སྨན་རྩིས་དྲ་བ། - ལོ་རྒྱུས།

ལྷུན་སྡིངས་རྣམ་རྒྱལ་རྡོ་རྗེ།

བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 20.02.2017
ལོ་རྒྱུས། >>

                   

ལྷུན་སྡིངས་རྣམ་རྒྱལ་རྡོ་རྗེ།

- བྱམས་པ་འཕྲིན་ལས།

 

          ལྷུན་སྡིངས་རྣམ་རྒྱལ་རྡོ་རྗེའི་ཡབ་ནི་བཤད་མ་ཐག་པའི་ལྷུན་སྡིངས་བདུད་རྩི་འགྱུར་མེད་ཅེས་པ་དེ་ཡིན། རྣམ་རྒྱལ་རྡོ་རྗེ་ཤེས་བྱ་སྤྱི་དང་ཁྱད་པར་འཆི་གསོས་ཀྱི་གཞུང་ཆེན་པོ་རྣམས་ཀྱི་གཙོ་བོ་དཔལ་ལྡན་རྒྱུད་བཞི་ཐུགས་ལ་བྱང་ཞིང་། འགྲེལ་པ་མན་ངག་དང་བཅས་པར་གཞིགས་པ་ཆུག་པས་ཡབ་བདུད་རྩི་འགྱུར་མེད་སོགས་མཁས་ནས་མཁས་སུ་བརྒྱུད་པའི་ཆིག་བརྒྱུད་ཀྱི་རིམ་པ་ཉམས་སུ་ལོངས།


དགུང་ལོ་དྲུག་ཅུར་ཉེ་ཡང་ཉིན་ལྟར་སྨན་གཞུང་ཤོ་ལོ་ཀ་རེ་ཐུགས་འཛིན་གནང་བ་སོགས་དམ་པའི་ངང་ཚུལ་འགོག་ཏུ་མེད་པས་གསོ་དཔྱད་རྒྱུད་གཞུང་མན་ངག་གང་དང་ཅི་ལའང་མཁས་པའི་ཕུད་དུ་ཕྱིན་པས། སྡེ་སྲིད་སངས་རྒྱས་རྒྱ་མཚོའང་ཐུགས་ཡིད་འཕྲོག་སྟེ། མཁས་པ་བརྩད་ཅིང་མ་དྲིས་པ། །དེ་ཡི་བར་དུ་གཏིང་མི་དཔོགས། །རྔ་ལ་དབྱུ་གུས་མ་བསྣུན་ན། །དེ་སྲིད་གཞན་དང་ཁྱད་ཅི་ཡོད། །ཅེས་པ་ལྟར། རྣམ་རྒྱལ་རྡོ་རྗེས་ལྷ་སར་རྡོ་རིང་ལ། བཤད་རྒྱུད་རྐྱང་སེལ་སྨན་གྱི་སྐོར་ལ་《དྲི་བ་རྡོ་རིང་རྒྱན་མཆག》ཅེས་པ་སྦྱར་བའི་རྐྱེན་བྱས་སྔོན་དུ་ལྔ་པ་ཆེན་པོའི་སྤྱན་སྔར་ཐོགས་ཤིང་། གནང་རྐྱེན་སོགས་བསྩལ་ནས་ཡུལ་ཐིག་སྡོང་འགྲེམས་གཉུག་མར་གནས་པ་རྣམས་རྗེས་འཇུག་ཁག་ལ་འཁྲིད་དུ་འཇུག་པའི་དགོངས་བཞེས་བསྐྱངས་མུར་སྡེ་སྲིད་སངས་རྒྱས་རྒྱ་མཚོ་སྐུ་ངོ་མས་རྣམ་རྒྱལ་རྡོ་རྗེའི་ཁེངས་པ་གཅོག་ཕྱིར་འཇུར་བཀག་གི་དྲི་མོལ་མང་པོ་གནང་བ་དང་འབྲེལ། རྣམ་གླིང་པཎ་ཆེན་དང་ཡང་དྲི་མོལ་ཁ་ཤས་གནང་བཅུག་པ་བཅས་ཀྱི་མཐར། ལྷུན་སྡིངས་རྣམ་རྒྱལ་རྡོ་རྗེ་ནི་རྗེས་འཛིན་གྱི་རིག་པ་འདིར་གཞུང་བཤད་དང་། སྨན་ངོ་། རྩ་ཡུལ། སྡོང་འགྲེམས་སོགས་དུས་སྐབས་འདིར་འགྲན་ཟླ་དང་བྲལ་བར་གཟིགས་ཏེ། སྡེ་སྲིད་རང་གིས་རྣམ་རྒྱལ་རྡོ་རྗེའི་དྲུང་ནས་ཡུལ་ཐིག་སྡོང་འགྲེམས་ལ་སོགས་པ་ཆིག་བརྒྱུད་ཀྱི་ཞལ་ཤེས་མང་དུ་གསན་བཞེས་མཛད་《ཁོག་འབུགས།》ཤོག་གྲངས་ ༡༤༠ བ་ ༡ ནང་གསལ།


