སྨན་རྩིས་དྲ་བ། - མན་ངག་རྒྱུད།

ལེའུ་རེ་བདུན་པ། སྐྱིགས་བུའི་ནད་གསོ་བ།

བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 23.08.2011
མན་ངག་རྒྱུད། >> ལེའུ་རེ་བདུན་པ། རྨེན་བུའི་ནད་གསོ་བ

 ལེའུ་རེ་བདུན་པ་རྨེན་བུའི་ནད་གསོ་བ་ལ་གསུམ། ཉན་པར་གདམས་པ་དང༌། གཞུང་དོན་བཤད་པ་དང༌། ལེའུའི་མཚན་བསྟན་པའོ། །དང་པོ་ནི། དེ་ནས་ཞེས་རྐང་པ་གཉིས་ཀྱིས་བསྟན་ནོ། གཉིས་པ་ལ་གཉིས། མདོར་རྒྱས་སོ། །དང་པོ་ནི། རྨེན་བུའི་ཞེས་རྐང་པ་གཉིས་ཀྱིས་བསྟན་སྟེ། དེ་ལྟར་རྨེན་བུའི་ནད་ཀྱི་རྒྱུ་རྐྱེན་སྤྱིར་བསྟན་པ་དང༌། དེ་བཞིན་དུ། དབྱེ་བ་དང༌། རྟགས་པ་དང་བཅོས་ཐབས་བསྟན་པ་སྟེ་བཞིའོ། །གཉིས་པ་རྒྱས་པར་བཤད་པ་ལ་བཞི་ལས། དང་པོ་ནི། རྒྱུ་རྐྱེན་ཞེས་རྐང་པ་གསུམ་གྱིས་བསྟན་ཏེ། དེ་ཡང་ལུས་ཀྱི་ཤ་ཚིལ་གྱི་ལྷུ་སྟེ་རགས་པ་རྨེན་བུའི་གནད་བརྒྱད་དང་ཕྲ་བ་ལུས་ལ་མང་དུ་གནས་པ་དེར་ནད་ཞུགས་པ་སྟེ། ཡན་ལག་བརྒྱད་པར། ནང་གི་བད་ཀན་ཤས་ཆེ་བ། ཁྲག་དང་ཤ་དང་ཚིལ་ལ་བརྟེན། །ཟླུམ་ཞིང་མཐོ་ལ་སྲ་བ་སྟེ། །མདུད་པ་འདྲ་བས་རྨེན་བུར་བཤད། །ཅེས་འབྱུང་ངོ༌། །གཉིས་པ་དབྱེ་བ་བཤད་པ་ནི། དབྱེ་བ་ཞེས་རྐང་པ་གཉིས་ཀྱིས་བསྟན་པ་ལ་བརྒྱད་དེ། རླུང་དང༌། མཁྲིས་པ་དང༌། ཁྲག་དང༌། བད་ཀན་དང༌། ཤ་དང༌། ཚིལ་དང༌། རྩ་དང༌། འབྲས་དང་བརྒྱད་དོ། གསུམ་པ་རྟགས་བཤད་པ་ལ་བརྒྱད་ལས།

