སྨན་རྩིས་དྲ་བ། - མན་ངག་རྒྱུད།

ལེའུ་བཅོ་བརྒྱད་པ། གབ་པའི་ཚ་བ་བཅོས་པ།

བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 29.08.2011
མན་ངག་རྒྱུད། >> ལེའུ་བཅོ་བརྒྱད་པ། གབ་པའི་ཚ་བ་བཅོས་པ།

ལེའུ་བཅོ་བརྒྱད་པ་གབ་ཚད་བཅོས་པ་ལ་གསུམ། ཞུས་ཤིང་མདོར་བསྟན་མཚམས་སྦྱོར། དེ་ལན་ལེའུའི་གཞུང་དོན། གཞུང་རྫོགས་ལེའུའི་མཚན་དང་གསུམ་ལས། དང་པོ་ནི། དེ་ནས་ཞེས་རྐང་པ་དྲུག་གིས་བསྟན་པའོ། གཉིས་པ་ལ་བདུན། གབ་ཚད་ཀྱི་རྒྱུ་དང༌། རྐྱེན་དང༌། ངོ་བོ་དང༌། མིང་གི་རྒྱུ་མཚན། དབྱེ་བ་དང༌། རྟགས་དང༌། བཅོས་ཐབས་སོ། །དང་པོ་ནི། གབ་པའི་ཚད་པའི་རྒྱུ་ནི་གྲང་རླུང་ཡིན། ཞེས་རྐང་པ་གཅིག་གོ །གཉིས་པ་རྐྱེན་ལ་གཉིས། མདོར་རྒྱས་སོ། །དང་པོ་ནི། དེ་ལ་ཞེས་རྐང་པ་གཉིས་ཀྱིས་བསྟན་པ་ལ་རང་བཞིན་གནས་རྐྱེན་གསུམ་ལས། དང་པོ་ནི། ཡུལ་དུས་ཞེས་རྐང་པ་བཞིས་བསྟན་ནོ། །གཉིས་པ་ནི། གནས་ཀྱིས་ཞེས་རྐང་པ་གསུམ་གྱིས་བསྟན་ནོ། །གསུམ་པ་ནི། རྐྱེན་གྱིས་ཞེས་རྐང་པ་གསུམ་གྱིས་བསྟན་ནོ། །གསུམ་པ་ངོ་བོ་ནི། གབ་པའི་ཞེས་རྐང་པ་གསུམ་གྱིས་བསྟན་ཏེ། དེ་ཡང་གབ་པའི་ཚ་བའི་ངོ་བོ་ནི། ནང་དུ་མེ་ཕྱི་ནས་ཐལ་བ་གྲང་མོས་སྦས་པ་ལྟར་ནང་གི་ཚ་བ་མེ་ལྟ་བུ་གྲང་རླུང་གཉིས་ཀྱི་མགོ་བྱིབས་ནས་བག་ལ་ཉལ་བའོ། །བཞི་པ་མིང་གི་རྒྱུ་མཚན་ནི། ཕྱི་གྲང་ཞེས་རྐང་པ་གཅིག་སྟེ། དེ་ཡང་ཕྱི་གྲང་བའི་ནང་ན་ཚ་བ་གབ་པས་གབ་ཅེས་བྱ་སྟེ། གབ་མཁན་ནི་གྲང་བའི་འོག་ཏུ་ཚ་བ་གབ་པའོ། །ལྔ་པ་དབྱེ་བ་ལ་གཉིས། མདོར་རྒྱས་སོ། །དང་པོ་ནི། དབྱེ་བ་ཞེས་རྐང་པ་བཞིས་བསྟན་ཏེ། དེ་ཡང་ཚ་བའི་སྟོབས་ཅན་དང་གྲང་བའི་སྟོབས་ཅན་གཉིས། གནས་ཕོ་བ་དང་མཁལ་མ་དང་སྙིང་གསུམ་སྟེ་ལྔའོ། །དྲུག་པ་རྟགས་ལ་གཉིས། མདོར་རྒྱས་སོ། །དང་པོ་ནི། བརྟག་ཐབས་ཞེས་རྐང་པ་གསུམ་གྱིས་བསྟན་ཏེ། དེ་ཡང་རྟགས་ལ་ནད་ངོས་བཟུང་བ། རྩ་ཆུས་མཚང་འབྲུ་བ། གཏར་གྱིས་ཕུགས་གཏུག་པ། ཟས་སྨན་གྱིས་མགོ་ཕུར་བཤུས་པ་སྟེ་བཞི་ལས། དང་པོ་ལ་གཉིས། མདོར་རྒྱས་སོ། དང་པོ་ནི། རྟགས་ཀྱི་ཞེས་རྐང་པ་གཅིག་གིས་བསྟན་པ་ལ་སྤྱི་དང་བྱེ་བྲག་གཉིས་ལས། །དང་པོ་ལ་གཉིས། མདོར་རྒྱས་སོ། །དང་པོ་ནི། སྤྱི་ལ་ཞེས་རྐང་པ་གཅིག་གིས་བསྟན་པ་ལ་ཚ་བ་དང་གྲང་བ་གཉིས་སོ། །དང་པོ་ནི། ཚ་སྟོབས་ཞེས་རྐང་པ་བརྒྱད་ཀྱིས་བསྟན་ནོ། །གཉིས་པ་ནི། གྲང་སྟོབས་ཞེས་རྐང་པ་བཞིས་བསྟན་ནོ། །གཉིས་པ་ལ་གསུམ། སྙིང་དང་ཕོ་བ་དང་མཁལ་མ་རྣམས་ལ་གབ་པའི་རྟགས་སོ་སོར་བསྟན་པའོ། །དང་པོ་ནི། བྱེ་བྲག་ཅེས་རྐང་པ་བཞིས་བསྟན་ནོ། །གཉིས་པ་ནི། ཕོ་བར་ཞེས་རྐང་པ་གསུམ་གྱིས་བསྟན་ནོ། །གསུམ་པ་ནི། མཁལ་མར་ཞེས་རྐང་པ་གསུམ་གྱིས་བསྟན་ནོ། །གཉིས་པ་ནི། དེ་ལྟར་ཞེས་རྐང་པ་དྲུག་གིས་བསྟན་ནོ། །གསུམ་པ་ནི། དེ་ལ་ཞེས་རྐང་པ་དྲུག་གིས་བསྟན་ནོ། །བཞི་པ་ལ་གཉིས། སྤྱིར་བསྟན་པ་དང༌། དམིགས་བསལ་གཉིས་སོ། དང་པོ་ནི། ངེས་ཤེས་ཞེས་རྐང་པ་གཅིག་གིས་བསྟན་པ་ལ་གོང་གི་དེ་རྣམས་ལ་ཡིན་ངེས་པའི་ཤེས་པ་མ་སྐྱེས་ན་གྲང་བའི་མགོ་ཕུར་རམ་མགོ་བཏུམས་བཤུ་བ་གཉིས་ཏེ། ཟས་དང་སྨན་ནོ།།

