སྨན་རྩིས་དྲ་བ། - མདུན་ངོས།

སོ་ཆུང་ཆུང་ཞིག་ལས་བརྒྱབ་མེད་ཀྱང་ཉེན་ཁ་ཧ་ཅང་ཆེ།

བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 07.04.2014
མདུན་ངོས། >>


དུག་ལྡན་འབུ་སྲིན་གིས་སོ་ཆུང་ཆུང་ཞིག་ལས་བརྒྱབ་མེད་ཀྱང་སྲོག་ལ་ཉེན་ཁ་ཧ་ཅང་ཆེ།
 


ལོ་ལྟར་ཕྱི་ཟླ་ ༤ ཚེས་ ༧ ཉིན་འཛམ་གླིང་འཕྲོད་བསྟེན་ཉིན་མོ་སྲུང་གཙི་བྱེད་ཀྱི་ཡོད་ལ། ལོ་རེར་འབོད་ཚིག་ཀྱང་མི་འདྲ་བ་སྒྲོག་བཞིན་ཡོད། འདི་ལོའི་འབོད་ཚིག་སྟེ། སོ་ཆུང་ཆུང་ཞིག་ལས་བརྒྱབ་མེད་ཀྱང་ཉེན་ཁ་ཧ་ཅང་ཆེ་ཞེས་པ་འདི་ཡིན།

ང་ཚོ་ནང་ལ་སྡོད་པའི་ཚེའམ་འགྲུལ་བཞུད་བྱེད་པའི་སྐབས་དུག་སྦྲང་དང་།   སྦྲང་བུ། འདྲེ་ཤིག ལུག་ཤིག་སོགས་དུག་ལྡན་འབུ་སྲིན་གྱིས་སོ་བརྒྱབ་ན་ནད་མི་ཉུང་བ་ཞིག་འབུ་སྲིན་འདི་ཚོ་བརྒྱུད་ནས་མིའི་ལུས་པོར་འགོས་ཁྱབ་བྱུང་སྟེ། འཕྲལ་དུ་སྲོག་འཕྲོག་པའམ་ཡང་ན་ནད་གཞི་ཚབས་ཆེན་འཕོག་སྲིད། དེར་བརྟེན་འདི་ལོ་༢༠༡༤ ལོར་ང་ཚོས་དུག་ལྡན་འབུ་སྲིན་གྱིས་སོ་ཆུང་ཆུང་ཞིག་ལས་བརྒྱབ་མེད་ཀྱང་ང་ཚོའི་ཚེ་སྲོག་ལ་ཉེན་ཁ་ཧ་ཅང་ཆེན་པོ་ཡོད་པའི་འབོད་ཚིག་སྒྲོག་སྟེ། ནད་གཞི་དེ་ཚོའི་སྐོར་གྱི་ཤེས་བྱ་གོང་འཕེལ་དང་སྔོན་འགོག་གྱི་ཐབས་ལམ་ཇི་ཡོད་མི་མང་གིས་མཁྱེན་རྟོགས་ཡོང་བ་བྱེད་དགོས་པའི་སྐོར་འཛམ་གླིང་འཕྲོད་བསྟེན་ལས་ཁུངས་ནས་འདི་ཟླའི་ཚེས་ ༤ ཉིན་བསྒྲགས་གཏམ་སྤེལ་འདུག


ཕྱི་ལོ་ ༢༠༡༣ ལོའི་བོད་མིའི་སྒྲིག་འཛུགས་འཕྲོད་བསྟེན་ལས་ཁུངས་ཀྱི་སྙན་ཐོའི་ནང་། ཨོ་རི་ས་བོད་མིའི་གཞིས་ཆགས་གཅིག་པུའི་ནང་རླུང་རིམས་འདར་བུ་(malaria)ཀྱིས་ཟིན་པའི་ནད་པ་གྲངས་༡༡༨ ཡོད་པ་དང་བོད་མིའི་གཞིས་ཆགས་ཁྲོད་ཁྱོན་ནད་པ་གྲངས་༢༤༨ ཡོད་འདུག དེ་བཞིན་མོན་གྷོ་དང་སྦེལ་ཀོབ་གཞིས་ཆགས་ནང་གཉན་ནད་རུས་གཟེར་(dengue)གྱིས་ཟིན་པའི་ནད་པ་ཁྱོན་བསྡོམས་གྲངས་༥༨ ཡོད་འདུག

