སྨན་རྩིས་དྲ་བ། - མན་ངག་རྒྱུད།

ལེའུ་རེ་བརྒྱད་པ། རླིག་རླུགས་ཀྱི་ནད་གསོ་བ།

བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 23.08.2011
མན་ངག་རྒྱུད། >> ལེའུ་རེ་བརྒྱད་པ། རླིག་རླུགས་ཀྱི་ནད་གསོ་བ།

ལེའུ་རེ་བརྒྱད་པ་རླིག་རླུགས་ཀྱི་ནད་གསོ་བ་ལ་གསུམ། ཉན་པར་གདམས་པ་དང༌། གཞུང་དོན་བཤད་པ་དང༌། ལེའུའི་མཚན་བསྟན་པའོ། །དང་པོ་ནི། དེ་ནས་ཞེས་རྐང་པ་གཉིས་ཀྱིས་བསྟན་ནོ། །གཉིས་པ་ལ་མདོར་རྒྱས་སོ། །དང་པོ་ནི། རླིག་རླུགས་ཞེས་རྐང་པ་གཉིས་ཀྱིས་བསྟན་ནོ། །དེ་ལྟར། རླིག་རླུགས་ནད་ཀྱི་རྒྱུ་རྐྱེན་སྤྱིར་བསྟན་པ་དང༌། དེ་བཞིན་དུ། དབྱེ་བ་དང༌། རྟགས་དང༌། བཅོས་ཐབས་ཏེ་བཞིར་བསྟན་ནོ། །གཉིས་པ་རྒྱས་པར་བཤད་པ་ལའང་བཞི་ལས། དང་པོ་ནི། རྒྱུ་རྐྱེན་ཞེས་རྐང་པ་གཉིས་ཀྱིས་བསྟན་ནོ། །གཉིས་པ་དབྱེ་བ་བཤད་པ་ནི། དབྱེ་བ་ཞེས་རྐང་པ་གཉིས་ཀྱིས་བསྟན་པ་ལ་དྲུག །དེ་ཡང༌། རླུང་དང༌། མཁྲིས་པ་དང༌། བད་ཀན་དང༌། ཚིལ་དང༌། གཅིན་དང༌། རྒྱུ་རླུགས་ལས་གྱུར་པ་སྟེ་དྲུག་ཏུ་བཤད་དེ། །གསུམ་པ་རྟགས་བཤད་པ་ལ་དྲུག་ལས། དང་པོ་ནི། དེ་རྟགས་ཞེས་རྐང་པ་གཅིག་གིས་བསྟན་ནོ། །གཉིས་པ་ནི། མཁྲིས་གྱུར་ཞེས་རྐང་པ་གཅིག་གོ་ །གསུམ་པ་ནི། བད་གྱུར་ཞེས་རྐང་པ་གཅིག་གིས་བསྟན་པའོ། །བཞི་པ་ནི། ཚིལ་གྱུར་ཞེས་རྐང་པ་གཅིག་གིས་བསྟན་ནོ། །ལྔ་པ་ནི། གཅིན་གྱུར་ཞེས་རྐང་པ་གཅིག་གིས་བསྟན་པའོ། །དྲུག་པ་ནི། རྒྱུ་རླུགས་ཞེས་རྐང་པ་གསུམ་གྱིས་བསྟན་ནོ། །བཞི་པ་བཅོས་བཤད་པ་ལའང་དྲུག་ལས།

