སྨན་རྩིས་དྲ་བ། - མན་ངག་རྒྱུད།

ལེའུ་ཞེ་བདུན་པ། སྐྱིགས་བུའི་ནད་གསོ་བ།

བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 26.08.2011
མན་ངག་རྒྱུད། >> ལེའུ་ཞེ་བདུན་པ། སྐྱིགས་བུའི་ནད་གསོ་བ།

ལེའུ་ཞེ་བདུན་པ་སྐྱིགས་བུའི་ནད་གསོ་བ་ལ་གསུམ། ཉན་པར་གདམས་པ་དང༌། གཞུང་དོན་བཤད་པ་དང༌། ལེའུའི་མཚན་བསྟན་པའོ། །དང་པོ་ནི། དེ་ནས་ཞེས་རྐང་པ་གཉིས་ཀྱིས་བསྟན་ནོ། །གཉིས་པ་ལ་གཉིས། མདོར་རྒྱས་སོ། །དང་པོ་ནི། སྐྱིགས་བུ་ཞེས་རྐང་པ་གཉིས་ཀྱིས་བསྟན་ཏེ། སྐྱིགས་བུའི་ནད་ཀྱི་རྒྱུ་རྐྱེན་ལྷན་ཅིག་ཏུ་བསྟན་པ་དང༌། དེ་བཞིན་དུ། དབྱེ་བ་དང༌། རྟགས་དང༌། བཅོས་ཐབས་ཏེ་རྣམ་པ་བཞིས་བསྟན་པའོ། །གཉིས་པ་རྒྱས་པར་བཤད་པ་ལའང་བཞི་སྟེ། དང་པོ་ནི། རྒྱུ་རྐྱེན་ཞེས་རྐང་པ་གཉིས་ཀྱིས་བསྟན་ཏེ། རྒྱུ་དེ་སྐྱེད་པར་བྱེད་པ་ནི། ཟས་དང་སྤྱོད་ལམ་དང་གདོན་གྱིས་བསྐྱེད་པ་དང༌། རླུང་འཁྲུགས་པས་གྱེན་དུ་རྒྱུ་བའི་བུ་ག་རྣམས་འགགས་པས་སྐྱིགས་བུའི་ནད་དུ་གྱུར་པའོ། །གཉིས་པ་དབྱེ་བ་བཤད་པ་ནི། དབྱེ་བ་ཞེས་རྐང་པ་གཉིས་ཀྱིས་བསྟན་ཏེ། དེ་ཡང༌། རིང་བར་ཟོས་པས་ཟས་འབྱུང༌། སྟོབས་ཆུང་བས་ཕྲན་ཚེགས། གཉིས་བསྟུད་ནས་བྱུང་བས་ཟུང་འབྱུང༌། ཤུགས་དྲགས་པས་ཆེན་པོ། ལྟེ་འོག་ནས་བྱུང་བས་ཟབ་མོ་སྟེ་ལྔའོ། །གསུམ་པ་རྟགས་བཤད་པ་ལ་གཉིས། ནད་རྟགས་བཤད་པ་དང༌། སྤང་བྱ་བཤད་པའོ། །དང་པོ་ནི། དེ་རྟགས་ཞེས་རྐང་པ་ལྔས་བསྟན་ཏེ། ཟས་འབྱུང་གི་རིངས་སྟབས་ནི། རྟབ་རྟབ་ནི་མགྱོགས་པར་ཟས་ཟོས་པའོ། །ཟབ་མོའི་གསང་ནི། ཨིག་ཅེས་པའི་སྒྲ་འབྱུང་བའོ། །གཉིས་པ་སྤང་བྱ་བཤད་པ་ནི། ཉམ་ཆུང་ཞེས་པ་རྐང་པ་གཉིས་ཀྱིས་བསྟན་ཏེ། དེ་ལྟར་གློ་རྡོལ་ནི་གློ་བ་རྡོལ་ནས་ལུད་པ་རྣག་ཁྲག་ལུ་བ་སོགས་བྱུང་ན་སྤང་སྟེ། ལར་སྐྱིགས་བུ་ཕལ་ཆེར་འཆི་བར་འབྱུང་བས་སྒྲིམ་དགོས་སོ། །བཞི་པ་བཅོས་ཐབས་བཤད་པ་ནི། བཅོས་ཐབས་ཞེས་རྐང་པ་བཅུ་གཅིག་དང་འབྲུ་གསུམ་གྱིས་བསྟན་ཏེ། དབུགས་མི་བདེར་བཤད་པའི་དུ་བ་རྔུབ་པ་ནི། འོག་ཏུ་ནད་ལྷག་དུ་བས་བསལ་ཞེས་པའི་མཆན་དུ། ཨ་ཀ་རུ། གུ་གུལ་དཀར་པོ། རྡོ་དྲེག སྤང་སྤོས། ཨ་རུ་ར། ཤིང་མངར། ཧ་རི་ཎུ་ཀ ཨུ་ཤི་ར། བྱི་ཏང་ཀ གླ་རྩི། སྤྲ་ཚིལ་རྣམས་མེ་དུ་བ་མེད་པ་ལ་བསྲེགས་པའི་དུ་བས་བདུག་ཅེས་འབྱུང་ངོ༌། །ནས་ཟན་ནི་བྱེའུ་མགོ་དང་བྲང་རྒྱ་དམར་བ་རྒྱབ་དང་གཤོག་པ་དངུལ་མདོག་ཅན་སྤྲུག་ལ་བྱེ་ཆུང་ཟེར་བ་དེའི་བྲུན་ནོ། །ལག་པའི་སྙིང་རྩ་ནི་སྣོད་ཀའོ། །གཅིག་བགྲངས་དབུགས་ཐུབ་བསྡམ་པ་ནི། སྔོན་ལ་གཅིག་པ་རིང་ཞིང་དྲག་པ་བགྲངས། དེ་རྗེས་ཁ་སྣའི་དབུགས་ནང་དུ་བསྡམ་མོ། །ཆོ་ག་བྱ་བ་ནི་མ་ཚོར་བར་འཇིགས་སྐྲག་དང་དངངས་པའི་ཐབས་བྱའོ། །གསུམ་པ་ལེའུའི་མཚན་ནི་བདུད་རྩི་ཞེས་པ་ནས་བཞི་བཅུ་རྩ་བདུན་པ་ཞེས་པའོ།།             

