སྨན་རྩིས་དྲ་བ། - མན་ངག་རྒྱུད།

ལེའུ་ཞེ་བདུན་པ། སྐྱིགས་བུའི་ནད་གསོ་བ།

བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 29.11.2023
མན་ངག་རྒྱུད། >> ལེའུ་ཞེ་བདུན་པ། སྐྱིགས་བུའི་ནད་གསོ་བ།



ལེའུ་ཞེ་བདུན་པ།  སྐྱིགས་བུའི་ནད་གསོ་བ། 

ཐོར་ནད་སྐོམ་དད་གསོ་བའི་ལེའུ་གསུངས་ཚར་བའི་མཇུག་ཐོག་དེ་མ་ཐག་དེ་ནས་ཡང་དྲང་སྲོང་ཆེན་པོ་རིག་པའི་ཡེ་ཤེས་ཀྱིས་འདི་སྐད་ཅེས་གསུངས་སོ། །ཀྱེ་ཞེས་བོས་ནས་དྲང་སྲོང་ཆེན་པོ་ཉོན་ཅིག་ཅེས་གདམས་ཏེ། སྐྱིགས་བུའི་ནད་ལ་རྒྱུ་རྐྱེན་དང༌། དབྱེ་བ་དང༌། རྟགས་དང༌། བཅོས་པའི་ཐབས་དང་རྣམ་པ་བཞིའི་སྒོ་ནས་བསྟན་ཏེ།

རྒྱུ་རྐྱེན་གཞི་མཐུན་ནི་ཟས་སྤྱོད་དམན་ལྷག་ལོག་པ་དང་གདོན་སོགས་ཀྱིས་བསྐྱེད་པས་རླུང་འཁྲུགས་པས་གྱེན་རྒྱུའི་བུ་ག་འགགས་ཏེ་སྐྱིགས་བུའི་ནད་འབྱུང་ལ།

དབྱེ་བ་ཕྱེ་ན་རིངས་སྟབས་ཟོས་པས་ཟས་བྱུང༌། སྟོབས་ཆུང་བས་ཕྲན་ཚེགས་གཉིས་བསྟུད་ནས་བྱུང་བས་ཟུང་འབྱུང་དང་ཤུགས་དྲག་པས་ཆེན་པོ་དང༌། ལྟེ་འོག་ནས་བྱུང་བས་ཟབ་མོ་ཞེས་བྱ་བ་དང་རྣམ་པ་ལྔར་བཤད་ལ།

དེ་རྣམས་སོ་སོར་ངོས་འཛིན་པའི་རྟགས་ཀྱི་ཟས་བྱུང་ནི་ཁ་ཟས་རིངས་སྟབས་སུ་ཟོས་རྗེས་འབྱུང་ལ། ཕྲན་ཚེགས་ནི་ཟས་ཟོས་རྗེས་ལ་འབྱུང་ཡང་མོད་ལ་ཆད། ཟུང་འབྱུང་ནི་འཚམ་ཚིགས་རིང་སྟེ་ཞུ་བའི་དུས་གཉིས་བསྟུད་ནས་འབྱུང༌། ཆེན་པོ་ནི་ཆད་དུ་མི་འདོད་པར་བསྟུད་ནས་འོང་ཞིང་ཤུགས་དྲག་ལ་མིག་ཧར་ཞིང་ཚིག་མི་ཐོན། ཟབ་མོ་ནི་ལྟེ་བའི་འོག་ནས་བསྟུད་ནས་འབྱུང་བས་ཡིག་ཅེས་པའི་སྒྲ་གསང་བར་འབྱུང༌། ནད་རིགས་དེ་དག་ཉམ་ཆུང་ཞིང་ཟུངས་ཟད་པ་དང་གློ་བ་བརྡོལ་ནས་ལུད་པ་རྣག་ཁྲག་ཏུ་ལུ་བ་དང༌། རྒས་པ་སོགས་ལ་སྐྱིགས་བུ་ཆེན་པོ་ཤུགས་དྲག་བྱུང་བ་ནི་ཕལ་ཆེར་འཆི་བར་བཤད་པས་སྤང་བར་གསུངས་ཀྱང་བསྒྲིམས་ཏེ་གསོ་དགོས་སོ། །

