སྨན་རྩིས་དྲ་བ། - མན་ངག་རྒྱུད།

ལེའུ་རེ་དགུ་པ། རྐང་འབམ་གྱི་ནད་གསོ་བ།

བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 23.08.2011
མན་ངག་རྒྱུད། >> ལེའུ་རེ་དགུ་པ། རྐང་འབམ་གྱི་ནད་གསོ་བ།

ལེའུ་རེ་དགུ་པ་རྐང་འབམ་གྱི་ནད་གསོ་བ་ལ་གསུམ། ཉན་པར་གདམས་པ་དང༌། གཞུང་དོན་བཤད་པ་དང༌། ལེའུའི་མཚན་བསྟན་པའོ། །དང་པོ་ནི། དེ་ནས་ཞེས་རྐང་པ་གཉིས་ཀྱིས་བསྟན་ནོ། །གཉིས་པ་ལ་གཉིས། མདོར་རྒྱས་སོ། །དང་པོ་ནི། རྐང་འབམ་ཞེས་རྐང་པ་གཉིས་ཀྱིས་བསྟན་ཏེ། དེ་ཡང་རྐང་འབམ་ནད་ཀྱི་རྒྱུ་རྐྱེན་སྤྱིར་བསྟན་པ་དང༌། དེ་བཞིན་དུ། དབྱེ་བ་དང༌། རྟགས་དང༌། བཅོས་ཐབས་ཏེ་བཞིར་བསྟན་ནོ། །གཉིས་པ་རྒྱས་པར་བཤད་པ་ལའང་བཞི་ལས། དང་པོ་ནི། རྒྱུ་རྐྱེན་ཞེས་རྐང་པ་ལྔས་བསྟན་ཏེ། འདི་ལ་སྙིང་པོ་བསྡུས་པར། དང་པོ་ཆུ་སེར་གནས་པའམ། །རོ་སྨད་ལ་རྒྱས་བད་ཀན་རྒྱས། །ཤ་ཁྲག་ནད་ཀྱིས་རྐང་པར་ནི། །དུས་སུ་སྐྲངས་པར་བྱད་འགྱུར་ཞིང༌། །རིམས་ཀྱིས་སྟུག་པོ་ཉིད་འགྱུར་བ། །དེ་ནི་རྐང་འབམ་ཞེས་བཤད་དོ། །ཞེས་དང༌། དེ་ནི་མང་དུ་འཛག་པ་དང༌། །ལོ་གཅིག་འདས་པ་སྤང་བར་བྱ། །ཞེས་དང༌། ཁ་ཅིག་ལ་བ་སྣ་དང་མཆུ། །རྣ་བ་རྐང་པ་ལྔར་འབྱུང་ཟེར། །རླན་ཅན་གནས་སུ་མི་བཟད་བསྐྱེད། །ནད་ནི་ཚིལ་མགྲིན་མཇིང་པ་མིག །མཆན་ཁུང་ཆུ་སོར་གནས་པ་དག །མདོག་འདྲ་སྲ་ཞིང་སྣུམ་པ་དང༌། །བར་ཏ་སྐྱུ་རུ་ར་དང་འདྲ། །གཏིང་ཟུག་འབྲས་ནི་ཆེར་འབྱུང་གང༌། །རིང་ཞིག་ནས་ནི་སྨིན་པར་བྱེད། །དེ་ལས་ཁ་ཅིག་ནད་མེད་སྨིན། ཁ་ཅིག་འཛག་དང་གཡའ་བ་ཡིན། ཁ་ཅིག་སྐམ་ཞིང་ཁ་ཅིག་རྒྱས། །ཡུན་རིང་དུ་ནི་གནས་པར་བྱེད། །ཅེས་སོ། །གཉིས་པ་དབྱེ་བ་བཤད་པ་ནི། དབྱེ་བ་ཞེས་རྐང་པ་གཅིག་གིས་བསྟན་པ་ལ་གསུམ། རླུང་མཁྲིས་བད་ཀན་གསུམ་མོ།།

