སྨན་རྩིས་དྲ་བ། - ཕྱི་མ་རྒྱུད།

ལེའུ་བརྒྱད་པ། ཐལ་སྨན་གྱི་སྡེ་ཚན་བསྟན་པ།

བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 30.11.2023
ཕྱི་མ་རྒྱུད། >> ལེའུ་བརྒྱད་པ། ཐལ་སྨན་གྱི་སྡེ་ཚན་བསྟན་པ།



ལེའུ་བརྒྱད་པ། ཐལ་སྨན་གྱི་སྡེ་ཚན་བསྟན་པ། 

ཞི་བྱེད་ལྔ་པ་སྨན་མར་གྱི་ལེའུ་བསྟན་ཟིན་པའི་མཇུག་ཐོག་དེ་མ་ཐག་པ་དེ་ནས་ཡང་དྲང་སྲོང་རིག་པའི་ཡེ་ཤེས་ཀྱིས་འདི་སྐད་ཅེས་གསུངས་སོ། །དེ་ཡང་ཀྱེ་ཞེས་བོས་ནས་དྲང་སྲོང་ཆེན་པོ་ཡིད་ལས་སྐྱེས་ལེགས་པར་ཉོན་ལ་ཡིད་ལ་ཟུངས་ཤིག་ཅེས་གདམས་སོ། །དེ་ཡང་གོང་དུ་སྨོས་པའི་སྤྱིར་གྲགས་ཀྱི་སྡེ་ཚན་ལྔ་པོའི་ནང་དུ་ལག་ལེན་མ་བསྟན་པར་རྒྱས་བཤད་ཉེར་གསུམ་འདྲེན་སྐབས་ས་བཅད་མ་བསྟན་པའི་ཐལ་སྨན་གྱི་སྦྱོར་བ་དང་ཁཎྜ་དང་སྨན་ཆང་གི་སྦྱོར་བ་གསུམ་པོ་འདི་ནང་ནས་གྲང་བའི་ནད་ལ་ཐལ་སྨན་མཆོག་ཏུ་གྱུར་པ་ཡིན་ཞིང༌། ཏེ་ཞེས་པ་རིགས་མཐུན་འདྲེན་ཚིག་སྟེ་ཚ་བའི་ནད་རྣམས་ནི་ཁཎྜས་སེལ་བར་བྱེད་ལ། སྨན་ཆང་གིས་རླུང་ནད་བད་མཁྲིས་དང་ལྡན་པ་སེལ་བ་ལ་ཆེས་ཟབ་པའི་སྦྱོར་བ་འདི་གསུམ་པོ་གསང་ཕྱིར་གུད་དུ་སྦས་པ་ཡིན་ཏེ། གང་དུ་ཞེ་ན་ཐལ་སྨན་ཕྱེ་མའི་གྲང་སེལ་དང༌། ཁཎྜ་ལྡེ་གུ་སྨན་ཆང་སྨན་མར་གྲས་སུ་སྦས་པ་ཡིན་ཀྱང༌། དེ་དག་འཆད་པར་བྱེད་ན་ཁཎྜ་དང་སྨན་ཆང་འོག་ཏུ་སོ་སོའི་ལེའུར་འཆད་རྒྱུ་དང༌།

འདིར་དང་པོ་ཐལ་སྨན་གྱི་སྦྱོར་བ་བསྟན་པ་ནི་ལའང༌། སྤྱིར་རྣོ་བ་དང་འཇམ་པ་དང་བར་མའི་སྦྱོར་བ་གསུམ་དང༌། བྱེ་བྲག་ཏུ་བཤད་པའི་སྦྱོར་བ་དང་ཁ་འཐོར་མི་འདྲ་བ་དུ་མ་བསྟན་པ་བཅས་བཅུ་གསུམ་ཡོད་པ་ལས།

