སྨན་རྩིས་དྲ་བ། - མན་ངག་རྒྱུད།

ལེའུ་ཞེ་ལྔ་པ། ཡི་ག་འཆུས་པ་གསོ་བ།

བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 26.08.2011
མན་ངག་རྒྱུད། >> ལེའུ་ཞེ་ལྔ་པ། ཡི་ག་འཆུས་པ་གསོ་བ།

ལེའུ་ཞེ་ལྔ་པ་ཡི་ག་འཆུས་པ་གསོ་བ་ལ་གསུམ། ཉན་པར་གདམས་པ་དང༌། གཞུང་དོན་བཤད་པ་དང༌། ལེའུའི་མཚན་བསྟན་པའོ། །དང་པོ་ནི། དེ་ནས་ཞེས་རྐང་པ་གཉིས་ཀྱིས་བསྟན་ནོ། །གཉིས་པ་ལ་གཉིས། མདོར་རྒྱས་སོ། །དང་པོ་ནི། ཡི་ག་ཞེས་རྐང་པ་གཉིས་ཀྱིས་བསྟན་ཏེ། ཡི་ག་འཆུས་ཀྱི་རྒྱུ་རྐྱེན་ལྷན་ཅིག་ཏུ་བསྟན་པ་དང༌། དེ་བཞིན་དུ། དབྱེ་བ་དང༌། རྟགས་དང་བཅོས་ཐབས་བསྟན་པ་སྟེ་བཞིའོ། །གཉིས་པ་རྒྱས་པར་བཤད་པ་ལའང་བཞི་ལས། དང་པོ་ནི། རྒྱུ་རྐྱེན་ཞེས་རྐང་པ་གཉིས་ཀྱིས་བསྟན་ཏེ། དེ་ཡང་ཟས་དང་སྤྱོད་ལམ་དང་གདོན་སོགས་ཀྱིས་བསྐྱེད་པས་ལུས་ཀྱི་འདུ་བ་འཁྲུགས་པར་གྱུར་ནས། ལྕེ་སྙིང་ལ་སོགས་པར་ཞེན་ནས་ཡི་ག་འཆུས་པའི་ནད་དུ་གྱུར་པའོ། །གཉིས་པ་དབྱེ་བ་བཤད་པ་ནི། དབྱེ་བ་ཞེས་རྐང་པ་གཅིག་གིས་བསྟན་ཏེ། དེ་ཡང་དབྱེ་ན། རླུང་ལས་གྱུར་པ་དང༌། མཁྲིས་པ་ལས་གྱུར་པ་དང༌། བད་ཀན་ལས་གྱུར་པ་དང༌། འདུས་པ་ལས་གྱུར་པ་བཞིའོ། །གསུམ་པ་རྟགས་བཤད་པ་ནི། དེ་རྟགས་ཞེས་རྐང་པ་གཉིས་ཀྱིས་བསྟན་ཏེ། རླུང་གྱུར་རྟགས་སུ་རོ་བསྐ་བ་དང༌། དེ་བཞིན་དུ་མཁྲིས་པ་དང༌། བད་ཀན་དང༌། འདུས་པ་རྣམས་ཀྱི་རྟགས་བཤད་པའོ། །བཞི་པ་གསོ་ཐབས་ལ་གཉིས། སྤྱི་དང་བྱེ་བྲག་གོ དང་པོ་ནི། གསོ་ཐབས་ཞེས་རྐང་པ་བཅོ་ལྔས་བསྟན་ཏེ། ཁྲུས་སྦྱང་གི་འབྲས་བུ་ནི་ཨ་བར་སྐྱུར་གསུམ་མོ། །དཀར་བའི་ཟས་ནི་ཞོ་འོ་མ་སོགས། བསྐ་བའི་སྨན་ནི་ཨ་རུ་བ་རུ་སོགས་སོ། །ཡིད་ལ་འཐད་པའི་དུ་བ་ནི། སྤོས་དྲི་སོགས་དྲི་ཞིམ་པའི་རིགས་མཐའ་དག་གོ །རིམ་བསྐྱེད་ནི། བ་ལུའི་ལོ་མ་ཞོ་བཞི་ཕོ་བ་རིས་ཞོ་གསུམ། སྒ་ཞོ་དོ། པི་པི་ལིང་ཞོ་གང༌། ཤིང་ཚ་སུག་སྨེལ་ཀ་ར་རྣམས་ཞོ་ཕྱེད་ཕྱེད་རྣམས་སྦྱར་བའོ། །ཡང་སྙིང་པོ་བསྡུས་པར། །བ་ལུའི་ལོ་མ་ན་ལེ་ཤམ། །དོང་གྲ་དང་ནི་པི་པི་ལིང༌། །གོ་རིམ་བཞིན་དུ་ཆ་རེ་བསྐྱེད། །ཤིང་ཚ་སུག་སྨེལ་དང་པོའི་ཕྱེད། །པི་པི་ལིང་གི་བརྒྱད་འགྱུར་གྱི། །ཀ་རར་སྦྱར་བའི་ཕྱི་མ་ཡིས། །ཞེས་ཀྱང་འབྱུང་ངོ༌། །གཉིས་པ་བྱེ་བྲག་གི་བཅོས་ནི། བྱེ་བྲག་ཅེས་རྐང་པ་བཞི་དང་འབྲུ་གསུམ་གྱིས་བསྟན་ཏེ། དེ་ཡང༌། སྐྱུགས་རྗེས་རླུང་ལའང་དྭངས་པ་དང༌། མཁྲིས་པར་སྐར་ཆུ་དང་བད་ཀན་ལ་སྦྲང་ཆང༌། འདུས་ནད་ལ་དེ་གསུམ་གའི་རློན་བསྟེན་པར་བྱའོ། །གསུམ་པ་ལེའུའི་མཚན་ནི། བདུད་རྩི་ཞེས་པ་ནས་བཞི་བཅུ་རྩ་ལྔ་པའོ་ཞེས་པས་བསྟན་ནོ།།

