སྨན་རྩིས་དྲ་བ། - མན་ངག་རྒྱུད།

ལེའུ་སོ་དྲུག་པ། མཆིན་ནད་གསོ་བ།

བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 26.08.2011
མན་ངག་རྒྱུད། >> ལེའུ་སོ་དྲུག་པ། མཆིན་པའི་ནད་གསོ་བ།

ལེའུ་སོ་དྲུག་པ། མཆིན་པའི་ནད་གསོ་བ་ལ་གསུམ། ཉན་པར་གདམས་པ་དང༌། གཞུང་དོན་བཤད་པ་དང༌། ལེའུའི་མཚན་བསྟན་པའོ། །དང་པོ་ནི། དེ་ནས་ཞེས་རྐང་པ་གཉིས་ཀྱིས་བསྟན་ནོ། །གཉིས་པ་ལ་གཉིས། མདོར་རྒྱས་སོ། །དང་པོ་ནི། བཙུན་མོ་ཞེས་རྐང་པ་གཉིས་ཀྱིས་བསྟན་ཏེ། དེ་ཡང་མཆིན་ནད་ཀྱི་རྒྱུ་དང༌། དབྱེ་བ་དང༌། རྟགས་དང༌། བཅོས་ཐབས་དང་བཞིའོ། །གཉིས་པ་ལའང་བཞི་ལས།

        དང་པོ་ནི། རྒྱུ་ནི་ཞེས་རྐང་པ་གཅིག་གིས་བསྟན་ཏེ། དེ་ཡང་རོ་ཚ་སྐྱུར་གྱི་ཟས་དང༌། སྤྱོད་ལམ་དྲག་ཤུལ་གྱིས་མཚན་ཉིད་སྐྱེད་དོ། །གཉིས་པ་དབྱེ་བ་ནི། དབྱེ་བ་ཞེས་རྐང་པ་དྲུག་གིས་བསྟན་ཏེ། དེ་ཡང་དབྱེ་ན་ལེ་བརྒན་རྒྱས་དང༌། ལྡེམ་བུ་དང༌། དུག་ཐབས་དང༌། ཆུ་ཤོར་དང༌། རྐུན་པོ་དང༌། འོར་ལྷུང་དང༌། ཁ་ལུད་དང༌། གཞུངས་རེངས་དང༌། མཆིན་འབྲུམ་ནག་པོ། མཆིན་ནད་ཧལ་སྐེམས་དང༌། མཆིན་དྲི་དཀར་པོ། །ནག་པོ་དང༌། གནད་མཆིན་རྩ་བྱེར་བ་དང༌། མཆིན་རླུང་དང༌། མཆིན་རྒུད་དང༌། རླན་གྲངས་དང༌། གླང་དགུར་དང༌། གྲང་སྦོས་དང་བཅོ་བརྒྱད་དོ། །གསུམ་པ་རྟགས་བཤད་པ་ནི། དེ་རྟགས་ཞེས་རྐང་པ་ལྔ་བཅུ་ང་བཞིས་བསྟན་ཏེ། དེ་ཡང་ཧལ་སྐེམས་ཀྱི་མིག་མདངས་ཆུང་ཤིང་འཛུར་ལ་ཞེས་པ་མིག་ལ་མི་ཆག་པའོ། །བཞི་པ་བཅོས་ཐབས་བཤད་པ་ནི། བཅོས་ཐབས་ཞེས་རྐང་པ་དྲུག་ཅུ་ཐམ་པས་བསྟན་ཏེ། དེ་ལྟར་ལེ་བརྒན་གྱི་གི་ཝང་སྐྱུ་རུའི་ཐང་ནི། གསེར་མཆན་དུ་འབྲས་བུ་གསུམ་དང་གི་ཝང་གི་ཐང་ངམ། སྐྱུ་རུ་དང༌། བ་ལེ་བ་ཤ་ཀ་རྣམས་ཀྱི་ཐང་བཏང་ཞེས་སོ། །ར་ས་ཡ་ནཱི། རོ་མཆོག་གི་རོའི་ཐེག་པ་ཞེས་ཏེ་ཚོས་སྨན་ནོ། །ཆུ་ཤོར་གྱི་རྭ་གསུམ་ནི། བསེ་རུ། རྒྱ་རུ། དགོ་རུ་སྟེ་བླ་རྟ་ནི་ཨ་བར་སྐྱུར་གསུམ་ལ་བཞེད་པ་ཡང་འདུག་པས་དཔྱད་པར་བྱའོ། །ཅུ་གང་ལྡེ་གུ་ནི། ཐེང་པོའི་སྐབས་བསྟན་པ་ལྟར་སྦྱར་རོ། །ཕྲན་བུ་གཏར་བ་ནི། རུ་ཐུང་དང་གང་ཉེའི་ནང་ངོས་ཀྱི་རྩ་དེའི་མིང་ངོ༌། །ཕོ་བར་ཁ་ལུད་ཀྱི་རྭ་གསུམ་ནི་འབྲས་བུ་གསུམ་མོ། །གཞུང་རེངས་ཀྱི་དུར་ལྕགས་ཐང་ནི། དུར་ནས་དོན་པའི་ལྕགས་བཙའ་ཅན་དང་ཨ་རུའི་ཐང་བཏང༌། ཕོ་གདུང་གཏར་ཞེས་པ། གསོ་དཔྱད་ཡན་ལག་བཞི་པར། ལག་པའི་བོལ་གོང་གུང་མོའི་རྫོང་ན་ཕོ་གདུང་ཞེས་མཆིན་པ་ཕོ་གདུང་གི་རྩའོ་ཞེས་བྱུང་ངོ༌། གཞུང་ཤ་ནི། སྒལ་གཞུང་དང་བཤུལ་ཤས་དུགས་བྱའོ། །བྲག་ཞུན་ཅུར་ནིས་ནི། མཆན་ལ་ལར། བྲག་ཞུན། གླ་རྩི། གུར་ཀུམ། སུག་སྨེལ། དོམ་མཁྲིས། བོང་ང་འཇིབ་རྩི། ཨ་རུ་ར། ག་དུར་ཏེ་བྲག་ཞུན་དགུ་པའི་ཞེས་པ་འབྱུང༌། སྔོན་བུའི་བཤལ་ནི་གོང་དང་འདྲའོ། །མཆིན་རླུང་གི་སྤོད་བྲན་ནི། ཚ་བ་གསུམ་རྒྱམ་ཚྭ་ཤིང་ཀུན་རྣམས་སོ། །གཏིང་ཁྲོལ་ནི། བུ་རམ་ཀ་ར་མར་རྣམས་འདྲེས་པར་བསྐོལ་པའོ། །གླང་དགུར་གྱི་ཁ་ཟས་ཁྲེའུར་ནི། བསིལ་དྲོད་སྤེལ་བའམ། མཆིན་ནད་གྲང་བ་འདི་རྣམས་གྱི་སྨན་གྱི་སྦྱོར་སྡེ་ནི་ཕྱི་རྒྱུད་དུ་གསལ་ལོ། །གསུམ་པ་ལེའུའི་མཚན་ནི། བདུད་རྩི་ཞེས་པ་ནས་སོ་དྲུག་པའོ་ཞེས་པས་བསྟན་ནོ།།

 

མཐའ་མའི་འདོན་ཐེངས་།: 26.08.2011 ཉིན། 2:30 PM

<< སྔ་མ།

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

ཆོས་རིག་དྲུང་ཆེ་སྐུ་ཚེ་མ་ཟིན་པའི་ཡིད་སྐྱོའི་གནས་ཚུལ།

སྤྱི་ཁྱབ་འགན་འཛིན་མཆོག་གི་གསུང་བཤད།

འགྲོ་ཕན་བོད་ཀྱི་སྨན་རྩིས་ཁང་དབུ་བརྙེས་པའི་དུས་དྲན་མཛད་སྒོ་སྲུང་བརྩི།

ཞབས་ལོ་ ༤༠། ༣༠། ༢༠། ལོན་པ་རྣམས་ཀྱི་ངོ་སྤྲོད།

སྨན་རྩིས་འབུམ་རམས་པ་དང་ཉེ་བའི་འབུམ་རམས་པར་ཕྱག་ཁྱེར་བསྩལ།

ཐོན་ཟོག་ཁྲལ་འབབ་སྡེ་ཚན་གྱིས་ཆེ་བསྟོད་གནང་།

བོད་ཡིག་མིང་བྱང་ལ་འགྱུར་བཅོས་བཏང་བ།

ཅོན་ཏ་ར་སྨན་སྦྱོར་སྡེ་ཚན་དུ་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།

བརྟན་བཞུགས་སྔོན་འགྲོའི་རིམ་གྲོར་སྲོག་ཆགས་ཚེ་ཐར་བཏང་བ།

འགྲོ་ཕན་སྨན་རྩིས་ཁང་གི་མིང་དུ་བརྫུས་ཏེ་ནད་པ་བསླུ་བྲིད་བྱེད་པའི་གནས་ཚུལ།

ཁ་ལོ་བ་གཅིག་དང་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།

ཆོད་གན་ལས་མི་སྐྱེས་པ་གཉིས་དང་བུད་མེད་གསུམ་གྱི་ས་མིག་གསལ་བསྒྲགས།

ལེའུ་དང་པོ། ཀླད་དོན་གླེང་སློང་བ།

ལེའུ་གཉིས་པ། རླུང་ནད་གསོ་བ།

ལེའུ་གསུམ་པ། མཁྲིས་པའི་ནད་གསོ་པ།