        དང་པོ་ནི། དང་པོ་ཞེས་རྐང་པ་བཞིས་བསྟན་ནོ། །གཉིས་པ་ལ་གཉིས། སྤྱི་དང་ཁྱད་པར་རོ། །དང་པོ་ནི། དེ་རྗེས་ཞེས་རྐང་པ་བཞིས་བསྟན་ནོ། །གཉིས་པ་ལ་གསུམ། དཔེའི་སྒོ་ནས་དམིགས་རྣམས་བཀོད་པ་དང༌། དོན་དང་སྦྱར་ནས་ལག་ཏུ་ལེན་པ་དང༌། རྟགས་དང་སྦྱར་ནས་ངེས་ཤེས་བསྐྱེད་པའོ། །དང་པོ་ནི། ཁྱད་པར་ཞེས་རྐང་པ་གཅིག་གིས་བསྟན་པ་ལ། དེ་ཡང་ཁྱད་པར་གྱི་མགོ་ཕུར་བཤུ་བ་ནི། དཔེར་ན་དངོས་པོ་ཞིག་སྦས་པའམ་བརྐུས་པའམ་གབ་ནས་འཚོལ་བ་ལ་དེ་ཡོད་པར་སྣ་འཁྲིད་པའི་ལམ་རྒྱུས་མཁན་དང་ནང་ཡན་པས་འདི་ལ་ཡོད་ཅེས་པའམ་ནང་མི་རྒྱུས་ཡོད་པ་དང༌། ཕུགས་སུ་འཚོལ་མཁན་གསུམ་འཛོམ་ན་གང་ཡང་རྙེད་པ་ལྟར་འདིར་ཡང་དེ་གསུམ་མོ། །གཉིས་པ་ནི། རང་གནས་ཞེས་རྐང་པ་དགུས་བསྟན་ཏེ། དེ་ཡང་རང་གནས་སུ་སྣ་ཁྲིད་བཟང་པོ་གསུམ་ནི་སྙིང་ལ་སྣ་ཁྲིད་ཛཱ་ཏི། མཁལ་མར་སྣ་ཁྲིད་སུག་སྨེལ། ཕོ་བར་སྣ་ཁྲིད་ཀ་ཀོ་ལ་གསུམ་མོ། །གསུམ་པ་ནི། དང་པོར་ཞེས་རྐང་པ་བཞིས་བསྟན་ནོ། བདུན་པ་བཅོས་ཐབས་བཤད་པ་ལ་གཉིས། མདོར་རྒྱས་སོ། །དང་པོ་ནི། བཅོས་པའི་ཞེས་རྐང་པ་གཅིག་གིས་བསྟན་ཏེ། སྤྱིའི་བཅོས་ཚུལ་དང་བྱེ་བྲག་གི་བཅོས་ཚུལ་གཉིས། དང་པོ་ལ་གཉིས་མདོར་རྒྱས་སོ། །དང་པོ་ནི། སྤྱི་ལ་ཞེས་རྐང་པ་གཅིག་གིས་བསྟན་ཏེ། བཅོས་ཚུལ་བཤད་པ་དང་གཉེན་པོ་བཤད་པའོ། །དང་པོ་ནི། བཅོས་ཚུལ་ཞེས་རྐང་པ་གསུམ་གྱིས་བསྟན་ཏེ། དེ་ཡང་གབ་ཚད་ཀྱི་བཅོས་ཚུལ་ནི། རྐུན་ཆེན་ཕུགས་སུ་ཞུགས་པ་སྟེ། དང་པོར་རྐུན་ཆེན་མཛོད་ཕུགས་སུ་བཅུག་པས་ཆས་དབྱེ་བསལ་བྱས་ནས། ནང་དུ་ཟ་འོས་པ་ཟ། ཕྱི་རུ་འདོན་འོས་པ་འདོན་པ་ལྟར། འདིར་གཉེན་པོ་བསིལ་འཇམ་བསྟེན་པས། ཚ་བ་ཁོང་དུ་གསོད་ཕྱིར་འཕུལ་ནད་ཁྲག་འབྱེད། བར་དུ་དུ་བ་འཁྱིམས་པ་ལ་དུད་ཁྱབ་རྒྱ་དཀར་རམ་མཐོང་དཀར་ཕྱེ་བས་འདོན་པ་ལྟར་གཏར་བཤལ་གྱིས་འདོན་ནོ། །ཐ་མར་མེ་སྟག་ཕྲ་མོ་ཆུ་ཡིས་བྲན་པ་ལྟར་བསལ་སྨན་བསྲིང་བ་སྟེ་ནད་ཀྱི་གནས་སྐབས་ལ་བལྟོས་པའི་བཅོས་ཚུལ་གསུམ་མོ། །གཉིས་པ་ལ་གཉིས། ཀུན་རྒྱུག་གི་གཉེན་པོ་སྤྱིར་བསྟན་པ་དང༌། བྱེ་བྲག་སོ་སོའི་གཉེན་པོ་བསྟན་པའོ། །དང་པོ་ལ་གཉིས། མདོར་རྒྱས་སོ། །དང་པོ་ནི། གཉེན་པོ་ཞེས་རྐང་པ་གཅིག་སྟེ། དེ་ཡང་སྨན་དཔྱད་ཟས་སྤྱོད་བཞིའོ། །གཉིས་པ་ལ་གསུམ་ལས། དང་པོ་དབྱེ་བསད་འཕུལ་བའི་ཟས་སྨན་དང་སྤྱོད་ལམ། བར་དུ་དབྱུང་བ་དཔྱད་དང་ལས། ཐ་མ་ཉམས་པ་སྤེལ་ནས་བཅོས་པའོ། །དང་པོ་ལ་གཉིས། སྨན་དང་ཟས་སྤྱོད་དོ། །དང་པོ་ལ་གཉིས། མདོར་རྒྱས་སོ། །དང་པོ་ནི། སྨན་གྱིས་ཞེས་རྐང་པ་གཅིག་གིས་བསྟན་ཏེ། དེ་ཡང་ཐང་དང་ཕྱེ་མ་གཉིས་སོ། །དང་པོ་ནི། ཐང་སྦྱོར་ཞེས་རྐང་པ་བཞིས་བསྟན་ནོ། །གཉིས་པ་ནི། དེ་རྗེས་ཞེས་རྐང་པ་བཅུ་གཅིག་གིས་བསྟན་ཏེ། ཚ་བ་རབ་འབྲིང་དང་སྙིང་མཁལ་མ་ཕོ་བ་གནས་དང་བརྟེན་ནས་སྦྱར་བ་སྟེ། ཚ་བ་རབ་སྙིང་ལ་བབས་པ་ལ། ག་བུར་ཨ་ཀ་རུ་སོགས་ཀྱི་སྦྱོར་བ་གོང་མ་བསྟེན། ཚ་བ་འབྲིང་དང་མཁལ་མར་བབས་པ་ལ། ཙན་དན་གི་ཝང་སོགས་སྦྱོར་སྡེ་འབྲིང་པོ་བསྟེན། ཐ་མར་ཕོ་བར་བབས་པ་ལ། གུར་གུམ་ཅུ་གང་སོགས་སྦྱོར་སྡེ་ཐ་མ་བསྟེན་ནོ། །ནང་ཡན་པི་པི་ལིང་བཞག་པའོ། །གཉིས་པ་ནི། ཁ་ཟས་ཞེས་རྐང་པ་གསུམ་གྱིས་བསྟན་ནོ། །གཉིས་པ་ནི། དེ་ཡི་ཞེས་རྐང་པ་བརྒྱད་ཀྱིས་བསྟན་ནོ། གསུམ་པ་ནི། ཐ་མ་ཞེས་རྐང་པ་དགུས་བསྟན་ཏེ། དེ་ཡང་དེ་རྗེས་བྱེ་བྲག་གང་བབས་གསང་ཁ་བསྡམ་པ་ནི། ཚ་བ་ཆོམས་པའི་རྗེས་སུ་དོན་སྣོད་གང་ལ་བབས་དང་ཁྱད་པར་ཕོ་མཁལ་སྙིང་གི་གསང་མེས་བསྡམ་མོ། །གཉིས་པ་ལ་བཞི། སྙིང་དང་ཕོ་བ་དང་མཁལ་མར་བབས་པ་བཅོས་པ་གསུམ་རྗེས་དྲོད་ཀྱིས་བཅད་པར་བསྡམ་པ་དང་བཞིའོ།

