སྨན་རྩིས་དྲ་བ། - མན་ངག་རྒྱུད།

ལེའུ་བཞི་བཅུ་པ། རྒྱུ་མའི་ནད་གསོ་བ།

བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 26.08.2011
མན་ངག་རྒྱུད། >> ལེའུ་བཞི་བཅུ་པ། རྒྱུ་མའི་ནད་བཅོས་པ།

ལེའུ་བཞི་བཅུ་པ་རྒྱུ་མའི་ནད་གསོ་བ་ལ་གསུམ། ཉན་པར་གདམས་པ་དང༌། གཞུང་དོན་བཤད་པ་དང༌། ལེའུའི་མཚན་བསྟན་པའོ། །དང་པོ་ནི། དེ་ནས་ཞེས་རྐང་པ་གཉིས་ཀྱིས་བསྟན་ནོ། གཉིས་པ་ལ་གཉིས་མདོར་རྒྱས་སོ། །དང་པོ་ནི། རྒྱུ་མའི་ཞེས་རྐང་པ་གཉིས་ཀྱིས་བསྟན་ཏེ། དེ་ཡང་རྒྱུ་མའི་ནད་ཀྱི་རྒྱུ་རྐྱེན་ལྷན་ཅིག་ཏུ་བསྟན་པ་དང༌། དེ་བཞིན་དུ། དབྱེ་བ་དང༌། རྟགས་དང་བཅོས་ཐབས་ཏེ་བཞིའོ། །གཉིས་པ་རྒྱས་པར་བཤད་པ་ལའང་བཞི་ལས།

        དང་པོ་ནི། རྒྱུ་ནི་ཞེས་རྐང་པ་གཉིས་ཀྱིས་བསྟན་ཏེ། དེ་ཡང་རྒྱུ་ནད་ཀྱི་རྒྱུ་ནི། ཟས་དང་སྤྱོད་ལམ་མི་འཕྲོད་པ་དང༌། དྲག་ཤུལ་གྱི་ལས་སོགས་ཀྱིས་འདུ་བ་འཁྲུགས་པས་རྒྱུ་མའི་ནད་དུ་བབས་པར་གྱུར་པའོ། །གཉིས་པ་དབྱེ་བ་བཤད་པ་ནི། དབྱེ་བ་ཞེས་རྐང་པ་གཉིས་ཀྱིས་བསྟན་ཏེ། དེ་ཡང་རླུང་ལྡན་ལ་རྒྱུ་ཁྲོལ་རྒྱུ་འཁྲིལ་གཉིས། བད་ཀན་གྱི་རྒྱུ་འགྱིངས་གཅིག ཁྲག་མཁྲིས་ལྡན་པ་ལ་རྒྱུ་འགགས་དང་རྒྱུ་གཟེར་གཉིས་ཏེ་ལྔའོ། །གསུམ་པ་ནི། རྒྱུ་འཁྲོལ་ཞེས་རྐང་པ་བཅུས་བསྟན་ཏེ། རྒྱུ་འགྱིངས་ཀྱི་ན་འགྱུར་ནི་ཅུད་ཟད་ཧྲིལ་གྱིས་འགྲོ་བ་སྙམ་བྱེད་པའོ། །བཞི་པ་བཅོས་ཐབས་བཤད་པ་ནི། བཅོས་ཐབས་ཞེས་རྐང་པ་བཅུ་གཅིག་དང་འབྲུ་གསུམ་གྱིས་བསྟན་ཏེ། དེ་ཡང་རྒྱུ་འཁྲིལ་གྱི་མདུན་རྒྱབ་གསང་ནི། མདུན་གསང་ལྟེ་འོག་མཚོན་གང་ཁ་གསུམ་མོ། །རྒྱབ་གསང་ནི་ཚིགས་པ་བཅུ་བདུན་པའོ། །རྒྱུ་འགྱིངས་ཀྱི་ཚ་སྣ་ནི། ཚ་སྣ་ཚོགས་ཚད། ལྕུམ་རྩའི་བཤལ་ནི། ལྕུམ་རྩ་དང༌། ཨ་རུ་ར་དང༌། རྒྱམ་ཚྭ་དང་པི་པི་ལིང་རྣམས་སྦྱར་བའི་བཤལ་བྱའོ། །གསུམ་པ་ལེའུའི་མཚན་ནི། བདུད་རྩི་ཞེས་པ་ནས་བཞི་བཅུ་པའོ་ཞེས་པས་བསྟན་ནོ།།

 

 

མཐའ་མའི་འདོན་ཐེངས་།: 26.08.2011 ཉིན། 2:12 PM

<< སྔ་མ།

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

ཆོས་རིག་དྲུང་ཆེ་སྐུ་ཚེ་མ་ཟིན་པའི་ཡིད་སྐྱོའི་གནས་ཚུལ།

སྤྱི་ཁྱབ་འགན་འཛིན་མཆོག་གི་གསུང་བཤད།

འགྲོ་ཕན་བོད་ཀྱི་སྨན་རྩིས་ཁང་དབུ་བརྙེས་པའི་དུས་དྲན་མཛད་སྒོ་སྲུང་བརྩི།

ཞབས་ལོ་ ༤༠། ༣༠། ༢༠། ལོན་པ་རྣམས་ཀྱི་ངོ་སྤྲོད།

སྨན་རྩིས་འབུམ་རམས་པ་དང་ཉེ་བའི་འབུམ་རམས་པར་ཕྱག་ཁྱེར་བསྩལ།

ཐོན་ཟོག་ཁྲལ་འབབ་སྡེ་ཚན་གྱིས་ཆེ་བསྟོད་གནང་།

བོད་ཡིག་མིང་བྱང་ལ་འགྱུར་བཅོས་བཏང་བ།

ཅོན་ཏ་ར་སྨན་སྦྱོར་སྡེ་ཚན་དུ་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།

བརྟན་བཞུགས་སྔོན་འགྲོའི་རིམ་གྲོར་སྲོག་ཆགས་ཚེ་ཐར་བཏང་བ།

འགྲོ་ཕན་སྨན་རྩིས་ཁང་གི་མིང་དུ་བརྫུས་ཏེ་ནད་པ་བསླུ་བྲིད་བྱེད་པའི་གནས་ཚུལ།

ཁ་ལོ་བ་གཅིག་དང་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།

ཆོད་གན་ལས་མི་སྐྱེས་པ་གཉིས་དང་བུད་མེད་གསུམ་གྱི་ས་མིག་གསལ་བསྒྲགས།

ལེའུ་དང་པོ། ཀླད་དོན་གླེང་སློང་བ།

ལེའུ་གཉིས་པ། རླུང་ནད་གསོ་བ།

ལེའུ་གསུམ་པ། མཁྲིས་པའི་ནད་གསོ་པ།