སྨན་རྩིས་དྲ་བ། - མན་ངག་རྒྱུད།

ལེའུ་ཞེ་གཉིས་པ། ཕོ་མཚན་གྱི་ནད་གསོ་བ།

བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 26.08.2011
མན་ངག་རྒྱུད། >> ལེའུ་ཞེ་གཉིས་པ། ཕོ་མཚན་གྱི་ནད་གསོ་བ།

སྐབས་དྲུག་པ་གསང་བའི་ནད་གསོ་བ་ལ་གཉིས། བསླབ་པར་ཞུས་པ་དང༌། དེའི་ལན་གསུངས་པའོ། །དང་པོ་ནི། དེ་ནས་ཞེས་རྐང་པ་བཞི་དང་འབྲུ་གསུམ་གྱིས་བསྟན་པའོ། །གཉིས་པ་དེའི་ལན་གསུངས་པ་ལའང་གཉིས། ཉན་པར་བསྐུལ་བ་དང་ལན་དངོས་བསྟན་པའོ། །དང་པོ་ནི། དྲང་སྲོང་ཞེས་རྐང་པ་གཉིས་ཀྱིས་བསྟན་ནོ། །གཉིས་པ་ལན་དངོས་གསུངས་པ་ནི། གསང་བའི་ཞེས་རྐང་པ་གཅིག་གིས་བསྟན་པ་ལ། །ཕོ་མཚན་དང་མོ་མཚན་གཉིས་སུ་ཕྱེ་སྟེ། །དེ་ཡང་གསང་བྱ་ཡིན་པས་གསང་བ་དང༌། མཚོན་པར་ནུས་པས་མཚན་མ་སྟེ། དེའི་ནད་ལ་ཕོ་མཚན་མོ་མཚན་གཉིས་ལས།དང་པོ་ལེའུ་ཞེ་གཉིས་པ་ཕོ་མཚན་བཅོས་པ་ལ་གཉིས་གཞུང་དོན་བཤད་པ་དང༌། ལེའུའི་མཚན་བསྟན་པའོ། །དང་པོ་གཞུང་དོན་ལ་གཉིས་མདོར་རྒྱས་སོ།

དང་པོ་ནི། ཕོ་མཚན་ཞེས་རྐང་པ་གཉིས་ཀྱིས་བསྟན་ཏེ། དེ་ཡང་གསང་ནད་ཀྱི་རྒྱུ་རྐྱེན་ལྷན་ཅིག་ཏུ་བསྟན་པ་དང༌། དེ་བཞིན་དུ། དབྱེ་བ་དང༌། རྟགས་དང༌། བཅོས་ཐབས་དང་རྣམ་པ་བཞི་རུ་བསྟན་པའོ། །གཉིས་པ་རྒྱས་པར་བཤད་པ་ལ་བཞི་ལས་དང་པོ་རྒྱུ་ནི་ཞེས་རྐང་པ་གཉིས་ཀྱིས་བསྟན་ཏེ། དེ་ལྟར་གསང་ནད་ཀྱི་རྒྱུ་ནི་ཞེས་རྐང་པ་གཉིས་ཀྱིས་བསྟན་ཏེ། དེ་ལྟར་གསང་ནད་ཀྱི་རྒྱུ་ནི་བུད་མེད་ལ་སོགས་པར་ཆགས་པས་སྤྱད་དྲགས་པ་དང༌། གྲ་མས་རིག་པ་དང༌། བཤང་གཅི་ཁུ་བ་སོགས་བཀག་པའམ་ཡང་ན་ཤུགས་ཀྱིས་བཙིར་བས་གསང་བའི་ནད་དུ་གྱུར་པའོ། །གཉིས་པ་དབྱེ་བ་བཤད་པ་ནི། དབྱེ་བ་ཞེས་རྐང་པ་བཞིས་བསྟན་ཏེ། དེ་ཡང་དབྱེ་ན་སོས་ཟིན། རླུང་དང༌། མཁྲིས་པ་དང༌། ཁྲག་དང༌། བད་ཀན་དང༌། འདུས་པ། འབྲུམ་པ་དང༌། མདུད་འདྲ་བ་དང༌། སྦུགས་འབྱར་དང༌། གྲ་མ་ཅན་ཏེ་དྲིལ་བས་དགུའོ། །གསུམ་པ་རྟགས་བཤད་པ་ནི། དེ་རྟགས་ཞེས་རྐང་པ་བཅུས་བསྟན་ཏེ། དེ་ཡང་སོས་ཟིན་འགྱུར་བའི་འདུས་གྱུར་གྱིས་རྣག་དཀའ་ནི། རྣག་ཏུ་སྨིན་པ་དཀའ་བའོ། །ཀུན་རྟགས་ལྡན་པ་ནི་ཉེས་པ་གསུམ་གའི་རྟགས་སྟོན་པའོ། །བཞི་པ་བཅོས་ཐབས་བཤད་པ་ནི། གསོ་ཐབས་ཞེས་རྐང་པ་བཅུ་བདུན་དང་འབྲུ་གསུམ་གྱིས་བསྟན་ཏེ། དེ་ཡང་གསོ་ཐབས་དང་པོ་ལའང་གཉིས་ལས། དང་པོ་སོས་ཟིན་གསར་དུས་ཀྱི་ནི་རུ་ཧ་ནི་ཕྱི་རྒྱུད་ལྟར་རོ། །བསིལ་བའི་བྱུག་པ་ནི། ཙན་དན་དཀར་པོ། ཏིག་ཏ། སྐྱུ་རུ་ར་རྣམས་སྦྱར་བའི་བྱུགས་པར་བྱའོ། །ཧ་རེ་ཎུ་ཀ་ནི། མ་ནུ་རྟ་སྐམ་ཞེས་ཏེ་དམར་པོ་མཐེབ་ཚིགས་ཙམ་རྟའི་ནུ་མ་འདྲའོ། །འདུས་པ་ལ་རྨ་སྤྱིའི་གསོ་བ་སྦྱར་བ་ནི། སྐྲངས་འཇོམས་རེད་སྦྱང༌། ཤའུ་གསོ་བའོ། །སྦུགས་འབྱར་སྦུ་གུས་བརྒྱུང་བ་ནི། ལྕགས་སྦུགས་གྲོ་སོག་ཙམ་སྣུམ་བྱུགས་པས་བུ་གར་བརྒྱང་ངོ༌། །གཉིས་པ་ལེའུའི་མཚན་ནི། །བདུད་རྩི་ཞེས་པ་ནས་ཞེ་གཉིས་པའོ་ཞེས་པས་བསྟན་ནོ།།

