སྨན་རྩིས་དྲ་བ། - མན་ངག་རྒྱུད།

ལེའུ་རེ་དགུ་པ། རྐང་བམ་གྱི་ནད་བཅོས་པ།

བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 29.11.2023
མན་ངག་རྒྱུད། >> ལེའུ་ཞེ་དགུ་པ། གླང་ཐབས་བཅོས་པ།



ལེའུ་རེ་དགུ་པ།  རྐང་བམ་གྱི་ནད་བཅོས་པ། 

རླིག་རླུགས་གསོ་བའི་ལེའུ་གསུངས་ཚར་བའི་མཇུག་ཐོག་དེ་མ་ཐག་དེ་ནས་ཡང་དྲང་སྲོང་ཆེན་པོ་རིག་པའི་ཡེ་ཤེས་ཀྱིས་འདི་སྐད་ཅེས་གསུངས་སོ། །ཀྱེ་ཞེས་བོས་ནས་དྲང་སྲོང་ཆེན་པོ་ཉོན་ཅིག་ཅེས་གདམས་ཏེ། རྐང་བམ་ནད་ལ་རྒྱུ་རྐྱེན་དང༌། དབྱེ་བ་དང༌། རྟགས་དང༌། བཅོས་པའི་ཐབས་དང་རྣམ་པ་བཞིའི་སྒོ་ནས་བསྟན་ཏེ།

རྒྱུ་རྐྱེན་གཞི་མཐུན་ནི་ཟས་སྤྱོད་དམན་ལྷག་ལོག་པ་དང༌། གདོན་སོགས་ཀྱིས་བད་ཀན་དང་ཁྲག་གཉིས་འཕེལ་བས་ཤ་དང་རུས་པ་ཁད་ཀྱིས་ཏྲེབ་ཅན་དུ་སྐྲངས་པ་དེ་ན་བའི་ཟུག་གཟེར་ཆེར་མི་མངོན་པ་ཆུང་བས་ན་རྐང་བམ་ཡིན་ཏེ། སྙིང་པོ་བསྡུས་པར། དང་པོ་ཆུ་སེར་གནས་པ་འམ། །རོ་སྨད་ལ་རྒྱས་བད་ཀན་རྒྱས། །ཤ་ཁྲག་ནད་ཀྱིས་རྐང་པར་ནི། །དུས་སུ་སྐྲང་པར་བྱེད་འགྱུར་ཞིང༌། །རིམ་གྱིས་སྟུག་པོ་ཉིད་འགྱུར་བ། །དེ་ནི་རྐང་བམ་ཞེས་བཤད་དོ། །ཞེས་དང༌། དེ་ནི་མང་དུ་འཛག་པ་དང༌། །ལོ་གཅིག་འདས་པ་སྤང་བར་བྱ། །ཞེས་དང༌། ཁ་ཅིག་ལག་པ་སྣ་དང་མཆུ། །རྣ་བ་རྐང་པ་ལྔར་འབྱུང་ཟེར། །རླན་ཅན་གནས་སུ་མི་བཟད་སྐྱེད། །ནད་ནི་ཚིལ་མགྲིན་མཇིང་པ་མིགམཆན་ཁུང་ཆུ་སོར་གནས་པ་དག། མདོག་འདྲ་སྲ་ཞིང་སྣུམ་པ་དང༌། །པར་ཏ་སྐྱུ་རུ་ར་དང་འདྲ། །གཏིང་ཟུག་འབྲས་ནི་ཆེར་འབྱུང་གང༌། །རིང་ཞིག་གནས་ན་སྨིན་པར་བྱེད། །དེ་ལས་ཁ་ཅིག་ནད་མེད་སྨིན། །ཁ་ཅིག་འཛག་དང་གཡའ་བ་ཡིན། ཁ་ཅིག་སྐམ་ཞིང་ཁ་ཅིག་རྒྱས། །ཡུན་རིང་དུ་ནི་གནས་པར་བྱེད། །ཅེས་པ་ལྟར་རྐང་པ། ལག་པ། རྣ་བ། མཆུ་དང་སྣ་སོགས་ལ་མང༌། དེ་ཡང་རླན་ཅན་གྱི་སར་ཡུན་རིང་དུ་བསྡད་པ་སོགས་ལས་འབྱུང་བ་ཡིན།

དབྱེ་བ་ཕྱེ་ན་རླུང་ལས་གྱུར་པ་དང༌། མཁྲིས་པ་ལས་གྱུར་པ་དང༌། བད་ཀན་ལས་གྱུར་པ་གསུམ་མོ། །

དེ་རྣམས་སོ་སོར་ངོས་འཛིན་པའི་རྟགས་རླུང་ལས་གྱུར་པ་རྩུབ་ཅིང་སྐྲངས་མདོག་ནག་པ་དང༌། མཁྲིས་པ་ལས་གྱུར་པ་མདོག་སེར་ཚ་ལ་རིམ་གྱིས་མགོ་རྐང་བཅས་ལ་འདེབས། བད་ཀན་ལས་གྱུར་པ་ལུས་དང་རྐང་པ་ལྕི་ལ་ཟུག་ཆུང་ཤ་མཛེར་མགོ་ལྡོག་ཅན་གྱིས་ཁྱབ་བོ། །

