སྨན་རྩིས་དྲ་བ། - མན་ངག་རྒྱུད།

ལེའུ་ང་ལྔ་པ། གཅིན་སྙི་བའི་ནད་གསོ་བ།

བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 24.08.2011
མན་ངག་རྒྱུད། >> ལེའུ་ང་ལྔ་པ། གཅིན་སྙི་བའི་ནད་གསོ་བ།

ལེའུ་ལྔ་བཅུ་རྩ་ལྔ་པ་གཅིན་སྙིའི་ནད་གསོ་བ་ལ་གསུམ། ཉན་པར་གདམས་པ་དང༌། གཞུང་དོན་བཤད་པ་དང༌། ལེའུའི་མཚན་བསྟན་པའོ། །དང་པོ་ནི། དེ་ནས་ཞེས་རྐང་པ་གཉིས་ཀྱིས་བསྟན་ནོ། །གཉིས་པ་ལ་གཉིས་མདོར་རྒྱས་སོ། །དང་པོ་ནི། གཅིན་སྙི་ཞེས་རྐང་པ་གཉིས་ཀྱིས་བསྟན་ཏེ། དེ་ལྟར་གཅིན་སྙི་ནད་ཀྱི་རྒྱུ་རྐྱེན་ལྷན་ཅིག་ཏུ་བསྟན་པ་དང༌། དེ་བཞིན་དུ། དབྱེ་བ། རྟགས་དང༌། བཅོས་ཐབས་བསྟན་པ་སྟེ་བཞིའོ། །གཉིས་པ་རྒྱས་པར་བཤད་པ་ལའང་བཞི་ལས། དང་པོ་ནི། རྒྱུ་རྐྱེན་ཞེས་རྐང་པ་གསུམ་གྱིས་བསྟན་ཏེ། རྒྱུ་དེ་བསྐྱེད་པར་བྱེད་པ་ནི། ལན་ཚྭ་དང་མངར་བ་དང་བསིལ་བའི་ཟས་ཧ་ཅང་བསྟེན་དྲགས་པ་དང༌། བརླན་ཆེ་སར་མལ་བཅས་པ་དང༌། འདུག་དྲགས་པ་དང༌། བད་ཚིལ་འཕེལ་བ་ཟུངས་སུ་མ་སྨིན་པར་གཅིན་དུ་བགས་ཀྱིས་ཟགས་པ་ནི་གཅིན་སྙི་ཟ་ཁུ་ཞེས་པའི་ནད་དུ་གྱུར་པའོ། །གཉིས་པ་དབྱེ་བ་བཤད་པ་ལ་གཉིས། མདོར་རྒྱས་སོ། །དང་པོ་ནི། དབྱེ་བ་ཞེས་རྐང་པ་གཅིག་གིས་བསྟན་པ་ལ་གསུམ་བད་མཁྲིས་རླུང་གསུམ་མོ། །གཉིས་པ་རྒྱས་པར་བཤད་པ་ལའང་གསུམ་ལས།       དང་པོ་ནི། བད་ཀན་ཞེས་རྐང་པ་གསུམ་གྱིས་བསྟན་ཏེ། དེ་ཡང་བད་ཀན་གྱི་ཟ་ཁུ་ལ་སྟེང་དྭངས་འོག་སྐ་བས་ཆད་འདྲ། དྲི་མ་མེད་པས་ཆུ་འདྲ། སྙོག་ཅན་སྦྱིན་བག་ཅན་སྨུག་པོ་བུ་རམ་ཤིང་ཁུ་འདྲ། ཞག་ལོན་ནས་སྐ་བར་འགྱུར་ཞིང་མདོག་དཀར་བ་དཀར་པོ། སྤུ་རྩེ་ཅན་དཀར་བ་འབྲས་ཕྱེ་འདྲ་བ་འབྲས་ཕྱེ། ཁུ་ཆུ་འདྲ་བ་ཁུ་ཆུ་འདྲ། དྲི་མ་ཅན་བྱེ་རྩིག་འདྲ་བ་བྱེ་མ། གཅིན་མང་རེག་བྱ་གྲང༌། རོ་མངར་བ་བསིལ་གྱི་ཟ་ཁུ། ཉུང་ཟད་དལ་བུས་འབྱུང་བ་བག་འབྱུང་གི་ཙ་ཁུ། ནལ་ནལ་སྦྱིན་བག་ཅན་ཁ་ཆུ་འདྲ་བ་སྟེ་བཅུའོ། །གཉིས་པ་ནི། མཁྲིས་གྱུར་ཞེས་རྐང་པ་གཉིས་ཀྱིས་བསྟན་ཏེ། དེ་ཡང་མཁྲིས་པའི་ཟ་ཁུ་ནི། དྲི་རོ་ཁ་དོག་ནས་ཚིག་ཁུ་བ་འདྲ་བ་ནས་ཚིག་ནག་པོ་སྣག་ཚ། ཁ་དོག་སྔོ་བ་སྔོན་པོ་ཚ་ཞིང་སེར་བ་སྐྱེར་ཁུ། མནམ་ཞིང་དམར་བ་བཙོད་ཁུ། དྲི་ང་ཚ་ཞིང་ལན་ཚྭར་བཅས། ཁྲག་འདྲ་ཁྲག་གི་ཟ་ཁུ་ཡིན་ཅེས་སྙིང་པོ་བསྡུས་པར་བྱུང་སྟེ་དེ་དྲུག་གོ། གསུམ་པ་ནི། རླུང་གྱུར་ཞེས་རྐང་པ་གཉིས་ཀྱིས་བསྟན་ཏེ། རླུང་གི་ཟ་ཁུ་ལ། ཞག་མདངས་འདྲེས་པ་ཞག་གི་ཟ་ཁུ། རྐང་མར་དང་འདྲེས་པ་རྐང་གི་ཟ་ཁུ། ཆུ་སེར་རྙོག་རྙོག་བཅས་གླང་ཆེན་གྱི་ཆུ་ལྟར་རྒྱུན་དུ་ནར་མར་འབྱུང་བ་གླང་ཆེན་ཟ་ཁུ་སེར་སྨུག་སྦྲང་རྩི་འདྲ་བ་ཟ་ཁུ་སྟེ་དྲིལ་བས་ཉི་ཤུ་ཐམ་པའོ། །སེར་དམར་སོགས་ཁ་དོག་དང་འདྲ་བ་ཙམ་ནི་ནད་གཞན་ལའང་འབྱུང་བས་མངོན་ཚུལ་ལས་དཔག་གོ །གསུམ་པ་དེ་རྣམས་ཀྱི་རྟགས་བཤད་པ་ལ་གསུམ། མངོན་ཚུལ་དང་བྱེ་བྲག་གི་རྟགས་དང་སྤྱི་རྟགས་བཤད་པའོ།།

