སྨན་རྩིས་དྲ་བ། - མན་ངག་རྒྱུད།

ལེའུ་སོ་དགུ་པ། ཕོ་བའི་ནད་གསོ་བ།

བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 26.08.2011
མན་ངག་རྒྱུད། >> ལེའུ་སོ་དགུ་པ། ཕོ་བའི་ནད་གསོ་བ།

ལེའུ་སོ་དགུ་པ་ཕོ་བའི་ནད་གསོ་བ་ལ་གསུམ། ཉན་པར་གདམས་པ་དང༌། གཞུང་དོན་བཤད་པ་དང༌། ལེའུའི་མཚན་བསྟན་པའོ། །དང་པོ་ནི། དེ་ནས་ཞེས་རྐང་པ་གཉིས་ཀྱིས་བསྟན་ནོ། །གཉིས་པ་ལ་གཉིས། མདོར་རྒྱས་སོ། །དང་པོ་ནི། ཕོ་བའི་ཞེས་རྐང་པ་གཉིས་ཀྱིས་བསྟན་ཏེ། དེ་ཡང་ཕོ་ནད་ཀྱི་རྒྱུ་རྐྱེན་ལྷན་ཅིག་ཏུ་བསྟན་པ་དང༌། དེ་བཞིན་དུ། དབྱེ་བ་དང༌། རྟགས་དང༌། བཅོས་ཐབས་དང་བཞིའོ། །གཉིས་པ་རྒྱས་པར་བཤད་པ་ལ་བཞི་ལས་དང་པོ་ནི། རྒྱུ་ནི་ཞེས་རྐང་པ་གཉིས་ཀྱིས་བསྟན་ཏེ། དེ་ཡང་ནད་རྒྱུ་ནི་མྱ་ངན་ནམ། སེམས་ལས་ཀྱིས་ངལ་ཞིང་དུབ་པ་དང༌། བརླན་སར་གྲངས་མང་པོར་བསྡད་པ་དང༌། ཟས་བཟའ་ཆེས་པ་ཁ་མི་འཕྲོད་པ་སོགས་ཀྱི་ཕོ་ནད་དུ་གྱུར་པའོ། གཉིས་པ་དབྱེ་བ་བཤད་པ་ལ་གཉིས། སྤྱིའི་དབྱེ་བ་རྣམ་གྲངས་བཀོད་པ། ཁྱད་པར་གྱི་དབྱེ་བ་མདོར་བསྡུས་པའོ།།

        དང་པོ་ནི། དབྱེ་བ་ཞེས་རྐང་པ་བརྒྱད་ཀྱིས་བསྟན་ཏེ། དེ་ཡང་དབྱེ་ན་ཕོ་ནད་ཚ་བ་ལ་བདུན། འགྲམས་བབས་པ། འཁྲུགས་བབས་པ། དུག་ཐབས་པ། གཉན་བྱུང་བ། ཕོ་བའི་སུར་ཡ། མཁྲིས་པ་ལུད་པ། མཆིན་ཁྲག་ལུད་པ་བདུན། ཕོ་ནད་གྲང་བ་ལ་དགུ་སྟེ་རླུང་དང༌། མ་ཞུ་བ་དང༌། ལྕགས་དྲེག་དང༌། ལྷེན་དང༌། མེ་ཉམས་དང༌། རྡོ་སྐྲན་དང༌། དམུ་རྫིང་དང༌། སྲིན་དང༌། འབྲས་ཏེ་དགུ། དྲིལ་བས་བཅུ་དྲུག་གོ གཉིས་པ་ཁྱད་པར་གྱི་དབྱེ་བ་མདོར་བསྡུས་བཤད་པ་ནི། འོན་ཀྱང་ཞེས་རྐང་པ་གསུམ་གྱིས་བསྟན་ཏེ། དེ་ཡང་སྐབས་འདིར་རླུང་དང་མཁྲིས་པ་དང་བད་ཀན་དང༌། ཁྲག་དང༌། དུག་ཐབས་དང༌། ཕོ་ལོག་དང༌། རྒུད་པ་དང༌། སྙུང་པའམ་འདི་བརྒྱད་པོ། །མདོར་བསྡུས་པ་ཡིན་ལ། ཕྱི་མ་བཅུ་དྲུག་པོ་ནི་ལེའུ་གཞན། ཕོ་ནད་ཚ་བ་འགྲམས་བབས། འཁྲུགས་བབས་གཉིས། འགྲམས་འཁྲུགས་ཀྱི་ལེའུར་གསལ། དེ་བཞིན་དུ་དུག་ཐབས། མ་ཞུ་བ། གཉན་གླང༌། རིམས། བལ་ནད། སུར་ཡ། མཁྲིས་རླུང༌། མཁྲིས་པ། མཆིན་ཁྲག་ལུད་པ་དང་འདྲིལ་བ་སྨུག་པོ་བཅོས་པར་གསལ། གྲང་བའི་མ་ཞུ་བ་ལྕགས་དྲེག་ལྷེན་མེ་ཉམས་ཏེ་བཞི་པོ་བད་ཀན་བཅོས་པར་གསལ། རྡོ་སྐྲན། དམུ་རྫིང་སྲིན། འབྲས་ཏེ་བཞི་ནི་འབྲས་བཅོས་པའི་ལེའུར་གསལ་ལོ། །གསུམ་པ་རྟགས་བཤད་པ་ནི། དེ་རྟགས་ཞེས་རྐང་པ་བཅུ་དྲུག་གིས་བསྟན་ཏེ། དེ་ལ་རྟགས་བད་ཀན་གྱི་ཟས་ལ་འཁྲེན་པ་ནི། ཟས་ཕྲལ་དུ་མི་ལོན་པར་ན་ཞིང་སྐྱུག་འཁྲུས་བྱེད་པའོ། །སྙོང་བུའི་བརྗེད་ངས་མེད་པ་ནི། བར་མཚམས་མེད་པར་རྒྱུན་དུ་ན་བའོ།།