 

 

མཐའ་མའི་འདོན་ཐེངས་།: 26.08.2011 ཉིན། 2:10 PM

<< སྔ་མ།

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

ཆོས་རིག་དྲུང་ཆེ་སྐུ་ཚེ་མ་ཟིན་པའི་ཡིད་སྐྱོའི་གནས་ཚུལ།

སྤྱི་ཁྱབ་འགན་འཛིན་མཆོག་གི་གསུང་བཤད།

འགྲོ་ཕན་བོད་ཀྱི་སྨན་རྩིས་ཁང་དབུ་བརྙེས་པའི་དུས་དྲན་མཛད་སྒོ་སྲུང་བརྩི།

ཞབས་ལོ་ ༤༠། ༣༠། ༢༠། ལོན་པ་རྣམས་ཀྱི་ངོ་སྤྲོད།

སྨན་རྩིས་འབུམ་རམས་པ་དང་ཉེ་བའི་འབུམ་རམས་པར་ཕྱག་ཁྱེར་བསྩལ།

ཐོན་ཟོག་ཁྲལ་འབབ་སྡེ་ཚན་གྱིས་ཆེ་བསྟོད་གནང་།

བོད་ཡིག་མིང་བྱང་ལ་འགྱུར་བཅོས་བཏང་བ།

ཅོན་ཏ་ར་སྨན་སྦྱོར་སྡེ་ཚན་དུ་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།

བརྟན་བཞུགས་སྔོན་འགྲོའི་རིམ་གྲོར་སྲོག་ཆགས་ཚེ་ཐར་བཏང་བ།

འགྲོ་ཕན་སྨན་རྩིས་ཁང་གི་མིང་དུ་བརྫུས་ཏེ་ནད་པ་བསླུ་བྲིད་བྱེད་པའི་གནས་ཚུལ།

ཁ་ལོ་བ་གཅིག་དང་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།

ཆོད་གན་ལས་མི་སྐྱེས་པ་གཉིས་དང་བུད་མེད་གསུམ་གྱི་ས་མིག་གསལ་བསྒྲགས།

ལེའུ་དང་པོ། ཀླད་དོན་གླེང་སློང་བ།

ལེའུ་གཉིས་པ། རླུང་ནད་གསོ་བ།

ལེའུ་གསུམ་པ། མཁྲིས་པའི་ནད་གསོ་པ།