དུག་སྦྲང་བརྒྱུད་ནས་འགོས་ཁྱབ་བྱུང་བའི་ནད་གཞི་དེ་དག་སྔོན་འགོག་བྱེད་ཐུབ་པའི་ཐབས་ལམ་མང་པོ་ཞིག་ཡོད། དུག་སྦྲང་ཡོད་པའི་ས་གནས་གང་ཞིག་ལ་ཉལ་བའི་སྐབས། ཉལ་གུར་འབུབས་དགོས་པ་དང་། ཕུ་ཐུང་རིང་པོ་ཡོད་པའི་གུ་ཐུང་སྡོད་ཐུང་གྱོན་དགོས་པ། འབུ་སྲིན་རིགས་རང་གི་སར་མི་ཡོང་བའི་ཆེད་དུག་རྗས་རིགས་ཁྲོམ་གཞུང་ནས་ཉོས་ཏེ་བེད་སྤྱོད་བྱེད་དགོས་པ་ཡིན། དེར་མ་ཟད་གྲོད་ཁོག་སྟོང་པ་དང་སེམས་ཞུམ་པའི་སྐབས་རིམས་ནད་འགོ་སླ་བས་སྔོན་འགོག་ངེས་པར་དུ་བྱ་དགོས།

མཐའ་མའི་འདོན་ཐེངས་།: 10.04.2014 ཉིན། 2:14 PM

<< སྔ་མ།

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

ཆོས་རིག་དྲུང་ཆེ་སྐུ་ཚེ་མ་ཟིན་པའི་ཡིད་སྐྱོའི་གནས་ཚུལ།

སྤྱི་ཁྱབ་འགན་འཛིན་མཆོག་གི་གསུང་བཤད།

འགྲོ་ཕན་བོད་ཀྱི་སྨན་རྩིས་ཁང་དབུ་བརྙེས་པའི་དུས་དྲན་མཛད་སྒོ་སྲུང་བརྩི།

ཞབས་ལོ་ ༤༠། ༣༠། ༢༠། ལོན་པ་རྣམས་ཀྱི་ངོ་སྤྲོད།

སྨན་རྩིས་འབུམ་རམས་པ་དང་ཉེ་བའི་འབུམ་རམས་པར་ཕྱག་ཁྱེར་བསྩལ།

ཐོན་ཟོག་ཁྲལ་འབབ་སྡེ་ཚན་གྱིས་ཆེ་བསྟོད་གནང་།

བོད་ཡིག་མིང་བྱང་ལ་འགྱུར་བཅོས་བཏང་བ།

ཅོན་ཏ་ར་སྨན་སྦྱོར་སྡེ་ཚན་དུ་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།

བརྟན་བཞུགས་སྔོན་འགྲོའི་རིམ་གྲོར་སྲོག་ཆགས་ཚེ་ཐར་བཏང་བ།

འགྲོ་ཕན་སྨན་རྩིས་ཁང་གི་མིང་དུ་བརྫུས་ཏེ་ནད་པ་བསླུ་བྲིད་བྱེད་པའི་གནས་ཚུལ།

ཁ་ལོ་བ་གཅིག་དང་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།

ཆོད་གན་ལས་མི་སྐྱེས་པ་གཉིས་དང་བུད་མེད་གསུམ་གྱི་ས་མིག་གསལ་བསྒྲགས།

ལེའུ་དང་པོ། ཀླད་དོན་གླེང་སློང་བ།

ལེའུ་གཉིས་པ། རླུང་ནད་གསོ་བ།

ལེའུ་གསུམ་པ། མཁྲིས་པའི་ནད་གསོ་པ།