སྨན་རྩིས་དྲ་བ། - མན་ངག་རྒྱུད།

ལེའུ་སོ་ལྔ་པ། གློ་ནད་གསོ་བ།

བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 26.08.2011
མན་ངག་རྒྱུད། >> ལེའུ་སོ་ལྔ་པ། གློ་ནད་གསོ་བ།
ལེའུ་སོ་ལྔ་པ་གློ་ནད་གསོ་བ་ལ་གསུམ། ཉན་པར་གདམས་པ་དང༌། གཞུང་དོན་བཤད་པ་དང༌། ལེའུའི་མཚན་བསྟན་པའོ། །དང་པོ་ནི། དེ་ནས་ཞེས་རྐང་པ་གཉིས་ཀྱིས་བསྟན་ནོ། །གཉིས་པ་ལ་གཉིས། མདོར་རྒྱས་སོ། །དང་པོ་ནི། དོན་ལྔའི་ཞེས་རྐང་པ་གཉིས་ཀྱིས་བསྟན་ཏེ། དེ་ལྟར་གློ་ནད་ཀྱི་རྒྱུ་བསྟན་པ་དང༌། དེ་བཞིན་དུ། དབྱེ་བ། རྟགས་དང༌། བཅོས་ཐབས་བསྟན་པ་སྟེ་བཞིའོ། །གཉིས་པ་རྒྱས་པར་བཤད་པ་ལ་བཞི་ལས། དང་པོ་ནི། རྒྱུ་ནི་ཞེས་རྐང་པ་གསུམ་གྱིས་བསྟན་ཏེ། དེ་ཡང་ཟོ་མར་ནི་འོ་མ་ཟོ་བའི་ལོགས་ལ་ཆགས་པའི་མར་ཏེ། ཟོ་ཤེའམ་ཟོམ་འཚལ་དུ་གྲགས་པ་དེའོ། །གཉིས་པ་དབྱེ་བ་བཤད་པ་ནི། དབྱེ་བ་ཞེས་རྐང་པ་གསུམ་གྱིས་བསྟན་ཏེ། དེ་ཡང་གློ་ནད་བརྒྱད་བཤད་པ་ནི། ཐང་པོ་དང༌། སྐྱ་རྦབ་དང༌། ཚ་སུབས་དང༌། ཆུ་ཤོར་དང༌། ཐེས་པོ་དང༌། གློ་གཅོང་དང༌། གློ་རྒྱས་དང༌། བུང་ཚང་ཅན་དང་བརྒྱད་དོ། །གསུམ་པ་རྟགས་བཤད་པ་ལ་གཉིས། སོ་སོའི་རྟགས་དང༌། སྤྱིའི་རྟགས་གཉིས་སོ།།

        དང་པོ་ནི། དེ་རྟགས་ཞེས་རྐང་པ་ཉེར་བཞིས་བསྟན་ཏེ། དེ་ཡང༌། ཚ་བའི་ཚ་གཟེར་གྱི་དབུགས་ཀྱིས་ཐེག་པ་ནི། དབུགས་དྲག་པོར་གྱེན་དུ་རྩེག་པ་ལྟར་བྱེད་ཅིང་གློ་ལུ་བའོ། །ཆུ་ཤོར་གྱི་གཏམ་བར་བཅད་ཅིང་སྨྲ་བ་ནི། གཏམ་རྒྱུན་ཆགས་མི་ཐོན་པ་གློ་ཆུང་རྔམ་པ་འདེགས་པས་བར་བཅད་དེ་སྨྲ་བའོ། །གློ་གཅོང་གི་བྱི་ལའི་འགུལ་འདྲ་ཞེས་པ་ནི་ཡིག་ནོར་ཡིན་ནམ་དོན་དུ་ཞི་མིའི་སྔུར་པ་འདྲ་བ་སྟེ། ངར་ངར་ཟེར་བ་དེ་ཡིན་ནོ། །གཉིས་པ་ནི། སྤྱིར་ན་ཞེས་པ་རྐང་པ་གསུམ་གྱིས་བསྟན་ནོ། །བཞི་པ་བཅོས་ཐབས་བཤད་པ་ནི། དེ་རྣམས་ཞེས་རྐང་པ་དྲུག་ཅུ་རྩ་གསུམ་དང་འབྲུ་གསུམ་གྱིས་བསྟན་ཏེ། དེ་ཡང་ཆུ་ཤོར་གྱི།

