སྨན་རྩིས་དྲ་བ། - འབྱུང་རྩིས་ཟླ་ཟེར་གྱི་མཆན་འགྲེལ།

ལེའུ་བཞི་པ། གི་གོང་མཐུན་སྦྱོར་བཤད་པ།

བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 04.08.2015
འབྱུང་རྩིས་ཟླ་ཟེར་གྱི་མཆན་འགྲེལ། >>

 


ལེའུ་བཞི་པ། གི་གོང་མཐུན་སྦྱོར་བཤད་པ།

དེ༌ནས༌མཐུན༌སྦྱོར༌གཉེན༌རྩིས༌ལ། །དང་པོ་སྡོམ་ཚིག་ནི། སྲོག་ ལུས་ དབང་ཐང་ རླུང་རྟ་ དང་། །འབྱུང་བའི་སྤུན་གྲངས་བཙས་ཟླ་ དང་། །ཕོ་མོའི་སྐྱེས་སྤར་ཁ་༧ གཉིས་ཀྱི་རང་ཁམས་༨་ དང་མ་ཁམས་ དང་། །སྲོག་༡༠ སྨེ་ལུས་༡༡ སྨེ་དབང་༡༢ སྨེ་ཀླུང་༡༣ སྨེ་བཅས་སྨེ་བ་ཡི། །གི་གོང་བཞི་སྟེ་མཐུན་སྦྱོར་གྱི། །རྡེ་འུ་བཅུ་གསུམ་འབོར་བར་བྱ། ། 

དང་པོ་སྐྱེས་པ་བུད་མེད་ཀྱི། །སྲོག་གཉིས་འགྲོགས་ཡུན་བརྟག་འཐབ་པའི་རྡེ་འུ་གཅིག །དེ་བཞིན་ལུས་བུ་ཚ་བརྟག་དང་དབང་ཐང་ནོར་བརྟག་དང་། །ཀླུང་རྟ་གཉིས་མི་ཁའི་བྱམས་སྡང་བརྟག་འཐབ་རྡེ་འུ་རེ། །དེ་རྣམས་སྲོག་ཀླུང་སྐྱེས་པས་བུད་མེད་དང་། །ལུས་དབང་བུད་མེད་ཀྱིས་ཀྱང་སྐྱེས་པ་ལ། །ཕན་ཚུན་འཐབ་པའི་རྡེལ་ཚར་གཉིས། །དེ་ཡང་སྲོག་ཀླུང་སྐྱེས་པ་གཅེས་བུད་མེད་ཀྱིས་ཕར་སྐྱོབ་དགོས། །ལུས་དབང་བུད་མེད་གཅེས་པར་བཟུང་སྐྱེས་པ་སྐྱོབ་དགོས །དེ་ལས་འབྱུང་བའི་སྤུན་གྲངས་བརྩི། །སྤུན་གྱི་སེམས་མཐུན་མི་མཐུན་བརྟག ཤིང་གཅིག་ས་གཉིས་ཆུ་ལ་གསུམ། །མེ་བཞི་ལྕགས༌ལ་རྡེ་འུ་ལྔ། །ར་བསེ་ཆ་མཐུན་མི་མཐུན་རྡེལ་གྲངས་མཉམ་དང་སུ་རྒྱལ་བརྟག །དེ་བཞིན་སྐྱེས་ཟླའི་སྲོག་གསོན་འབྲལ་ཡོང་མི་ཡོང་བརྟག་གཉིས་དང་། །སྤར་ཁ་ལི་ཁམ་ཀུན་ལ་ཁྱབ་པར་བརྟག་གང་སྐྱེས་སྤར་ཁ་གཅིག་པ་ནང་སྡེབས་ངན་ཁམས་གཉིས་དང་། །སྔོན་ལ་གང་འཆི་རང་རུས་ཁམས་གཉིས་དང་མ་ཡི་རུས་ཁམས་བྱི་བོ་ཕོ་མོའི་སྐྱོན་ཡོན་གཉིས། །གཅོད་འདྲལ་འཐབ་པའི་རྡེ་འུ་བོར། །འདི་དག་བརྩི་ཚུལ་ལུགས་མང་ཡང་། །རྩ་བའི་རང་འབྲེལ་ཉི་ཤུ་བར། །འབྱུང་བ་གསོ་བསྐྱེད་དགྲ་གྲོགས་ཀྱིས། །གཉེན་སྦྱོར་གཏན་ལ་དབབ་པར་བྱ། །ཞེས་གསུངས་འདི་ལ་ཚད་མ་ཡིན། །

