སྨན་རྩིས་དྲ་བ། - མན་ངག་རྒྱུད།

ལེའུ་ཞེ་བཞི་པ། སྐད་འགགས་གསོ་བ།

བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 26.08.2011
མན་ངག་རྒྱུད། >> ལེའུ་ཞེ་བཞི་པ། སྐད་འགགས་གསོ་བ།

དེ་ལྟར་ལེའུ་ཞེ་བཞི་པ་སྐད་འགགས་གསོ་བ་ལ་གཉིས། གཞུང་དོན་བཤད་པ་དང༌། ལེའུའི་མཚན་བསྟན་པའོ། །དང་པོ་ལ་གཉིས། མདོར་རྒྱས་སོ། །དང་པོ་ནི། དང་པོ་ཞེས་རྐང་པ་གཉིས་ཀྱིས་བསྟན་ཏེ། དེ་ཡང་སྐད་འགགས་ཀྱི་རྒྱུ་དང་རྐྱེན་སྤྱིར་བསྟན་པ་དང༌། དེ་བཞིན་དུ། དབྱེ་བ་དང༌། རྟགས་དང༌། བཅོས་ཐབས་ཏེ་བཞིར་བསྟན་ནོ། །གཉིས་པ་རྒྱས་པར་བཤད་པ་ལའང་བཞི་ལས། དང་པོ་ནི། རྒྱུ་རྐྱེན་ཞེས་རྐང་པ་གཉིས་ཀྱིས་བསྟན་ཏེ། རྒྱུ་དེ་བསྐྱེད་རྐྱེན་ནི་ཟས་དང་སྤྱོད་ལམ་གྱིས་བསྐྱེད་པ་དང་གདོན་གྱིས་བསྐྱེད་པ་དང༌། འདུ་བ་ལུས་ཟུངས་འཁྲུགས་པ་སོགས་ཀྱིས་སྐད་འགགས་ཀྱིས་ནད་དུ་འགྱུར་བའོ། །གཉིས་པ་དབྱེ་བ་བཤད་པ་ནི། དབྱེ་བ་ཞེས་རྐང་པ་གཉིས་ཀྱིས་བསྟན་ཏེ། དེ་ཡང་དབྱེ་ན་རླུང་ལས་གྱུར་པ་དང༌། དེ་བཞིན་དུ་མཁྲིས་པ་དང༌། ཁྲག་དང༌། བད་ཀན་དང་བཞི་ནི། དྭངས་མ་སོགས་ཟད་པས་ཟ་བྱེད་དང་འཚོ་ཆེས་པས་ཚིལ་གྱུར་དང༌། དས་ཆད་པ་སྟེ་དྲིལ་བས་བདུན་དུ་བཤད་དོ། །གསུམ་པ་རྟགས་བཤད་པ་ལ། དེ་རྟགས་ཞེས་རྐང་པ་བརྒྱད་ཀྱིས་བསྟན་ཏེ། དེ་ལྟར་རླུང་གྱུར་གྱི་རྟགས་དང༌། མཁྲིས་གྱུར་ཀྱི་རྟགས་དང་། ཁྲག་གྱུར་གྱི་རྟགས་དང༌། བད་གྱུར་གྱི་རྟགས་དང༌། ཟད་བྱེད་ཀྱི་རྟགས་དང༌། ཚིལ་གྱུར་གྱི་རྟགས་དང༌། དས་ཆད་ཀྱི་རྟགས་ཏེ་བདུན་དུ་བཤད་དོ། །བཞི་པ་བཅོས་ཐབས་བཤད་པ་ལ་གཉིས། མདོར་རྒྱས་སོ།།