          གོང་དུ་བརྗོད་པའི་གཉའ་རིགས་རྣམ་རྒྱལ་རྡོ་རྗེ་ནས་སྨན་ངོ་དང་། སྡོང་འགྲེམས། ཡུལ་ཐིག་སོགས་ལེན་དགོས་བྱུང་བས་གཞུང་དོན་རེ་གཉིས་མ་གཏོགས་ཕལ་ཆེར་ཁྲོལ། རེ་གཉིས་ལུས་པ་རྣམས་བརྒྱད་པ་རྩ་འགྲེལ་གྱིས་དབུས་རྒྱ་འགྱུར་བསྟན་འགྱུར་གྲས་སུ་བཞུགས་པ་དང་། བོད་རྩོམ་གྱི་འགྲེལ་པ་སོགས་སྒོར་མར་ཞིབ་བཅུག་པས་སྔོན་ཆད་འབྲུ་བསྣན་གྱི་བཤད་པ་མེད་པ་རྣམས་ཀྱང་ཡིད་དུ་འདོམས། རྣམ་རྡོར་གྱིས་དབུས་མན་རྒྱུད་ཀྱི་ཚིག་ལ་འབྲུ་བསྣན་གྱི་དྲི་རྨེད་དང་། དཔེ་བལྟ་དོགས་གཅོད་ཆེ་གཤིས་རྒྱུད་ཆུང་གསུམ་སྔ་སོར་བློ་འཛིན་བྱས་ཤིང་། མན་རྒྱུད་མི་བཟུ་བ་ཆ་འདྲ་བའི་ཚིག་འབྲུ་གསོ་བ་རེ་མ་བྱས་པར་མནན་རྒྱུགས་མི་འགྲོ་བ་ལས། དོན་ཆ་མཐའ་དག་དང་ཁྱད་པར་དཀའ་གནད་རྣམས་ཤིན་ཏུ་ཡིད་ལ་འཇགས་པ་བྱུང་། ཞེས་གསུངས་པར་གཞིགས་ན་ལྷུན་སྡིངས་རྣམ་རྒྱལ་རྡོ་རྗེ་ནི་སྨན་དཔྱད་ལག་ལེན་ཙམ་དུ་མ་ཟད། གཞུང་དོན་གྱི་དགོངས་པ་བཀྲལ་བར་མཆོག་ཏུ་གྱུར་པ་ར་སྤྲོད་ཐུབ་པའི་ཁར་ལྔ་རིག་གི་པཎྜིཏ་མཁས་དབང་སངས་རྒྱས་རྒྱ་མཚོ་ལྟ་བུས་ཀྱང་རྣམ་རྒྱལ་རྡོ་རྗེའི་ཞབས་ལ་གཏུགས་ནས་ལེགས་བཤད་ཀྱིི་སྦྲང་རྩིའི་རོ་བཅུད་ངོམས་མེད་དུ་བཞེས་རྗེས་ལྷུན་སྡིངས་རྣ་རྒྱལ་རྡོ་རྗེ་ཁོང་པ་ཡོན་ཏན་མཁན་པོ་ཚད་མར་གྲགས་ཆེ་ཞིང་ཞེས་ཕྱི་རྒྱུད་བེེ་སྔོན་མཇུག་ཏུ་བསྔགས་བརྗོད་དང་གདེང་འཇོག་ཤིན་ཏུ་ཆེ་བར་མཛད་འདུག །


- འདི་ནི་མཁས་དབང་བྱམས་པ་འཕྲིན་ལས་ཀྱིས་བརྩམས་པའི་དཔེ་དེབ་《གངས་ལྗོངས་གསོ་རིག་བསྟན་པའི་ཉིན་བྱེད་རིམ་བྱོན་གྱི་རྣམ་ཐར་ཕྱོགས་བསྒྲིགས་》ནས་ཟུར་འདོན་བྱས་པ་ཞིག་ཡིན།

 

 


མཐའ་མའི་འདོན་ཐེངས་།: 20.02.2017 ཉིན། 4:04 PM

<< སྔ་མ།

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

ཆགས་པའི་རྩའི་སྐོར་གྱི་བཞེད་ཚུལ།

ཨ་རིར་རིག་གཞུང་གོ་རྟོགས་ཆེད་བསྐྱོད་རྒྱུ།

དཔོན་ཚང་ཡེ་ཤེས།

དཀོན་མཆོག་འགྲོ་ཕན་དབང་པོ།

འབྲི་གུང་ཆོས་གྲགས།

གཙང་སྨན་ཡེ་ཤེས་བཟང་པོ།

བླ་སྨན་ཆེན་པོ་ཐབས་མཁས་པ།

འཆི་རིམ་དང་ཐུགས་དམ་སྐོར།

ཟི་ན་ངག་དབང་ཚུལ་ཁྲིམས་དར་རྒྱས།

སུམ་པ་ཡེ་ཤེས་དཔལ་འབྱོར།

ཆུ་བཟང་བློ་བཟང་བསྟན་པའི་རྒྱལ་མཚན།

ཆུ་བཟང་སྐུ་ཕྲེང་དང་པོ་རྣམ་རྒྱལ་དཔལ་འབྱོར།

ཀོང་རོང་སྨན་བླ་དོན་གྲུབ།

དངུལ་ཆུ་གྲུབ་པའི་བསྟན་བཅོས།

སྨན་གྱི་བསྟན་བཅོས་སྨན་མིང་རྒྱ་མཚོ།