        བཞི་པ་བཅོས་ཐབས་ལ་གཉིས། བྱེ་བྲག་གི་གསོ་ཐབས་དང༌། སྤྱིར་བསྟན་གྱི་གསོ་ཐབས་སོ། །དང་པོ་ནི། བཅོས་ཐབས་ཞེས་རྐང་པ་སོ་གསུམ་གྱིས་བསྟན་ཏེ། དེ་ལ་ཕོ་རླུང་གི་ཚྭ་གསུམ་ནི། རྒྱམ་ཚྭ། ཁ་རུ་ཚྭ། རྩབས་རུ་ཚྭ་གསུམ། དོང་གྲ་ནི་སྒ་སྨུག་པོའོ། །མཁྲིས་པའི་གཡའ་ཀྱིའི་སྐྱགས་ནི་གཡའ་ཀྱིའི་ཁར་སྐྱི་འབྲུམ་བསྣན་པའོ། །ཨ་རུའི་བཤལ་ནི། ཨ་རུའི་ཁུ་བར། ལྕུམ་རྩ་དང་པ་ཏོ་ལ་བཏབ་པའོ། །ཁྲག་ནད་ཀྱི་བདེ་བྱེད་ནི། ཕྱི་རྒྱུད་ཕྱེ་མའི་ལེའུར་ཅུ་གང་བདེ་བྱེད་ཀྱི་སྟེང་དུ་ཅོང་ཞི་དང་མ་ནུ་བསྣན་པའོ། །གཉིས་པ་སྤྱིར་བསྟན་གྱིས་གསོ་ཐབས་ནི། ཕོ་བ་ཞེས་རྐང་པ་གསུམ་དང་འབྲུ་གསུམ་གྱིས་བསྟན་ཏེ། དེ་ཡང༌། སེ་འབྲུས་གཙོ་བྱས་པའི་སྦྱོར་བ་དང༌། ད་ལིས་གཙོ་བོ་བྱས་པའི་སྦྱོར་བ་ཤིས་ཏེ་མེ་དྲོད་བསྐྱེད་པའི་དོན་ནོ། །གསུམ་པ་ལེའུའི་མཚན་ནི། བདུད་རྩི་ཞེས་པ་ནས། སོ་དགུ་པའོ་ཞེས་པས་བསྟན་ནོ།།

 

 

མཐའ་མའི་འདོན་ཐེངས་།: 26.08.2011 ཉིན། 2:15 PM

<< སྔ་མ།

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

ཆོས་རིག་དྲུང་ཆེ་སྐུ་ཚེ་མ་ཟིན་པའི་ཡིད་སྐྱོའི་གནས་ཚུལ།

སྤྱི་ཁྱབ་འགན་འཛིན་མཆོག་གི་གསུང་བཤད།

འགྲོ་ཕན་བོད་ཀྱི་སྨན་རྩིས་ཁང་དབུ་བརྙེས་པའི་དུས་དྲན་མཛད་སྒོ་སྲུང་བརྩི།

ཞབས་ལོ་ ༤༠། ༣༠། ༢༠། ལོན་པ་རྣམས་ཀྱི་ངོ་སྤྲོད།

སྨན་རྩིས་འབུམ་རམས་པ་དང་ཉེ་བའི་འབུམ་རམས་པར་ཕྱག་ཁྱེར་བསྩལ།

ཐོན་ཟོག་ཁྲལ་འབབ་སྡེ་ཚན་གྱིས་ཆེ་བསྟོད་གནང་།

བོད་ཡིག་མིང་བྱང་ལ་འགྱུར་བཅོས་བཏང་བ།

ཅོན་ཏ་ར་སྨན་སྦྱོར་སྡེ་ཚན་དུ་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།

བརྟན་བཞུགས་སྔོན་འགྲོའི་རིམ་གྲོར་སྲོག་ཆགས་ཚེ་ཐར་བཏང་བ།

འགྲོ་ཕན་སྨན་རྩིས་ཁང་གི་མིང་དུ་བརྫུས་ཏེ་ནད་པ་བསླུ་བྲིད་བྱེད་པའི་གནས་ཚུལ།

ཁ་ལོ་བ་གཅིག་དང་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།

ཆོད་གན་ལས་མི་སྐྱེས་པ་གཉིས་དང་བུད་མེད་གསུམ་གྱི་ས་མིག་གསལ་བསྒྲགས།

ལེའུ་དང་པོ། ཀླད་དོན་གླེང་སློང་བ།

ལེའུ་གཉིས་པ། རླུང་ནད་གསོ་བ།

ལེའུ་གསུམ་པ། མཁྲིས་པའི་ནད་གསོ་པ།