སྨན་རྩིས་དྲ་བ། - མདུན་ངོས།

ས་བདག་འཁྲུག་བཅོས་ཀྱི་ཆོ་ག

བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 07.11.2013
མདུན་ངོས། >> གསར་འགྱུར།


ས་བདག་འཁྲུག་བཅོས་ཀྱི་ཆོ་ག


འདི་ཟླའི་ཚེས་༦ ཉིན་བོད་ཀྱི་སྨན་རྩིས་ཁང་གི་ལས་སློབ་ཡོངས་ནས་ཇི་ལྟར་ྋསྐྱབས་རྗེ་རྗོགས་ཆེན་དགའ་ནོར་རིན་པོ་ཆེས་བཀའ་སློབ་ལམ་སྟོན་གནང་བ་བཞིན་དྷ་རམ་ས་ལའི་རི་མགོར་ས་བདག་འཁྲུག་བཅོས་ཀྱི་ཆོ་ག་བསྡུས་པ་ཞིག་གཏོང་གནང་མཛད་སོང་། བོད་ཀྱི་སྨན་རྩིས་ཁང་གི་དབུ་འཛིན་ཕུ་རི་ཚེ་རིང་བཀྲིས་མཆོག་གིས་གཙོས་པའི་ལས་སློབ་བརྒྱ་ལྷག་སྔ་དྲོའི་ཆུ་ཚོད་༣:༣༠ ཙམ་ནས་དབུས་སྨན་རྩིས་ཁང་ནས་ཐོན་ཅིང་། ཆུ་ཚོད་གསུམ་ལྷག་གོམ་བགྲོད་བྱས་ཏེ་དྷ་རམ་ས་ལའི་རི་མགོར་ལས་སློབ་ཕལ་མོ་ཆེ་ཞོགས་པ་སྔ་པོར་ཕེབས་འབྱོར་ཐུབ་པ་བྱུང་སོང་། དེ་ནས་གྲ་སྒྲིག་ཚོགས་ཆུང་ནས་ཞོགས་ཇ་གཏོང་གནང་མཛད་པ་དང་སྔ་དྲོའི་ཆུ་ཚོད་༩:༣༠ ལ་མཆོད་པ་རྒྱས་པར་བཤམས་ཤིང་ས་བདག་འཁྲུག་བཅོས་ཀྱི་ཞལ་འདོན་རྣམས་དུས་ཡུན་ཆུ་ཚོད་ཕྱེད་དང་གསུམ་རིང་སྙན་འཇེབས་ལྡན་པའི་དབྱངས་རྟར་བསྐྱོན་ཏེ་འདོན་གནང་མཛད། དེ་ནས་སྐད་གསང་མཐོན་པོའི་སྒོ་ནས་རྣམ་ཐར་དང་ལྷ་རྒྱལ་བཏང་སྟེ་ས་བདག་འཁྲུག་བཅོས་ཀྱི་ཆོ་ག་ཕྱག་ལེན་ཡོངས་སུ་གྲུབ། དེ་ཉིན་ྋགོང་ས་མཆོག་གི་བླ་གཟའ་དང་ལྷག་དཀར་གྱི་ཉིན་མོ་ཡང་ཡིན་པས་འཛིན་སྐྱོང་གིས་དམར་ཟས་སྤོང་དགོས་པའི་རེ་བསྐུལ་གནང་བ་ལྟར་གོ་སྒྲིག་ཚོགས་ཆུང་ནས་དཀར་ཟས་ཀྱི་དགུང་ཚིགས་སྟབས་བདེ་ཞིག་འདེགས་འབུལ་ཞུས། ཕྱི་དྲོའི་ཆུ་ཚོད་༢:༠༠ཙམ་ནས་ལས་སློབ་ཡོངས་རིམ་བཞིན་སྨན་རྩིས་ཁང་ལ་ཕྱིར་ལོག་གནང་སོང་།

མཐའ་མའི་འདོན་ཐེངས་།: 31.12.2013 ཉིན། 10:41 AM

<< སྔ་མ།

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

ཡན་ལག་སྨན་ཁང་གཉིས་ལ་ཁ་ལོ་བ་གཉིས་ཀྱི་ས་མིག་གསལ་བསྒྲགས།

སྨན་སྦྱོར་སྡེ་ཚན་དུ་ལས་མི་གྲངས་ ༡༡ ས་མིག་གསལ་བསྒྲགས།

ཆོས་རིག་དྲུང་ཆེ་སྐུ་ཚེ་མ་ཟིན་པའི་ཡིད་སྐྱོའི་གནས་ཚུལ།

སྤྱི་ཁྱབ་འགན་འཛིན་མཆོག་གི་གསུང་བཤད།

འགྲོ་ཕན་བོད་ཀྱི་སྨན་རྩིས་ཁང་དབུ་བརྙེས་པའི་དུས་དྲན་མཛད་སྒོ་སྲུང་བརྩི།

ཞབས་ལོ་ ༤༠། ༣༠། ༢༠། ལོན་པ་རྣམས་ཀྱི་ངོ་སྤྲོད།

སྨན་རྩིས་འབུམ་རམས་པ་དང་ཉེ་བའི་འབུམ་རམས་པར་ཕྱག་ཁྱེར་བསྩལ།

ཐོན་ཟོག་ཁྲལ་འབབ་སྡེ་ཚན་གྱིས་ཆེ་བསྟོད་གནང་།

བོད་ཡིག་མིང་བྱང་ལ་འགྱུར་བཅོས་བཏང་བ།

ཅོན་ཏ་ར་སྨན་སྦྱོར་སྡེ་ཚན་དུ་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།

བརྟན་བཞུགས་སྔོན་འགྲོའི་རིམ་གྲོར་སྲོག་ཆགས་ཚེ་ཐར་བཏང་བ།

འགྲོ་ཕན་སྨན་རྩིས་ཁང་གི་མིང་དུ་བརྫུས་ཏེ་ནད་པ་བསླུ་བྲིད་བྱེད་པའི་གནས་ཚུལ།

ཁ་ལོ་བ་གཅིག་དང་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།

ཆོད་གན་ལས་མི་སྐྱེས་པ་གཉིས་དང་བུད་མེད་གསུམ་གྱི་ས་མིག་གསལ་བསྒྲགས།

ལེའུ་དང་པོ། ཀླད་དོན་གླེང་སློང་བ།