བཅོས་པའི་ཐབས་ཀྱི་དང་པོ་འབྲུ་མར་གྱི་བསྐུ་མཉེ་བྱ་ཞིང་ཚབས་ཆེ་བའི་རིགས་ལ་ཕྱི་རྒྱུད་ལས་ལྔ་ལྟར་གྱི་སྐྱུགས་དང་ཁྲུས་འཇམ་པོ་ཕྱི་རྒྱུད་ཐང་བཤལ་གྱིས་སྦྱང་ཞིང༌། དེ་རྗེས་འོག་ཏུ་དབུགས་མི་བདེའི་ལེའུར་ནད་ལྷག་དུ་བས་བསལ་ཞེས་བཤད་པའི་དུ་བ་དེ་ཉིད་བརྔུབ་པར་བྱ། མིའི་ནུ་ཞོར་ཙན་དན་དཀར་པོ་དང་སྦྲང་རྩི་སྦྱར་བའམ། སྦྲང་རྩི་དང་བྱེའུ་ནས་ཟན་གྱི་བྲུན་སྦྱར་བའི་སྣ་སྨན་བཏབ་ལ་བྲ་བོ་དང་བྱི་བའི་བྲུན་བརྔོས་པའི་སྟེང་དུ་ཉལ། དེའི་དྲོད་གྲང་བའི་རྗེས་ལ་མར་བྱུགས་ལ་ལག་པའི་སྙིང་རྩ་མྱུར་བ་མེ་བཙས་མནན། སྔོན་ལ་གཅིག་རིང་ཞིང་དྲག་པར་བགྲངས་རྗེས་ཁ་སྣའི་དབུགས་གང་ཐུབ་པར་ནང་དུ་བསྡམས་ཏེ་རྩ་སྦུབས་སུ་དྲངས་པས་རླུང་འཁྱིམས་པ་སེལ་ཞིང་ནད་པས་མ་ཚོར་བར་བྱས་ནས་འཇིགས་སྐྲག་དངངས་པའི་ཐབས་ཀྱི་ཆོ་ག་བྱ། དེ་རྣམས་བྱས་ཀྱང་ཆད་དཀའ་ན་སྤྱི་གཙུག་མཚོག་སྒོ་སྐེ་སྟོང་དང༌། ཚིགས་པ་བརྒྱད་པ། ནང་ལོང་འཕར་རྩ་རྣམས་བསྲེག་པར་བྱའོ་ཞེས་གསུངས་སོ།།

བདུད་རྩི་སྙིང་པོ་ཡན་ལག་བརྒྱད་པ་གསང་བ་མན་ངག་གི་རྒྱུད་ཅེས་བྱ་བ་ལས་ཐོར་ནད་ཀྱི་ནང་ཚན་སྐྱིགས་བུའི་ནད་གསོ་བ་ལེའུ་སྟེ་བཞི་བཅུ་རྩ་བདུན་པའོ།། །།


མཐའ་མའི་འདོན་ཐེངས་།: 29.11.2023 ཉིན། 3:03 PM

<< སྔ་མ།

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

ཡན་ལག་སྨན་ཁང་གཉིས་ལ་ཁ་ལོ་བ་གཉིས་ཀྱི་ས་མིག་གསལ་བསྒྲགས།

སྨན་སྦྱོར་སྡེ་ཚན་དུ་ལས་མི་གྲངས་ ༡༡ ས་མིག་གསལ་བསྒྲགས།

ཆོས་རིག་དྲུང་ཆེ་སྐུ་ཚེ་མ་ཟིན་པའི་ཡིད་སྐྱོའི་གནས་ཚུལ།

སྤྱི་ཁྱབ་འགན་འཛིན་མཆོག་གི་གསུང་བཤད།

འགྲོ་ཕན་བོད་ཀྱི་སྨན་རྩིས་ཁང་དབུ་བརྙེས་པའི་དུས་དྲན་མཛད་སྒོ་སྲུང་བརྩི།

ཞབས་ལོ་ ༤༠། ༣༠། ༢༠། ལོན་པ་རྣམས་ཀྱི་ངོ་སྤྲོད།

སྨན་རྩིས་འབུམ་རམས་པ་དང་ཉེ་བའི་འབུམ་རམས་པར་ཕྱག་ཁྱེར་བསྩལ།

ཐོན་ཟོག་ཁྲལ་འབབ་སྡེ་ཚན་གྱིས་ཆེ་བསྟོད་གནང་།

བོད་ཡིག་མིང་བྱང་ལ་འགྱུར་བཅོས་བཏང་བ།

ཅོན་ཏ་ར་སྨན་སྦྱོར་སྡེ་ཚན་དུ་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།

བརྟན་བཞུགས་སྔོན་འགྲོའི་རིམ་གྲོར་སྲོག་ཆགས་ཚེ་ཐར་བཏང་བ།

འགྲོ་ཕན་སྨན་རྩིས་ཁང་གི་མིང་དུ་བརྫུས་ཏེ་ནད་པ་བསླུ་བྲིད་བྱེད་པའི་གནས་ཚུལ།

ཁ་ལོ་བ་གཅིག་དང་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།

ཆོད་གན་ལས་མི་སྐྱེས་པ་གཉིས་དང་བུད་མེད་གསུམ་གྱི་ས་མིག་གསལ་བསྒྲགས།

ལེའུ་དང་པོ། ཀླད་དོན་གླེང་སློང་བ།