དང་པོར་རླུང་དང་མཁྲིས་པ་དང་བད་ཀན་གསུམ་གྱི་ནད་གཞི་དང་སྦྱར་བའི་རྣོ་འཇམ་བར་པ་གསུམ་ནས་བད་ཀན་རླུང་དང་ལྡན་པ་ལ་འཇམ་པོའི་སྦྱོར་བ་ནི་ཐང་མ་སྒྲོན་ཤིང་དང་དུར་བྱིད་དང་དནྡ་དེ་ཨེ་རཎྜ་དང༌། ཨ་བར་སྐྱུར་ཏེ་འབྲས་བུ་གསུམ། མ་ནུ་པ་ཏྲ། སརྫི་ཀ་ཞེས་སྙེ་ནག་མོ་དང༌། ཡ་བཀྵ་ར་དང༌། རྒྱ་ཚ་དང༌། ཁ་རུ་ཚྭ་དང༌། ཙབས་རུ་ཚྭ་དང༌། ཤིང་ཚ་ཐལ་ཚྭ། པི་པི་ལིང་གི་མཱུ་ལ་སྟེ་རྩ་བ། ཙི་ཏྲ་ཀ་དང༌། ཚ་བ་རྣམ་པ་སྒ་པི་ཕོ་གསུམ་རྣམས་འབྲིའི་འོ་མ་དང་ཞོ་དང་མར་དང་ཞག་དང་རྐང་མར་ཚིལ་བུ་རྣམས་ཀྱིས་ཁུ་བ་བྱས་ཏེ་སྦྲུས་པ་དང༌། བད་ཀན་དང་མཁྲིས་པར་ལྡན་པ་ལ་བར་མའི་སྦྱོར་བ་ནི། ཧོང་ལེན་དང༌། བཙོད་དང༌། ཞུ་མཁན་དང༌། ཀྱི་ལྕེ་དཀར་པོ་བཅས་བཞི་གོང་གི་འཇམ་པོའི་སྨན་རྣམས་ཀྱི་སྟེང་དུ་བསྣན་ལ་བ་དང་རའི་ཞོས་སྦྲུ་བ་དང༌། རླུང་མཁྲིས་ཀྱི་གྲོགས་མེད་པའི་བད་ཀན་རྐྱང་པ་ལ་རྣོན་པོར་སྦྱར་བ་ནི་རྒོད་གཡག་གི་རྭ་ཕྱེ་སྟེ། རབ་བྱང་འབྲོང༌། འབྲིང་ཡུལ་འབྲོང་འོག་ཅན། ཐ་མ་གཡག་ཆུང་གི་རྭ་ཕྱེ། ལྕེ་ཚ་སྲུབ་ཀ་དབྱི་མོང་བཅས་སྔོའི་ཚ་བ་གསུམ། ཤུ་དག་ནག་པོ་དང་ཤིང་ཀུན་རྣམས་གོང་གི་ཐལ་སྨན་འཇམ་པོའི་སྟེང་དུ་བསྣན་པ་དེ་གཅན་གཟན་གྱི་ཤ་རུས་ཀྱི་ཁུ་བ་དང་ཆང་གིས་སྦྲུ་ཞིང༌། དེ་ཀུན་ཀྱང་བསྲེག་དུས་སྦོལ་བའི་གར་སླ་གཟུགས་བཟོ་བཏུབ་ཙམ་ལ་འཕང་ལོ་བྱས་པ་སྔར་ལོངས་མ་སྤྱད་པའི་རྫར་བླུགས་ལ་ཁ་འགྲིག་པར་བཅད། མཚམས་བག་ཕྱེ་ལ་སོགས་པས་མནན་ཏེ་གསེང་སྲུབས་མེད་པར་བྱས་ལ་འདག་པས་བྱུགས་ལ་བྱེ་མས་བར་མཚམས་བཅད་དེ་དུ་བ་མི་འཆོར་བར་བོང་མེས་ཚོས་པར་བསྲེགས་པའི་ཐལ་བ་དེ་གྲང་ནས་ཞིབ་པར་བཏགས་ལ་ཕྱེ་མའམ་རིལ་བུ་གང་བྱས་ཀྱང་རུང༌། གྲང་ཤས་ཆེ་ན་བུ་རམ་དང༌། ཚ་ཤས་ཆེ་ན་ཀ་རའམ་སྦྲང་གི་རྟ་ལ་བསྐྱོན་ཏེ་བཏང་བས་ཁ་ཟས་མ་ཞུ་བ་རྣམས་འཇུ་བར་བྱེད་ཅིང་ཕོ་བའི་མེ་དྲོད་སྐྱེད་པ་དང༌། བད་ཀན་ལྷེན་དང་སྐྲན་གྱི་རིགས་བཤིག་ཅིང་བད་ཀན་ལྕགས་དྲེག་འགོགས་ལ་སྐྱ་རྦབ་འཇིལ་ཞིང་འོར་དང་དམུ་ཆུ་སྐེམས་པར་བྱེད། དེ་ལ་མན་ངག་ནད་གང་ཡིན་དེ་འཇོམས་པའི་གྲོགས་སུ་གང་འོས་ཀྱིས་ཁ་བསྒྱུར་བས་ནད་ཀུན་འཇོམས་སོ། །