        དང་པོ་ནི། བྱེ་བྲག་ཅེས་རྐང་པ་བཅུ་གཅིག་གིས་བསྟན་ནོ། །གཉིས་པ་ནི། ཕོ་བར་ཞེས་རྐང་པ་བརྒྱད་ཀྱིས་བསྟན་ཏེ། སེ་འབྲུ་ལྔ་པ་དང༌། ད་ལིས་བདུན་པ་བདེ་བྱེད་ཆེན་པོ་ནི་ཕྱི་རྒྱུད་དུ་གསལ། ཁ་ཟས་ཁྲེའུ་ནི་བསིལ་དྲོད་སྤེལ་བའོ། །ཕོ་གསང་ནི་མདུན་གྱི་ཕོ་གསང་དགུ་དང་རྒྱབ་ཀྱི་ཚིགས་པ་བཅུ་གཉིས་པའོ། །གསུམ་པ་ནི། མཁལ་མར་ཞེས་རྐང་པ་དགུས་བསྟན་ཏེ། དེ་ཡང་དམར་པོ་བཞི་ནི་བཙོད་ཚོས་ཞུ་མཁན་འབྲི་མོག་བཞིའོ། །བཞི་པ་ནི། དེ་ལྟར་རྐང་པ་གཉིས་ཀྱིས་བསྟན་ནོ། །ཞེས་གསུངས་སོ། །གསུམ་པ་ལེའུའི་མཚན་ནི་བདུད་རྩི་ཞེས་པ་ནས་བཅོ་བརྒྱད་པའོ་ཞེས་པས་བསྟན་ནོ།།