 

 

མཐའ་མའི་འདོན་ཐེངས་།: 26.08.2011 ཉིན། 12:34 PM

<< སྔ་མ།

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

ཡན་ལག་སྨན་ཁང་གཉིས་ལ་ཁ་ལོ་བ་གཉིས་ཀྱི་ས་མིག་གསལ་བསྒྲགས།

སྨན་སྦྱོར་སྡེ་ཚན་དུ་ལས་མི་གྲངས་ ༡༡ ས་མིག་གསལ་བསྒྲགས།

ཆོས་རིག་དྲུང་ཆེ་སྐུ་ཚེ་མ་ཟིན་པའི་ཡིད་སྐྱོའི་གནས་ཚུལ།

སྤྱི་ཁྱབ་འགན་འཛིན་མཆོག་གི་གསུང་བཤད།

འགྲོ་ཕན་བོད་ཀྱི་སྨན་རྩིས་ཁང་དབུ་བརྙེས་པའི་དུས་དྲན་མཛད་སྒོ་སྲུང་བརྩི།

ཞབས་ལོ་ ༤༠། ༣༠། ༢༠། ལོན་པ་རྣམས་ཀྱི་ངོ་སྤྲོད།

སྨན་རྩིས་འབུམ་རམས་པ་དང་ཉེ་བའི་འབུམ་རམས་པར་ཕྱག་ཁྱེར་བསྩལ།

ཐོན་ཟོག་ཁྲལ་འབབ་སྡེ་ཚན་གྱིས་ཆེ་བསྟོད་གནང་།

བོད་ཡིག་མིང་བྱང་ལ་འགྱུར་བཅོས་བཏང་བ།

ཅོན་ཏ་ར་སྨན་སྦྱོར་སྡེ་ཚན་དུ་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།

བརྟན་བཞུགས་སྔོན་འགྲོའི་རིམ་གྲོར་སྲོག་ཆགས་ཚེ་ཐར་བཏང་བ།

འགྲོ་ཕན་སྨན་རྩིས་ཁང་གི་མིང་དུ་བརྫུས་ཏེ་ནད་པ་བསླུ་བྲིད་བྱེད་པའི་གནས་ཚུལ།

ཁ་ལོ་བ་གཅིག་དང་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།

ཆོད་གན་ལས་མི་སྐྱེས་པ་གཉིས་དང་བུད་མེད་གསུམ་གྱི་ས་མིག་གསལ་བསྒྲགས།

ལེའུ་དང་པོ། ཀླད་དོན་གླེང་སློང་བ།