དེ་ནས་གི་གོང་རྣམ་བཞི་ནི། །ཡར་བཞི་སྲོག་སྨེ་བཟང་ན་ནམ་མཁའ་སྤྲིན་བྲལ། རང་སྐྱེས་ལུས་སྨེ་སྤྲིན་འོག་ཉི་ཤར། མར་བཞི་དབང་སྨེ་ས་ལ་ཞག་ཆགས་དང་། །མཐུན་གསུམ་ཀླུང་སྨེ་དཔལ་གྱི་ཆུ་མིག་བརྡོལ་བ་འདྲ། བཞི་པོ་ངོས་བཟུང་སྟེ། །དེའི་དུས་ངན་ན་རིམ་པར། སྤྲིན་འཐིབས། ཉི་མ་ནུབ། ས་ཞག་བོ། ཆུ་མིག་སྐམ་ཞེས་སྦྱོར་རོ།། ལི་ལ་དགུ་དམར་སོགས་སྤར་སྨེ་ལྟག་སྤྲད་ཕན་ཚུན་སྲོག་འཚོ་སོགས། །བརྩིས་པའི་རྡེལ་བཞི་བོར་བར་བྱ། །སྐྱེས་པ་ལྔ་མེད་གཉིས་དང་ནི། །བུད་མེད་ལྔ་མེད་བདུན་ལ་བརྩི། །དེ་རྣམས་གསལ་སྒྲོན་རྩ་བ་ཡི། །རྡེ་འུ་བཅུ་གསུམ་འབོར་ལུགས་ཏེ། །གཞན་དུ་མཁས་པའི་ཕྱག་བཞེད་ལ། །རྐྱང་ཁུག་ ཎི་ཤའི་ངོས་འཛིན་མཛད། །དང་པོ་རྐྱང་པ་ཕོ་མོ་ཡི། །སྔར་གྱི་སྲོག་སོགས་འཐབས་པ་དེ་དང་ཁུག་པ་གཉིས་ནི། །སྔར་གྱི་སྤར་སྨེ་སྤྲད་དེ་ཡིན། །གལ་ཏེ་དེ་ལ་མ་མཐུན་ན། ། 

གསང་བ་ཡང་ཁུག་བརྩི་བར་མཛད། །དེ་ནི་འདི་ལྟར་སྐྱེས་པའི་སྨེ་བ་རང་སར་བཞག །བུད་མེད་སྨེ་བ་འགུགས་པ་ནི། །གཅིག་ནི་གཉིས་ལ་གཉིས་ནི་གཅིག །དཔེར་ན་གཅིག་གི་ཤུལ་དུ་གཉིས་བྲི། གཉིས་ཀྱི་ཤུལ་དུ་གཅིག་བྲི་བ་ལྟ་བུའོ།། གསུམ་ནི་དགུ་ལ་དགུ་ནི་གསུམ། །བཞི་ནི་བརྒྱད་ལ་བརྒྱད་ནི་བཞི། །དྲུག་བདུན་མི་འགུགས་དེ་རྗེས་སུ། །སྤར་སྨེ་སྟག་སྤྲད་སྔར་བཞིན་བརྩི། །

གསུམ་པ་ཎི་ཤ་རྩི་བ་ནི། །སྐྱེས་པ་ཕོ་ལོ་ཡར་རྒན་པ་དང་། །བུད་མེད་མོ་ལོ་ན་གཞོན་གཉིས། །བཟང་ཞིང་གོ་ལྡོག་ངན་པ་སྟེ་མོ་འཕེལ་མོ་ཁ་གཙོ། །འདི་དང་ཕོ་མོའི་སྐྱེས་ཟླ་ཡི། །སྲོག་སོགས་དར་གུད་བརྩི་བ་གཉིས། །རང་འགྲེལ་ཉི་ཤུ་པ་ལས་གསུངས། །དེ་དག་ལེགས་པར་བརྩིས་ནས་ཀྱང་། །འགྲེལ་པའི་ལེའུ་བཞི་པ་ཡི། །ལེགས་ཉེས་འབྲས་བུ་སྟངས་བཅད་དོ། །དེ་ཉིད་ལམ་དུ་འཇུག་པ་ན། །བྱུར་ཐག་ཉི་ཤུ་བཅད་པ་དང་། །བརྫང་ལུགས་བཅུ་ཡིས་རྫོང་བ་དང་། །དགོས་པའི་མི་ལྔ་བསྟན་པ་གསུམ། །