        དང་པོ་ནི། བཅོས་ཐབས་ཞེས་རྐང་པ་གཉིས་ཀྱིས་བསྟན་ཏེ། སྣུམ་དུགས་ནི་འབའ་ཆའམ་འོལ་སྐོམ་གང་རིགས་ཀྱི་ལུམས་བྱའོ། །སྨན་མར་ནི། རྩ་བ་ལྔའོ་ཞེས་རྫོང་ཕྲང་དུ་བྱུང་ལ། ཡང་སྙིང་པོ་བསྡུས་པར། ཨ་མྲའི་འབྲས་དང་སེང་ཕྲོམ་མར། །ཨེ་རནྜ་དང་སྐྱེར་པ་ཡི། །མར་སྨན་མར་འདྲེས་མར་སྦྱིན་ཅེས་སོ། །གཉིས་པ་ནི། མཁྲིས་གྱུར་ཞེས་རྐང་པ་གཅིག་གིས་བསྟན་ཏེ། ལུམས་ནི་བསིལ་སྨན་ཚོགས་ཚད་ཀྱིས་ལུམས་བྱའོ། །གཏར་བ་ནི་ལོང་རྩ་ལ་གཏར་རོ། །གསུམ་པ་ནི། བད་ཀན་ཞེས་རྐང་པ་གཉིས་ཀྱིས་བསྟན་ཏེ། ལུམས་ནི་དྲོད་ལུམས་སོ། །དུགས་ནི་རྡོ་བསྲོས་པའི་དུགས་སོ། །བཞི་པ་ནི། ཚིལ་གྱུར་ཞེས་རྐང་པ་བཞིས་བསྟན་ཏེ། བྱི་རུག་ཅེས་པ་ནི་བྱི་རུག་སྤང་སྤོས་བྲག་ཞུན་ཡུངས་སྐྱེར་གཉིས་ཨ་རུ་བ་རུ་སྐྱུ་རུ་ར་རྣམས། རླིག་སྲུབས་མེད་སར་པགས་པ་དྲས་ལ་ཚིལ་ཕྱུང་ནས་རྨ་བཀྲུས་ལ་ཞེས་པར། སྙིང་པོ་བསྡུས་པར། རྨ་ནི་སྦྲང་རྩི་ནག་ཚུར་དང༌། །རྒྱམ་ཚྭས་ངེས་པར་བཀྲུས་ལ་བཙེམ། །ཞེས་འབྱུང་ངོ༌། །ལྔ་པ་ནི། གཅིན་གྱུར་ཞེས་རྐང་པ་གཉིས་ཀྱིས་བསྟན་ཏེ། རྩ་ཡིས་ཐག་པས་གསོ་ཞེས་པ་ནི། སྤྲུ་ནག་གི་རྩ་བའོ། །དྲུག་པ་ནི། རྒྱུ་རླུགས་ཞེས་རྐང་པ་གསུམ་དང་འབྲུ་གསུམ་གྱིས་བསྟན་ཏེ། རྩ་བ་ལྔའི་སྨན་མར་ནི་ཕྱི་རྒྱུད་ལྟར་རོ། །རྒྱུ་ལམ་བསྲེག་པ་ནི་ཡན་ལག་བརྒྱད་པ་ལས་དེ་ནས་ཆུ་སོར་གནས་པ་ནི། ཟླ་བ་གམ་པའི་ཁ་འདྲ་བས། །རླུང་ལམ་འགག་ཕྱིར་བསྲེག་པར་བྱ། །ཞེས་དང་པོ་འབྱུང་བའི་ལམ་བསྲེག་གོ །སྲིན་ལག་རྒྱུས་པ་བཅད་ལ་བསྲེག་ཅེས་པ། སྙིང་པོ་བསྡུས་པར། མཐེ་བོང་སྟེང་གི་རྒྱུས་པ་ནི། །སེར་པོ་སྣལ་མ་འདྲ་བ་གང༌། ཁབ་ཀྱིས་བཏེག་ལ་ཐད་ཀ་རུ། །གང་ན་ཡོད་པ་དེ་བཅད་དེ། །གཞན་དག་དེ་ལས་ལོགས་གཞན་ནམ། །སྲིན་ལག་སེན་མོ་བསྲེག་ཅེས་ཟེར། །ཞེས་ཀྱང་འབྱུང༌། གསུམ་པ་ལེའུའི་མཚན་ནི་བདུད་རྩི་ཞེས་པ་ནས་དྲུག་ཅུ་རྩ་བརྒྱད་པའོ། །ཞེས་པས་བསྟན་ནོ།། 

 

 

མཐའ་མའི་འདོན་ཐེངས་།: 24.08.2011 ཉིན། 9:17 AM

<< སྔ་མ།

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

ཡན་ལག་སྨན་ཁང་གཉིས་ལ་ཁ་ལོ་བ་གཉིས་ཀྱི་ས་མིག་གསལ་བསྒྲགས།

སྨན་སྦྱོར་སྡེ་ཚན་དུ་ལས་མི་གྲངས་ ༡༡ ས་མིག་གསལ་བསྒྲགས།

ཆོས་རིག་དྲུང་ཆེ་སྐུ་ཚེ་མ་ཟིན་པའི་ཡིད་སྐྱོའི་གནས་ཚུལ།

སྤྱི་ཁྱབ་འགན་འཛིན་མཆོག་གི་གསུང་བཤད།

འགྲོ་ཕན་བོད་ཀྱི་སྨན་རྩིས་ཁང་དབུ་བརྙེས་པའི་དུས་དྲན་མཛད་སྒོ་སྲུང་བརྩི།

ཞབས་ལོ་ ༤༠། ༣༠། ༢༠། ལོན་པ་རྣམས་ཀྱི་ངོ་སྤྲོད།

སྨན་རྩིས་འབུམ་རམས་པ་དང་ཉེ་བའི་འབུམ་རམས་པར་ཕྱག་ཁྱེར་བསྩལ།

ཐོན་ཟོག་ཁྲལ་འབབ་སྡེ་ཚན་གྱིས་ཆེ་བསྟོད་གནང་།

བོད་ཡིག་མིང་བྱང་ལ་འགྱུར་བཅོས་བཏང་བ།

ཅོན་ཏ་ར་སྨན་སྦྱོར་སྡེ་ཚན་དུ་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།

བརྟན་བཞུགས་སྔོན་འགྲོའི་རིམ་གྲོར་སྲོག་ཆགས་ཚེ་ཐར་བཏང་བ།

འགྲོ་ཕན་སྨན་རྩིས་ཁང་གི་མིང་དུ་བརྫུས་ཏེ་ནད་པ་བསླུ་བྲིད་བྱེད་པའི་གནས་ཚུལ།

ཁ་ལོ་བ་གཅིག་དང་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།

ཆོད་གན་ལས་མི་སྐྱེས་པ་གཉིས་དང་བུད་མེད་གསུམ་གྱི་ས་མིག་གསལ་བསྒྲགས།

ལེའུ་དང་པོ། ཀླད་དོན་གླེང་སློང་བ།