        དང་པོ་ནི། དེ་རྟགས་ཞེས་རྐང་པ་གཅིག་གིས་བསྟན་ནོ། །གཉིས་པ་ནི། མཁྲིས་གྱུར་ཞེས་རྐང་པ་གཅིག་གིས་བསྟན་ནོ། །གསུམ་པ་ནི། ཁྲག་གྱུར་ཞེས་རྐང་པ་གཅིག་གོ་ །བཞི་པ་ནི། བད་ཀན་ཞེས་རྐང་པ་གཅིག་གོ་ ལྔ་པ་ནི། ཤ་རྨེན་ཞེས་རྐང་པ་གཅིག་གིས་བསྟན་ནོ། །དྲུག་པ་ནི། ཚིལ་རྨེན་ཞེས་རྐང་པ་གཅིག་གོ་ བདུན་པ་ནི། རྩ་རྨེན་ཞེས་རྐང་པ་གཅིག་གིས་བསྟན་ནོ། །བརྒྱད་པ་ནི། འབྲས་ཕྲེང་ཞེས་རྐང་པ་དྲུག་གིས་བསྟན་ནོ། །བཞི་པ་བཅོས་ཐབས་བཤད་པ་ལ་གསུམ། གསར་དུས་ཀྱི་བཅོས་ཐབས་དང༌། ནད་སྟོབས་འབྲི་བའི་བཅོས་ཐབས་དང༌། རྙིངས་ཤིང་རྒྱས་པའི་བཅོས་ཐབས་དང་གསུམ་མོ། །དང་པོ་ནི། བཅོས་ཐབས་རྐང་པ་བཞིས་བསྟན་ཏེ། དེ་ཡང་པྲ་ཚིལ་ཞེས་པ་ནི་སྦྲང་རྩི་ལས་བྱུང་བའོ། །གཉིས་པ་ནི། ནད་སྟོབས་ཞེས་རྐང་པ་བཞིས་བསྟན་ཏེ། བྱ་བྲ་ཞེས་པ་ཕུག་རོན་བྲུན་ནོ། །བྱ་ཏྲི་ཕད་ཅེས་པ་ནི་སྤྱང་ཚེར་རོ། །གསུམ་པ་ནི། རྙིངས་ཤིང་ཞེས་རྐང་པ་བཅུ་བདུན་དང་འབྲུ་གསུམ་གྱིས་བསྟན་ཏེ། ཁྲ་བོའི་ལུམས་ཞེས་པ་ནི། ཡན་ལག་རྨ་གསོ་བའི་སྐབས་སུ། དེས་ཀྱང་མ་ཐུབ་ཁྲ་བོའི་ཆས་ཀྱིས་འདུལ། ཡུང་སྐྱེར་ཆུ་རྩ་བཙོད་ཞུན་ཕབ་ཚོས་རམས། སོ་ཐོག་ཝ་སྤྱང་གོང་མོ་སྦྲེ་སྦྲེལ་བྲུན། རི་བོང་རིལ་མ་ཞུན་ནན་གང་འཕྲོད་སྦྱོར་ཞེས་པ་དེའོ། །རབ་ཕྱང་ཞེས་པ་རྩ་བ་ཕྲ་བའོ། །སྟག་ཚེར་སེང་ཚེར་ཞེས་པ་ནི། ཀནྡ་ཀ་རི་དཀར་སྨུག་གཉིས་ཡིན་པ་གསེར་མཆན་དུ་བཤད་དོ། །གུ་གུལ་ཟ་ཞིང་ཞེས་པ། གསེར་མཆན་དུ་གུ་གུལ་བྲག་ཞུན་སྤང་སྤོས་སྐྱེར་ཁནྜ་རྒྱ་སྤོས་སྤང་བྱ་ཟ་ཞེས་འབྱུང་ངོ༌། །འབྲས་ཕྲེང་གི་ལུམས་ནི། འབྲས་འདུལ་མི་ཡི་རྐང་མགོ་ཉ་ཡི་ཤ། །སྤྲུ་རྩ་རེ་ལྕག་ཆང་བཙོས་ལུམས་སུ་གཞུག །ཅེས་པ་དེའོ། །གསུམ་པ་ལེའུའི་མཚན་ནི་བདུད་རྩི་ཞེས་པ་ནས་དྲུག་ཅུ་རྩ་བདུན་པའོ། །ཞེས་པས་བསྟན་ནོ།།

 

མཐའ་མའི་འདོན་ཐེངས་།: 24.08.2011 ཉིན། 9:22 AM

<< སྔ་མ།

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

ཐོན་ཟོག་ཁྲལ་འབབ་སྡེ་ཚན་གྱིས་ཆེ་བསྟོད་གནང་།

བོད་ཡིག་མིང་བྱང་ལ་འགྱུར་བཅོས་བཏང་བ།

ཅོན་ཏ་ར་སྨན་སྦྱོར་སྡེ་ཚན་དུ་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།

བརྟན་བཞུགས་སྔོན་འགྲོའི་རིམ་གྲོར་སྲོག་ཆགས་ཚེ་ཐར་བཏང་བ།

འགྲོ་ཕན་སྨན་རྩིས་ཁང་གི་མིང་དུ་བརྫུས་ཏེ་ནད་པ་བསླུ་བྲིད་བྱེད་པའི་གནས་ཚུལ།

ཁ་ལོ་བ་གཅིག་དང་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།

ཆོད་གན་ལས་མི་སྐྱེས་པ་གཉིས་དང་བུད་མེད་གསུམ་གྱི་ས་མིག་གསལ་བསྒྲགས།

ལེའུ་དང་པོ། ཀླད་དོན་གླེང་སློང་བ།

ལེའུ་གཉིས་པ། རླུང་ནད་གསོ་བ།

ལེའུ་གསུམ་པ། མཁྲིས་པའི་ནད་གསོ་པ།

ལེའུ་བཞི་པ། བད་ཀན་གྱི་ནད་བཅོས་པ།

ལེའུ་ལྔ་པ། འདུས་པའི་ནད་གསོ་བ།

ལེའུ་དྲུག་པ། མ་ཞུ་བ་གསོ་བ།

ལེའུ་བདུན་པ། གཅོང་ཆེན་སྐྲན་ནད་བཅོས་པ།

ལེའུ་བརྒྱད་པ། སྐྱ་རྦབ་ཀྱི་ནད་གསོ་བ།