དང་པོ་བྱུར་ཐག་ཉི་ཤུ་ནི། །ལྡིང་ནག་ཆེ་བ་མ་ཡིས་བག་བྱས་ལོ་གྲངས་ལ་བུ་མོས་བག་བྱས་པ། ལྡིང་ནག་འབྲིང་བ་མི་ཡི་བག་བྱས་སྨེ་བར་བུ་མོས་ཕྱིན་པ། ལྡིང་ནག་ཆུང་བ་མ་ཡིས་བག་བྱས་སྤར་ཁར་བུ་མོས་ཕྱིན་པ་ཡིན། ཁ་ཉེས་བག་མ་ནི་བྱི་ཕག་ཁོན་ཐོག་ནས་འགྲོ་བ་ལྟ་བུ། ཡི་མུག་ནི་སྤར་ཁ་རང་སྟེང་ནས་འགྲོ་བ། ཟོང་ཐལ་ནི་ཕོ་མོ་འཐབ་པའི་ཕྱོགས་ནས་འགྲོ་བ་སྟེ། ལི་ཁམ་དྭ་ཟིན་སོགས། ལྟས་ངན་ཆེན་པོའི་བག་མ་ནི་བག་མ་རང་ཀེག་ཐོག་འགྲོ་བ། ལྟས་ངན་འབྲིང་པོ་ནི་མདུན་ཟུར་ལ་བབས་དུས་འགྲོ་བ། ལྟས་ངན་ཆུང་བ་དགུ་དུར་སྟེང་དུ་འགྲོ་བ། སྣ་ལ་སྤུ་གྲིའི་བག་མ་ནི་བག་མའི་སྲོག་གིས་གནམ་ལོ་གཅོད་པ། བདུན་དམར་ལ་སྐྱེས་དེ་ལ་བརྫངས། ཨེ་སྐྱོགས་ཐོགས་པ་གནམ་ལོའི་སྲོག་གིས་བག་མའི་སྲོག་གཅོད་པ། འགལ་མེ་ཀླད་བསྐོར་བག་མའི་ལུས་ཀྱིས་གནམ་ལོ་གཅོད་པ། གཉིས་ནག་ཁོན་སྟེང་ནས་འགྲོ་བ། རྒྱབ་ས་སྒྱེ་ཁུར་བ་གནམ་ལུས་ཀྱིས་བག་མ་གཅོད་པ། ལྔ་སེར་ཟིན་ཐོག་ནས་འགྲོ་བ། འཕྱག་ཤིང་ཐོགས་པ་བག་མའི་དབང་གནམ་ལོས་གཅོད་པ། བཞི་ལྗང་ལ་འདོམ་པ། ལྕགས་ཀྱུས་གཡང་ཁྱེར་ནི་གནམ་དབང་བག་མས་གཅོད་པ། སྤྱི་བོར་རྒྱ་ཟོར་བག་ཀླུང་གིས་གནམ་ལོ་གཅོད་པ། ཁྲམ་ཤིང་ཁྱེར་བ་གནམ་ལོས་བག་ཀླུང་གཅོད་པ། ལྡིང་ནག་ཆེ་འབྲིང་ཆུང་བ་གསུམ། །ཁ་ཉེས་ཡི་མུག་གཟོང་བརྡར་གསུམ། །ལྟས་ངན་ཆེ་འབྲིང་ཆུང་བ་གསུམ། །སྣ་ལ་སྤུ་གྲི་ལག་ཨེ་སྐྱོགས། །འགལ་མེ་ཀླད་ཀོར་རྒྱབ་ས་སྒྱེ། །འཕྱགས་ཤིང་ལག་ཐོགས་རྟིང་ལྕགས་ཀྱུ། །སྤྱི་བོར་རྒྱ་ཟོར་ཁྲམ་ཤིང་མཇུག །ཁྱོ་འཆི་བ་དང་རབས་ཆད་དང་། །བྱེ༌བྲལ་ཉི་ཤུ་བཅད་པར་བྱ། །ལོ་འགྲོས་བསྡེབས་ཚུལ་དང་པོ་བྱི་ནལ་དཀར་ནག་ཁྲ་གསུམ་དང་། སྙིང་ཉེ། བུ་མང་། ཕྱུག་བཙན། སྒབ་ཆད། ནང་གསེས་བཅས་བཟང་བཞི་ཁ་ཡན་སོགས། རབས་ཆད། སྒབ་ཆད། བྱེ་བྲལ། གསོ་དཀའ། ས་སྒོ། ཕུང་དྲུག འཇིགས་དྲུག ལྟས་ངན་བཅས་ངན་པ་བཅུ་གཉིས། ལོ་ངན། གསུམ་འདོམ། ཕྱི་གཟའ། ནང་སྡེབས། ལོ་སྐར། ཐུན་གསུམ་བཟང་ངན་བཅས།