བྱེ་བྲག་ཏུ་ཅོང་ཞི་འཕྲུལ་གྱི་ཐལ་བའི་སྦྱོར་བ་ལ་ཆུང་ངུ་དང་བར་མ་དང་ཆེན་པོ་རྣམ་པ་གསུམ་ཡོད་པ་ལས། ཆུང་ངུ་ནི་ཨ་རུ་ར་དང༌། ཚ་ལ་དང༌། རྒྱམ་ཚྭ་དང༌། པི་པི་ལིང་དང༌། བོང་ང་དཀར་པོ་སོགས་ཆ་མཉམ་ལ་དེ་དག་ཉིས་འགྱུར་གྱི་རྩིས་ཅོང་ཞི་དང་མུ་ཟི་སེར་པོ་རིལ་མ་ཙམ་ཞིག་སྦྱར་བ་ཞིག་དཀའི་ཀོང་བུར་སྨན་གྱི་སུམ་གཉིས་ཙམ་སླེབས་པར་བླུགས་ལ་སུམ་གཅིག་སྟོང་པར་བཞག་པ་ཁ་འདམ་གྱིས་སྦྱར། སོལ་བའི་མེའི་དབུས་སུ་བཅུག་སྦུད་པ་དལ་བུར་བུས་ལ་ཚོས་པར་བསྲེགས་པས་མུ་ཟི་སེར་པོའི་དྲི་མ་སངས་ཏེ་བྱུང་ན་ཚོས་པའི་ཚད་ཡིན་པས་འདོན་ལ་ཐལ་བ་དེ་ཉིད་ཞིབ་ཏུ་བཏགས་པ་ཀ་ར་དང་སྦྱར་བ་ནི་ཐལ་སྨན་ཆུང་ངུ་དེ་མ་ཞུ་བ་དང་བད་ཀན་ལྷེན་དང་ལྕགས་དྲེག་དང་རྡོ་དུག་དང་དབྱིག་དུག་གི་རིགས་དང་བད་མཁྲིས་དང་སྨུག་པོ་ལས་གྱུར་པའི་སྐྲན་ལ་སོགས་པ་ཕོ་བའི་ནད་ཀུན་ཚ་གྲང་མེད་པར་འཇོམས། དེ་སྟེང་དུ་ཅུ་གུར་ལི་ཤི་སུག་སྨེལ་ཀ་ཀོ་ལ་ཛཱ་ཏི་སྟེ་བཟང་པོ་དྲུག་དང༌། རྒྱ་ཚྭ་དང་པྲི་ཡང་ཀུ་རྣམས་བསྣན་པ་ཅོང་ཞིའི་ཐལ་སྨན་འབྲིང་པོ་སྟེ་མ་ཞུ་བ་ལ་སོགས་པ་སྟོབས་རྒྱས་པའི་ནད་སྣ་འདྲེས་པས་ལྡན་ཚད་རྣམས་འཇོམས་པར་བྱེད་ལ། ཆེན་པོ་ནི་ཚ་བ་སྒ་པི་ལིང་ཕོ་བ་རིས་དབྱི་མོང་དཀར་པོ་ཙི་ཏྲ་ཀ་བཅས་ལྔ་དང་ཨ་རུ་ར་དང་རྒྱ་ཚྭ་དང་རྒྱམ་ཚྭ་དང་ཐལ་ཚྭ་དང་ཁ་རུ་ཚྭ་དང་མཛེ་ཚྭ་དང་ཟེ་ཚྭ་དང་ལན་ཚྭ་དང་འགྲོན་བུ་དང་བྱ་རྒོད་ཀྱི་གྲེ་བ་དང་སྲམ་དང་ཆུ་བྱ་དང་ཉ་རྣམས་ཀྱི་རུས་པ་ཆ་མཉམ་སྦྱར་བ་དེ་ཀུན་གྱི་ཉིས་འགྱུར་ལོངས་ངེས་ཀྱི་ཅོང་ཞི་སྦྱར་བ་གོང་བཞིན་དུ་བསྲེགས་པའི་ཐལ་བས་གྲང་སྐྲན་ཐལ་བར་རློགསྣ་ཚོགས་ཁ་འཐོར་བདུན་ནི་ཚ་བསྲེགས་ཀྱི་སྦྱོར་བ་ལ་བ་ཚ་མེད་པའི་ལན་ཚྭ་མདོག་སྔོ་ཞིང་རོ་མངར་ལྡན་པ་དེ་ཁྱོར་བ་དོ། བ་ཞོ་བྲེ་གང་ལ་བྱ་རྒོད་ཀྱི་ཤ་མཐེ་བོང་ཙམ་དང་བཅས་སྦྱར་བ་བཙོས་དཀྲུགས་བྱས་ཏེ་ཆུ་ཆོད་ནས་ཕྱུར་བ་ལྟར་ཕྲུལ་པོར་སོང་བ་དང༌། རྫ་གསར་དུ་བླུགས་ལ་དུ་བ་མི་འཆོར་བར་ཁ་བཅད་ལ་བོང