 

 

མཐའ་མའི་འདོན་ཐེངས་།: 29.08.2011 ཉིན། 10:48 AM

<< སྔ་མ།

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

ཡན་ལག་སྨན་ཁང་གཉིས་ལ་ཁ་ལོ་བ་གཉིས་ཀྱི་ས་མིག་གསལ་བསྒྲགས།

སྨན་སྦྱོར་སྡེ་ཚན་དུ་ལས་མི་གྲངས་ ༡༡ ས་མིག་གསལ་བསྒྲགས།

ཆོས་རིག་དྲུང་ཆེ་སྐུ་ཚེ་མ་ཟིན་པའི་ཡིད་སྐྱོའི་གནས་ཚུལ།

སྤྱི་ཁྱབ་འགན་འཛིན་མཆོག་གི་གསུང་བཤད།

འགྲོ་ཕན་བོད་ཀྱི་སྨན་རྩིས་ཁང་དབུ་བརྙེས་པའི་དུས་དྲན་མཛད་སྒོ་སྲུང་བརྩི།

ཞབས་ལོ་ ༤༠། ༣༠། ༢༠། ལོན་པ་རྣམས་ཀྱི་ངོ་སྤྲོད།

སྨན་རྩིས་འབུམ་རམས་པ་དང་ཉེ་བའི་འབུམ་རམས་པར་ཕྱག་ཁྱེར་བསྩལ།

ཐོན་ཟོག་ཁྲལ་འབབ་སྡེ་ཚན་གྱིས་ཆེ་བསྟོད་གནང་།

བོད་ཡིག་མིང་བྱང་ལ་འགྱུར་བཅོས་བཏང་བ།

ཅོན་ཏ་ར་སྨན་སྦྱོར་སྡེ་ཚན་དུ་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།

བརྟན་བཞུགས་སྔོན་འགྲོའི་རིམ་གྲོར་སྲོག་ཆགས་ཚེ་ཐར་བཏང་བ།

འགྲོ་ཕན་སྨན་རྩིས་ཁང་གི་མིང་དུ་བརྫུས་ཏེ་ནད་པ་བསླུ་བྲིད་བྱེད་པའི་གནས་ཚུལ།

ཁ་ལོ་བ་གཅིག་དང་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།

ཆོད་གན་ལས་མི་སྐྱེས་པ་གཉིས་དང་བུད་མེད་གསུམ་གྱི་ས་མིག་གསལ་བསྒྲགས།

ལེའུ་དང་པོ། ཀླད་དོན་གླེང་སློང་བ།