གཉིས་པ་རྫོང་ལུགས་བཅུ་ནི་ལོ་སྨེ་སྤར་ཁ་དང་། །དར་གུད་ཟླ་བ་ཞག་དང་དུས། །གཟའ་སྐར་ས་བདག་བཅུ་ཡིས་རྫོང་། །

གསུམ་པ་དགོས་པའི་མི་ལྔ་ཡང་། །མཉེ་བོ་མཐུན་གསུམ་ལོ་པ་དང་། །དེ་ཡང་བག་མ་དང་ལུས་མཐུན་རང་ངམ་གྲོགས་མདོག་རྟ་ཁྲིད་སྲོག་མས་བྱ། །སྲོག་མཐུན་ཟླ་མོ་སྲོག་གྲོགས་སམ། །དབང་ཐང་མ་ཡིས་རྒྱན་འདོགས་མཁན་ཡང་ཟས་དྲངས་ ལ། །བདུན་ཟུར་དགྲ་ལོས་ཆུ་གླང་ལ་ས་ལུག་ལྟ་བུ་སྣ་ཚོགས་བྱ། །འཇོག་ས་ཀ་རྩ། གོ་ཁ སྒོ་རྒྱབ། ཐོག་མེད་མིན་སར། རྒྱས་པར་རིན་ཆེན་འགྲོ་ལམ་དང་། །འགྲེལ་པའི་ལེ་འུ་ལྔ་པ་སོགས། །ཞིབ་མོར་བལྟས་ཏེ་གཏན་ལ་དབབ། །

འབྱུང་རྩིས་མན་ངག་ཟླ་བའི་འོད་ཟེར་ལས། །གི་གོང་མཐུན་སྦྱོར་བཤད་པའི་ལེའུ་སྟེ་བཞི་པའོ།། །།

མཐའ་མའི་འདོན་ཐེངས་།: 21.08.2015 ཉིན། 2:20 PM

<< སྔ་མ།

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

ཐོན་ཟོག་ཁྲལ་འབབ་སྡེ་ཚན་གྱིས་ཆེ་བསྟོད་གནང་།

བོད་ཡིག་མིང་བྱང་ལ་འགྱུར་བཅོས་བཏང་བ།

ཅོན་ཏ་ར་སྨན་སྦྱོར་སྡེ་ཚན་དུ་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།

བརྟན་བཞུགས་སྔོན་འགྲོའི་རིམ་གྲོར་སྲོག་ཆགས་ཚེ་ཐར་བཏང་བ།

འགྲོ་ཕན་སྨན་རྩིས་ཁང་གི་མིང་དུ་བརྫུས་ཏེ་ནད་པ་བསླུ་བྲིད་བྱེད་པའི་གནས་ཚུལ།

ཁ་ལོ་བ་གཅིག་དང་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།

ཆོད་གན་ལས་མི་སྐྱེས་པ་གཉིས་དང་བུད་མེད་གསུམ་གྱི་ས་མིག་གསལ་བསྒྲགས།

ལེའུ་དང་པོ། ཀླད་དོན་གླེང་སློང་བ།

ལེའུ་གཉིས་པ། རླུང་ནད་གསོ་བ།

ལེའུ་གསུམ་པ། མཁྲིས་པའི་ནད་གསོ་པ།

ལེའུ་བཞི་པ། བད་ཀན་གྱི་ནད་བཅོས་པ།

ལེའུ་ལྔ་པ། འདུས་པའི་ནད་གསོ་བ།

ལེའུ་དྲུག་པ། མ་ཞུ་བ་གསོ་བ།

ལེའུ་བདུན་པ། གཅོང་ཆེན་སྐྲན་ནད་བཅོས་པ།

ལེའུ་བརྒྱད་པ། སྐྱ་རྦབ་ཀྱི་ནད་གསོ་བ།