        བཅད་འབྱོར་ནི། ཨ་བྱག་ཚེར་སྔོན་ནོ། །ཐེས་པོའི་གློ་སྦུབས་སྦྱང་བའི་སྐྱུགས་ནི། སྦྱང་ཚེར། རི་ཤོ། དུར་བྱིད་རྣམས་སྦྱར་བའི་ཁུ་བར། རྒྱམ་ཚྭ་པི་པི་ལིང་བཏབ་པའི་སྐྱུགས་བྱའོ། །ཡང་རྫོང་འཕྲང་དུ་ནི། བད་ཀན་གློ་ནད་ལ། གླ་སྒང༌། ཤིང་མངར། ལྡོང་རོས། ག་བྲ། སྤང་སྤོས། དུ་བ་སྣར་བདུགས་པའི་སྐྱུགས་ཞེས་སོ། །སྟར་བུ་པཉྩ་ནི་སྟར་བུ་ལྔ་པ་ཞེས་པ་སྟེ། སྟར་བུ་དང་སྐྱུ་རུ་དང༌། ཤིང་ཚ་དང༌། རུ་རྟ་དང༌། པི་པི་ལིང་དང༌། སྦྲང་གི་རིལ་བུ་བྱའོ། །པི་པི་ལིང་གི་ལྡེ་གུ་ནི། པི་པི་ལིང་མར་དུ་བཙོས་པ་མར་དཀར་སྦྲང་རྩིར་སྦྱར་བའམ། །གློ་གཅོང་གི་ཨ་ཀྲོང་གི་ལུམས་ནི། ཨ་ཀྲོང་མཁན་པ་བུལ་ཏོག་རྣམས་བཙོས་པའི་ལུམས་བྱ་བའོ། །ཉི་ཤུ་རྩ་ལྔ་སྦྱར་བ་ནི། ག་བུར་ཉེར་ལྔ་པའི་སྟེང་དུ་བསྣན་པའོ། །སྨུག་པོའི་ཁྲག་བཤལ་ནི། དུར་བྱིད་ཧོང་ལེན་ཚ་ལ་སྟར་བུ་རྣམས་སོ། །གསུམ་པ་ལེའུའི་མཚན་ནི་བདུད་རྩི་ཞེས་པ་ནས་སོ་ལྔ་པའོ་ཞེས་པས་བསྟན་ནོ།།

 

 

མཐའ་མའི་འདོན་ཐེངས་།: 26.08.2011 ཉིན། 2:36 PM

<< སྔ་མ།

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

ཡན་ལག་སྨན་ཁང་གཉིས་ལ་ཁ་ལོ་བ་གཉིས་ཀྱི་ས་མིག་གསལ་བསྒྲགས།

སྨན་སྦྱོར་སྡེ་ཚན་དུ་ལས་མི་གྲངས་ ༡༡ ས་མིག་གསལ་བསྒྲགས།

ཆོས་རིག་དྲུང་ཆེ་སྐུ་ཚེ་མ་ཟིན་པའི་ཡིད་སྐྱོའི་གནས་ཚུལ།

སྤྱི་ཁྱབ་འགན་འཛིན་མཆོག་གི་གསུང་བཤད།

འགྲོ་ཕན་བོད་ཀྱི་སྨན་རྩིས་ཁང་དབུ་བརྙེས་པའི་དུས་དྲན་མཛད་སྒོ་སྲུང་བརྩི།

ཞབས་ལོ་ ༤༠། ༣༠། ༢༠། ལོན་པ་རྣམས་ཀྱི་ངོ་སྤྲོད།

སྨན་རྩིས་འབུམ་རམས་པ་དང་ཉེ་བའི་འབུམ་རམས་པར་ཕྱག་ཁྱེར་བསྩལ།

ཐོན་ཟོག་ཁྲལ་འབབ་སྡེ་ཚན་གྱིས་ཆེ་བསྟོད་གནང་།

བོད་ཡིག་མིང་བྱང་ལ་འགྱུར་བཅོས་བཏང་བ།

ཅོན་ཏ་ར་སྨན་སྦྱོར་སྡེ་ཚན་དུ་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།

བརྟན་བཞུགས་སྔོན་འགྲོའི་རིམ་གྲོར་སྲོག་ཆགས་ཚེ་ཐར་བཏང་བ།

འགྲོ་ཕན་སྨན་རྩིས་ཁང་གི་མིང་དུ་བརྫུས་ཏེ་ནད་པ་བསླུ་བྲིད་བྱེད་པའི་གནས་ཚུལ།

ཁ་ལོ་བ་གཅིག་དང་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།

ཆོད་གན་ལས་མི་སྐྱེས་པ་གཉིས་དང་བུད་མེད་གསུམ་གྱི་ས་མིག་གསལ་བསྒྲགས།

ལེའུ་དང་པོ། ཀླད་དོན་གླེང་སློང་བ།