        དང་པོ་ནི། བཅོས་པའི་ཞེས་རྐང་པ་གཅིག་གིས་བསྟན་ཏེ། དེ་ཡང་སྤྱི་བྱེ་བྲག་གི་བཅོས་སོ། །གཉིས་པ་རྒྱས་པར་བཤད་པ་ལའང་གཉིས་ལས། དང་པོ་ནི། སྤྱི་བཅོས་ཞེས་རྐང་པ་དྲུག་གིས་བསྟན་ནོ། །གཉིས་པ་བྱེ་བྲག་གི་བཅོས་ནི། བྱེ་བྲག་ཅེས་རྐང་པ་བཅོ་བརྒྱད་དང་འབྲུ་གསུམ་གྱིས་བསྟན་ཏེ། དེ་ཡང༌། མཁྲིས་གྱུར་གྱི་པ་ལ་ནི་ཧ་ལོའི་རྩ་བའོ། །རྒྱ་ཤུག་ནི་གཙང་འགྲམ་དུ་སྐྱེས་པའི་ཤུག་འབྲུ་ཁྲོ་ཞལ་ལྟ་བུ་ཡོད་པ་དེའོ། །དྲི་བཟང་བཞི་ནི་ཤིང་ཚ་སུག་སྨེལ་གེ་སར་གུ་ཡུ་དང་བཞིའོ། །བད་གྱུར་གྱི་བསྲེག་ས་ནི་ཚིགས་གསུམ་པ་བསྲེག་པའོ། །ཚིལ་གྱུར་གྱི་ཟས་སྨན་རྩུབ་བཅོས་ནི། ཟས་ནི་སྲན་མ། སྨན་ནི་བྱི་རུག་གུ་གུལ་སོགས་བསྟན་ནོ། །དས་ཆད་ཀྱི་མངར་བའི་སྨན་ནི་ཤིང་མངར་ལ་སོགས་པའོ། །གཞན་ཡང་བཤད་རྒྱུད་དུ་མངར་བའི་སྨན་སྡེར་བཤད་པ་གར་འཛོམ་སོགས་སོ། །གཉིས་པ་ལེའུའི་མཚན་ནི་བདུད་རྩི་ཞེས་པ་ནས་བཞི་བཅུ་རྩ་བཞི་པའོ་ཞེས་པས་བསྟན་ནོ།།

 

 

མཐའ་མའི་འདོན་ཐེངས་།: 26.08.2011 ཉིན། 12:41 PM

<< སྔ་མ།

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

ཐོན་ཟོག་ཁྲལ་འབབ་སྡེ་ཚན་གྱིས་ཆེ་བསྟོད་གནང་།

བོད་ཡིག་མིང་བྱང་ལ་འགྱུར་བཅོས་བཏང་བ།

ཅོན་ཏ་ར་སྨན་སྦྱོར་སྡེ་ཚན་དུ་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།

བརྟན་བཞུགས་སྔོན་འགྲོའི་རིམ་གྲོར་སྲོག་ཆགས་ཚེ་ཐར་བཏང་བ།

འགྲོ་ཕན་སྨན་རྩིས་ཁང་གི་མིང་དུ་བརྫུས་ཏེ་ནད་པ་བསླུ་བྲིད་བྱེད་པའི་གནས་ཚུལ།

ཁ་ལོ་བ་གཅིག་དང་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།

ཆོད་གན་ལས་མི་སྐྱེས་པ་གཉིས་དང་བུད་མེད་གསུམ་གྱི་ས་མིག་གསལ་བསྒྲགས།

ལེའུ་དང་པོ། ཀླད་དོན་གླེང་སློང་བ།

ལེའུ་གཉིས་པ། རླུང་ནད་གསོ་བ།

ལེའུ་གསུམ་པ། མཁྲིས་པའི་ནད་གསོ་པ།

ལེའུ་བཞི་པ། བད་ཀན་གྱི་ནད་བཅོས་པ།

ལེའུ་ལྔ་པ། འདུས་པའི་ནད་གསོ་བ།

ལེའུ་དྲུག་པ། མ་ཞུ་བ་གསོ་བ།

ལེའུ་བདུན་པ། གཅོང་ཆེན་སྐྲན་ནད་བཅོས་པ།

ལེའུ་བརྒྱད་པ། སྐྱ་རྦབ་ཀྱི་ནད་གསོ་བ།