 

 

མཐའ་མའི་འདོན་ཐེངས་།: 26.08.2011 ཉིན། 12:25 PM

<< སྔ་མ།

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

ཡན་ལག་སྨན་ཁང་གཉིས་ལ་ཁ་ལོ་བ་གཉིས་ཀྱི་ས་མིག་གསལ་བསྒྲགས།

སྨན་སྦྱོར་སྡེ་ཚན་དུ་ལས་མི་གྲངས་ ༡༡ ས་མིག་གསལ་བསྒྲགས།

ཆོས་རིག་དྲུང་ཆེ་སྐུ་ཚེ་མ་ཟིན་པའི་ཡིད་སྐྱོའི་གནས་ཚུལ།

སྤྱི་ཁྱབ་འགན་འཛིན་མཆོག་གི་གསུང་བཤད།

འགྲོ་ཕན་བོད་ཀྱི་སྨན་རྩིས་ཁང་དབུ་བརྙེས་པའི་དུས་དྲན་མཛད་སྒོ་སྲུང་བརྩི།

ཞབས་ལོ་ ༤༠། ༣༠། ༢༠། ལོན་པ་རྣམས་ཀྱི་ངོ་སྤྲོད།

སྨན་རྩིས་འབུམ་རམས་པ་དང་ཉེ་བའི་འབུམ་རམས་པར་ཕྱག་ཁྱེར་བསྩལ།

ཐོན་ཟོག་ཁྲལ་འབབ་སྡེ་ཚན་གྱིས་ཆེ་བསྟོད་གནང་།

བོད་ཡིག་མིང་བྱང་ལ་འགྱུར་བཅོས་བཏང་བ།

ཅོན་ཏ་ར་སྨན་སྦྱོར་སྡེ་ཚན་དུ་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།

བརྟན་བཞུགས་སྔོན་འགྲོའི་རིམ་གྲོར་སྲོག་ཆགས་ཚེ་ཐར་བཏང་བ།

འགྲོ་ཕན་སྨན་རྩིས་ཁང་གི་མིང་དུ་བརྫུས་ཏེ་ནད་པ་བསླུ་བྲིད་བྱེད་པའི་གནས་ཚུལ།

ཁ་ལོ་བ་གཅིག་དང་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།

ཆོད་གན་ལས་མི་སྐྱེས་པ་གཉིས་དང་བུད་མེད་གསུམ་གྱི་ས་མིག་གསལ་བསྒྲགས།

ལེའུ་དང་པོ། ཀླད་དོན་གླེང་སློང་བ།