལོ་བ་གཅིག་དང་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།

ཆོད་གན་ལས་མི་སྐྱེས་པ་གཉིས་དང་བུད་མེད་གསུམ་གྱི་ས་མིག་གསལ་བསྒྲགས།

ལེའུ་དང་པོ། ཀླད་དོན་གླེང་སློང་བ།

ལེའུ་གཉིས་པ། རླུང་ནད་གསོ་བ།

ལེའུ་གསུམ་པ། མཁྲིས་པའི་ནད་གསོ་པ།