        གསུམ་པ་རྟགས་བཤད་པ་ལ་གསུམ། དང་པོ་ནི། དེ་རྟགས་ཞེས་རྐང་པ་གཅིག་གིས་བསྟན་ནོ། །གཉིས་པ་ནི། མཁྲིས་གྱུར་ཞེས་རྐང་པ་གཅིག་གོ་ །གསུམ་པ་ནི། བད་ཀན་ཞེས་རྐང་པ་གཅིག་གིས་བསྟན་པའོ། །བཞི་པ་བཅོས་ཐབས་བཤད་པ་ལའང་བཞི་ལས། དང་པོ་ནི། རླུང་གྱུར་ཞེས་འབྲུ་བདུན་གྱིས་བསྟན་ཏེ། ཡན་ལག་བརྒྱད་པར། རྐང་འབམ་རླུང་གྱུར་འཕེལ་བ་ལ། །སྣུམ་གྱིས་དུགས་བྱ་དཀྲི་བ་དང༌། །ལོང་མོ་སོར་གཉིས་གོང་དུ་བསྲེག །གཏར་ཀ་གདབ་པར་བྱ་བ་དང༌། །ཞེས་གསུངས་སོ། །ཡང་རྒྱུན་སྦྱོང་ཞེས་པར། དེ་ཉིད་ལས། ཨེ་རནྜ་མར་དང་འོ་མ་དང༌། །བ་གཅིན་སྦྱར་བ་ཟླ་གཅིག་བླུད། །ཅེས་དང༌། དེ་བཞིན་དུར་བྱིད་འོ་མ་བླུད། །ཅེས་དང༌། དེས་མ་ཞི་ན་མེར་བསྲེགས་བྱ། །ཞེས་སོ། །གཉིས་པ་ནི། མཁྲིས་གྱུར་ཞེས་རྐང་པ་གཅིག་གིས་བསྟན་པ་ལ། སྙིང་པོ་བསྡུས་པར། མཁྲིས་གྱུར་ལོང་མོའི་འོག་ཏུ་ནི། །ཁྲག་དབྱུང་མཁྲིས་པ་ཀུན་སེལ་སྦྱར། །ཞེས་སོ། །བསིལ་བས་བྱུགས་པ་ནི་བོང་དཀར་དང་ཀྱི་ལྕེ་གཉིས་སོ། །གསུམ་པ་ནི། བད་གྱུར་ཞེས་རྐང་པ་གཉིས་ཀྱིས་བསྟན་ཏེ། འུ་སུའི་ལྡེ་གུ་བྱུགས་པར་བྱ་ཞེས་ཧ་རི་ཞེས་པ་ཀཎྡཀ་རིའོ། །བཞི་པ་དེ་རྣམས་ཀྱི་ཟས་བཤད་པ་ནི། ཀུན་ལ་ཞེས་རྐང་པ་གཅིག་དང་འབྲུ་གསུམ་གྱིས་བསྟན་ཏོ། །གསུམ་པ་ལེའུའི་མཚན་ནི་བདུད་རྩི་ཞེས་པ་ནས་དྲུག་ཅུ་རྩ་དགུ་པའོ། །ཞེས་པས་བསྟན་ནོ།།

 

མཐའ་མའི་འདོན་ཐེངས་།: 24.08.2011 ཉིན། 9:12 AM

<< སྔ་མ།

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

ཡན་ལག་སྨན་ཁང་གཉིས་ལ་ཁ་ལོ་བ་གཉིས་ཀྱི་ས་མིག་གསལ་བསྒྲགས།

སྨན་སྦྱོར་སྡེ་ཚན་དུ་ལས་མི་གྲངས་ ༡༡ ས་མིག་གསལ་བསྒྲགས།

ཆོས་རིག་དྲུང་ཆེ་སྐུ་ཚེ་མ་ཟིན་པའི་ཡིད་སྐྱོའི་གནས་ཚུལ།

སྤྱི་ཁྱབ་འགན་འཛིན་མཆོག་གི་གསུང་བཤད།

འགྲོ་ཕན་བོད་ཀྱི་སྨན་རྩིས་ཁང་དབུ་བརྙེས་པའི་དུས་དྲན་མཛད་སྒོ་སྲུང་བརྩི།

ཞབས་ལོ་ ༤༠། ༣༠། ༢༠། ལོན་པ་རྣམས་ཀྱི་ངོ་སྤྲོད།

སྨན་རྩིས་འབུམ་རམས་པ་དང་ཉེ་བའི་འབུམ་རམས་པར་ཕྱག་ཁྱེར་བསྩལ།

ཐོན་ཟོག་ཁྲལ་འབབ་སྡེ་ཚན་གྱིས་ཆེ་བསྟོད་གནང་།

བོད་ཡིག་མིང་བྱང་ལ་འགྱུར་བཅོས་བཏང་བ།

ཅོན་ཏ་ར་སྨན་སྦྱོར་སྡེ་ཚན་དུ་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།

བརྟན་བཞུགས་སྔོན་འགྲོའི་རིམ་གྲོར་སྲོག་ཆགས་ཚེ་ཐར་བཏང་བ།

འགྲོ་ཕན་སྨན་རྩིས་ཁང་གི་མིང་དུ་བརྫུས་ཏེ་ནད་པ་བསླུ་བྲིད་བྱེད་པའི་གནས་ཚུལ།

ཁ་ལོ་བ་གཅིག་དང་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།

ཆོད་གན་ལས་མི་སྐྱེས་པ་གཉིས་དང་བུད་མེད་གསུམ་གྱི་ས་མིག་གསལ་བསྒྲགས།

ལེའུ་དང་པོ། ཀླད་དོན་གླེང་སློང་བ།