་མེས་ཚོས་པར་བསྲེགས་པའི་ཐལ་བ་དེ་སྟར་བུ་དང་པི་པི་ལིང་དང་བུ་རམ་སོགས་དང་སྦྱར་བས་མ་ཞུ་བ་དང་བད་ཀན་ལྷེན་དང་ལྕགས་དྲེག་དང་ཁྲག་གི་སྐྲན་རྣམས་བཤིགག་བུར་ནག་པོའི་ཐལ་སྦྱོར་ལྔ་པའི་གཙོ་བོ་ནི་ཕག་པ་ནག་པོའི་རིལ་མ་དང་གྲོགས་སྲད་དཀར་བ་དང་ཧོང་ལེན་དེ་བ་ཤིང་སྔོན་ཞེས་སྟབ་སེང་དང་བཞི་སྟེ་གཙོ་བོ་དང་གྲོགས་རྣམས་དུ་བ་མ་ཤོར་བར་སོ་སོར་བསྲེགས་པའི་ཐལ་བ་དེ་མདོག་དམར་ཟལ་གྱི་བ་ཆུས་འདམ་འཐག་བྱས་ལ་ཀ་ར་དང་སྦྱར་བས་མ་ཞུ་བའི་རིམས་དང་གཟེར་ཐུང་དང་གཉན་རིམས་དང་མིག་སེར་རྣམས་སེལ་བར་བྱེད་ལ། ཁྱད་པར་དུ་ཕོ་བར་རིམས་བབས་པའི་བདུད་རྩི་ལྟ་བུ་ཡིན། བིག་པན་ཏེ་ནི་ལ་ཐོ་ཐ་ཞེས་པ་སྨན་སྔོན་པོ་དེ་དང་སྲད་དཀར་བ་དང་སྙ་ལོ་དང་ཀྱི་ལྕེ་དཀར་པོ་བཅས་བཞི་པོ་དུ་བ་མ་ཤོར་བར་བསྲེགས་པའི་ཐལ་བས་རླུང་རིམས་སེལ་ཞིང་དེ་ཆང་དང་སྦྱར་བས་ཚད་པའི་རི་ཐང་མཚམས་ཀྱི་བདུད་རྩི་ལྟ་བུ་ཡིན། རིན་པོ་ཆེ་ལས་གྱུར་པའི་ཐལ་སྨན་གྱི་སྦྱོར་བ་ནི། གསེར་ཐལ་བཟོ་ན་དང་པོ་གསེར་ལྷད་མེད་སྦྲང་གཤོག་ཙམ་སྲབ་པར་བརྡུངས། དེ་ནས་གཏུན་འཇམ་པོར་བྲུད་ལ་ལབ་ལེབ་མེད་པར་ཞིབ་པར་བཏགས་པའི་ཕྱེ་མར་ཚ་ལ་མུ་ཟི་ཏིལ་དཀར་ནག་གཉིས་ལས་འདིར་ནག་པོ་དབྱིབས་ལེབ་མོ་འབྲས་བུ་ཆུང་ངུ་དེ་དང་ཟར་མ་རྣམས་སྦྱར་བ་རིལ་བུར་དྲིལ་ལ་ཀོང་བུར་སོལ་བའི་མེས་བསྲེགཟངས་ཐལ་ནི་ཟངས་བསྲེགས་ངར་ཕབ་ཡང་ཡང་བལྟབ་ཀྱིན་བརྡུངས་ལ་སྲབ་མཐུག་སྦྲང་གཤོག་ཙམ་དུ་གྱུར་ནས་སེན་མོས་དུམ་བུར་གཏུབས་ལ་སིངས་པོའི་ནང་དུ་བཅུག་པས་གཡའ་འདོན་ཞིང་དེ་ལ་ཚ་ལ་དང་མུ་ཟི་ཆང་ལ་སྦྱར་བ་རས་དང་ཟངས་ལ་བྱུགས་ནས་ཟངས་དེ་རས་ལ་མཚམས་བཅད་དེ་དྲིལ་བ་ཀོང་བུར་བླུགས་ལ་ཁ་བཅད་དེ་ཚོས་པར་བསྲེགདངུལ་ཐལ་ནི་དངུལ་ཆུ་སྟར་བུས་བཤིག་པ་དང་ཚ་ལ་མུ་ཟི་སེར་པོ་བཅས་སྦྱར་བ་འཕང་ལོ་ལྟར་བཅོས་ལ་གོང་བཞིན་ཀོང་བུའི་ནང་དུ་བསྲེགལྕགས་ཐལ་ནི་གསེག་བརྡར་གྱིས་བརྡར་བའི་ཕྱེ་མ་ཞིབ་ཏུ་བཏགས་པ་དང་ཚ་ལ་དང་ཨ་རུ་ར་དང་མུ་ཟི་སོགས་འདག་པར་སྦྱར་བ་རིལ་བུའམ་འཕང་ལོ་ལྟར་བྱས་ལ་ཀོང་བུར་བསྲེགས་པས་དེ་ཉིད་ཐལ་བར་འགྱུར་བ་ཡིན་ཀྱང༌། དེ་རྣམས་ཀུན་ལ་བསྲེག་པའི་གཉེན་པོ་ཚ་ལ་མུ་ཟི་སོགས་ཆུང་ན་མི་ཚོས་པས་བུངས་བསྐྱེད་དགོས་ཤིང༌། ལྷག་མུ་ཟི་སེར་པོ་མང་བ་ནི་མཛེ་ནད་དང་དུག་ནད་འཇོམས་ཤིང༌། བྱང་ཁོག་གི་རྣག་ཁྲག་སྐེམས། མཚལ་ཐལ་ནི་རྫའི་གའུ་ཁ་སྦྱར་བཟོས་ལ་སྐབས་འདིར་མཚལ་དཀར་དུ་གྲགས་པ་དེ་ཞིབ་པར་བཏགས་པ་རྫའི་གའུ་དེའི་ནང་དུ་བླུགས་ཏེ་ཁ་སྙོམས་པར་བརྡལ་ནས་སྦྱར་ལ་བར་མཚམས་སུ་འདག་པས་བྱུགས། བྱེ་མས་བར་བརྩངས་བྱས་ཤིང་རླངས་པ་ཤོར་དུ་མི་རུང་སྟེ་བྱེད་མཁན་ལ་མཛེ་སོགས་འབྱུང་བས་དེ་ལྟར་རྟོགས་དགོས་ཤིང༌། ཁ་གཅོད་ཀྱི་སྟེང་དུ་ཆུ་ཡང་ཡང་བྱུགས་ལ་འོག་ནས་མེས་བསྲེག་ཅིང་ཚོས་ཚད་སྣོད་འོག་མའི་མཚལ་གར་ཡོད་ཀྱི་གཤམ་དེ་མདོག་སྐྱ་བོར་འགྲོ་བས་དེའི་ཚེ་མེ་འཕྲོ་བཅད་དེ་གྲང་ནས་ཁ་དབྱེ་བས་དངུལ་ཆུ་དྲིལ་བའི་ཐལ་བས་ཤ་རོ་མ་ལུས་པ་གཅོད་པའི་མཆོག་ཏུ་གྱུར་པ་ཡིན་ནོ། །ཤ་རུ་དུང་དང་འགྲོན་བུ་དང་དུར་གྱི་ཐོད་པ་རྣམས་སོལ་བའི་མེས་དཀར་པོར་མ་སོང་གི་བར་དུ་བསྲེགས་པ་དང༌། སྒ་པི་ཕོ་བ་རིས་ཏེ་ཚ་བ་གསུམ་དང༌། གོས་ཆེན་ཕྱི་ལྷུག་བཏགས་ཟ་འོགཕུར་མོང་ནག་པོ་དང༌། སྒོག་སྐྱ་བཙན་དུག་ཕག་རིལ་བྱའི་སྒྲོ་རྣམས་སླ་ངའི་ཁར་རྫ་ཕོར་ཁ་སྦུབ་སྟེ་དུ་བ་མ་ཤོར་བར་བསྲེགས་པའི་ཐལ་བ་དེ་རྣམས་ཕལ་ཆེར་གྱིས་རྣག་ཆུ་སྐེམས་པའི་ལས་ལ་བསྔགས། ཅོང་ཞི་རྒོད་བཏུལ་ནི་ཅོང་ཞི་སོལ་མེས་ཚོས་པར་བསྲེགས་ལ་དཀར་པོར་སོང་ནས་ཆང་ངམ་དར་བའི་ནང་དུ་བསྐྱུར་བས་སྐད་སོར་སོར་ཟེར་བ་ཐོན་ཙམ་གྱིས་ཅོང་ཞིའི་ངད་སང་ན་ཅོང་ཞི་དེ་ཕྱེ་མར་འགྲོ་བ་དེས་ནི་གག་པ་དང་ཤ་རོའི་རིགས་དང་ལྷེན་སྐྲན་དང་བད་ཀན་ལྕགས་དྲེག་རྣམས་གཅོད་པར་བྱེད་དོ་ཞེས་གསུངས་པ་སོགས་འདིར་རྒྱུད་ཚིག་ལྟར་ལས་སྤྲོས་པ་དོར་བ་ཡིན་ལ། རྒྱས་པར་འདོད་ན་སྦྱོར་བ་བརྒྱ་པ་སོགས་སུ་ཐལ་སྨན་གྱི་སྦྱོར་བ་མང་ཙམ་གསུངས་པས་དེར་བལྟ་བར་བྱའོ། །