བཅོས་པའི་ཐབས་ནི། ཡན་ལག་བརྒྱད་པར། རྐང་བམ་རླུང་གྱུར་འཕེལ་བ་ལ། །སྣུམ་གྱིས་དུགས་བྱ་དཀྲི་བ་དང༌། །ལོང་མོའི་སོར་གཉིས་གོང་དུ་བསྲེག །གཏར་ག་གདབ་པར་བྱ་བ་དང༌། །ཞེས་པར་ལྟར་རླུང་ལས་གྱུར་པར་སྣུམ་ལྡན་གྱི་དུགས་དང་གཏར་ན་ལོང་རྩ་དང་ཡོབ་གོང་གཏར་ཞིང༌། རྒྱུན་སྦྱོང་ཕྱི་རྒྱུད་ལྟར་བྱ་བའམ། ཡན་ལག་བརྒྱད་པར། ཨེ་རཎྜ་མར་འོ་མ་དང༌། །བ་གཅིན་སྦྱར་བ་ཟླ་གཅིག་བླུད། །ཅེས་དང༌། དེ་བཞིན་དུར་བྱིད་འོ་མ་བླུད། །ཅེས་དང༌། དེས་མ་ཞི་ན་མེས་བསྲེག་བྱ། །ཞེས་པ་ལྟར། སྦྱོང་སྨན་གོང་གསལ་དང་མེས་སྐྲངས་གང་བྱུང་གི་ཡས་མས་བསྲེགམཁྲིས་པ་ལས་གྱུར་པར། ཡན་ལག་བརྒྱད་པར། མཁྲིས་གྱུར་ལོང་མོའི་འོག་ཏུ་ནི། །ཁྲག་དབྱུང་མཁྲིས་པ་ཀུན་སེལ་སྦྱར། །ཞེས་པ་ལྟར། བྱིན་གཞུག་དང༌། ཡོབ་གོང་གཏར་བ་དང་བསིལ་བ་བོང་ང༌། ཀྱི་ལྕེ་དཀར་པོ། སྤོས་དཀར་སྦྱར་བའི་བྱུག་པ་བྱེད། བད་ཀན་ལས་གྱུར་པར། ཡན་ལག་བརྒྱད་པར། བད་ཀན་ལས་གྱུར་མཐེ་བོ་ལ། །ཁྲག་གཏར་ནས་ནི་ཁ་ཟས་ནི། །སྦྲང་རྩི་དང་བཅས་སྨན་ཁུ་བླུད། །ཅེས་དང༌། ཡུངས་ཀར་བྲྀ་ཧ་ཏི་གཉིས་ཀྱི། །རྩ་བའི་ལྡེ་གུ་བྱུག་པར་བྱ། །ཡང་ན་འུ་སུའི་ལྡེ་གུ་བྱུག །ཅེས་པ་ལྟར། པི་པི་ལིང་དང་ཨ་རུའི་ཐང་བཏང་ལ་མཐེ་བོའི་རྩ་གཏར་བ་དང༌། འུ་སུ་དང་བྲྀ་ཧ་ཏི་ཞེས་ཀཎྜ་ཀ་རི་དཀར་པོ་དང༌། ཡུངས་ཀར་བཅས་ཀྱི་ལྡེ་གུ་བྱུག ཟས་སྤྱོད་ཀུན་ལ་འབྲུ་རྙིང་གི་ཟན་དང་སྦྲང་རྩི་སྦྱར་བ་བཟའ་བར་བྱ་ཞེས་གསུངས་སོ།།

བདུད་རྩི་སྙིང་པོ་ཡན་ལག་བརྒྱད་པ་གསང་བ་མན་ངག་གི་རྒྱུད་ཅེས་བྱ་བ་ལས་ལྷན་སྐྱེས་རྨའི་ནང་ཚན་རྐང་བམ་གྱི་ནད་བཅོས་པའི་ལེའུ་སྟེ་དྲུག་ཅུ་རྩ་དགུ་པའོ།། །།


མཐའ་མའི་འདོན་ཐེངས་།: 29.11.2023 ཉིན། 4:24 PM

<< སྔ་མ།

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

ཆོས་རིག་དྲུང་ཆེ་སྐུ་ཚེ་མ་ཟིན་པའི་ཡིད་སྐྱོའི་གནས་ཚུལ།

སྤྱི་ཁྱབ་འགན་འཛིན་མཆོག་གི་གསུང་བཤད།

འགྲོ་ཕན་བོད་ཀྱི་སྨན་རྩིས་ཁང་དབུ་བརྙེས་པའི་དུས་དྲན་མཛད་སྒོ་སྲུང་བརྩི།

ཞབས་ལོ་ ༤༠། ༣༠། ༢༠། ལོན་པ་རྣམས་ཀྱི་ངོ་སྤྲོད།

སྨན་རྩིས་འབུམ་རམས་པ་དང་ཉེ་བའི་འབུམ་རམས་པར་ཕྱག་ཁྱེར་བསྩལ།

ཐོན་ཟོག་ཁྲལ་འབབ་སྡེ་ཚན་གྱིས་ཆེ་བསྟོད་གནང་།

བོད་ཡིག་མིང་བྱང་ལ་འགྱུར་བཅོས་བཏང་བ།

ཅོན་ཏ་ར་སྨན་སྦྱོར་སྡེ་ཚན་དུ་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།

བརྟན་བཞུགས་སྔོན་འགྲོའི་རིམ་གྲོར་སྲོག་ཆགས་ཚེ་ཐར་བཏང་བ།

འགྲོ་ཕན་སྨན་རྩིས་ཁང་གི་མིང་དུ་བརྫུས་ཏེ་ནད་པ་བསླུ་བྲིད་བྱེད་པའི་གནས་ཚུལ།

ཁ་ལོ་བ་གཅིག་དང་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།

ཆོད་གན་ལས་མི་སྐྱེས་པ་གཉིས་དང་བུད་མེད་གསུམ་གྱི་ས་མིག་གསལ་བསྒྲགས།

ལེའུ་དང་པོ། ཀླད་དོན་གླེང་སློང་བ།

ལེའུ་གཉིས་པ། རླུང་ནད་གསོ་བ།

ལེའུ་གསུམ་པ། མཁྲིས་པའི་ནད་གསོ་པ།