བདུད་རྩི་སྙིང་པོ་ཡན་ལག་བརྒྱད་པ་གསང་བ་མན་ངག་གི་རྒྱུད་ལས་དུམ་བུ་བཞི་པ་ཕྱི་མ་འཕྲིན་ལས་རྒྱུད་ཀྱི་ཞི་བྱེད་དྲུག་པ་ཐལ་སྨན་གྱི་སྡེ་ཚན་བསྟན་པའི་ལེའུ་སྟེ་བརྒྱད་པའོ།། །།


 

མཐའ་མའི་འདོན་ཐེངས་།: 30.11.2023 ཉིན། 3:10 PM

<< སྔ་མ།

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

ཆོས་རིག་དྲུང་ཆེ་སྐུ་ཚེ་མ་ཟིན་པའི་ཡིད་སྐྱོའི་གནས་ཚུལ།

སྤྱི་ཁྱབ་འགན་འཛིན་མཆོག་གི་གསུང་བཤད།

འགྲོ་ཕན་བོད་ཀྱི་སྨན་རྩིས་ཁང་དབུ་བརྙེས་པའི་དུས་དྲན་མཛད་སྒོ་སྲུང་བརྩི།

ཞབས་ལོ་ ༤༠། ༣༠། ༢༠། ལོན་པ་རྣམས་ཀྱི་ངོ་སྤྲོད།

སྨན་རྩིས་འབུམ་རམས་པ་དང་ཉེ་བའི་འབུམ་རམས་པར་ཕྱག་ཁྱེར་བསྩལ།

ཐོན་ཟོག་ཁྲལ་འབབ་སྡེ་ཚན་གྱིས་ཆེ་བསྟོད་གནང་།

བོད་ཡིག་མིང་བྱང་ལ་འགྱུར་བཅོས་བཏང་བ།

ཅོན་ཏ་ར་སྨན་སྦྱོར་སྡེ་ཚན་དུ་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།

བརྟན་བཞུགས་སྔོན་འགྲོའི་རིམ་གྲོར་སྲོག་ཆགས་ཚེ་ཐར་བཏང་བ།

འགྲོ་ཕན་སྨན་རྩིས་ཁང་གི་མིང་དུ་བརྫུས་ཏེ་ནད་པ་བསླུ་བྲིད་བྱེད་པའི་གནས་ཚུལ།

ཁ་ལོ་བ་གཅིག་དང་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།

ཆོད་གན་ལས་མི་སྐྱེས་པ་གཉིས་དང་བུད་མེད་གསུམ་གྱི་ས་མིག་གསལ་བསྒྲགས།

ལེའུ་དང་པོ། ཀླད་དོན་གླེང་སློང་བ།

ལེའུ་གཉིས་པ། རླུང་ནད་གསོ་བ།

ལེའུ་གསུམ་པ། མཁྲིས་པའི་ནད་གསོ་པ།