        དང་པོ་ནི། མངོན་ཚུལ་ཞེས་འབྲུ་བདུན་དང་རྐང་པ་ལྔས་བསྟན་ཏེ། དེ་ལྟར་གྱི་མཐིལ་བཞི་ནི་རྐང་མཐིལ་ལག་མཐིལ་བཞིའོ། །དེ་ལྟརམངོན་ཚུལ་རྣམས་མ་བསལ་ན། ཆུ་མདོག་དེ་འདྲ་ནད་གཞན་ལའང་འབྱུང་བས་མདོག་ཁོ་ན་ལ་ངེས་པ་མི་འབྱུང་ངོ༌། །གཉིས་པ་བྱེ་བྲག་གི་རྟགས་བཤད་པ་ལའང་གསུམ་ལས། དང་པོ་ནི། བད་གྱུར་ཞེས་རྐང་པ་གཉིས་ཀྱིས་བསྟན་ནོ། །གཉིས་པ་ནི། མཁྲིས་གྱུར་ཞེས་རྐང་པ་གཉིས་ཀྱིས་བསྟན་ནོ། །གསུམ་པ་ནི། རླུང་གྱུར་ཞེས་རྐང་པ་གཉིས་ཀྱིས་བསྟན་ནོ། །གསུམ་པ་སྤྱི་རྟགས་ནི། ཀུན་ཀྱང་ཞེས་རྐང་པ་བཞིས་བསྟན་ཏེ། དེ་ཡང་གཅིན་སྙིའི་ནད་རིགས་ཉི་ཤུ་པོ་དེ་ཀུན་ཀྱང༌། གསར་དུས་གསོ་བ་མ་བསྒྲིམ་པར་ཡལ་བར་དོར་ན། ཐོར་བ་བཅུ་འབྱུང་སྟེ། དེ་ཡང་བཅུ་ནི་མཐའ་དབུས་དམའ་མདོག་ནག་པ་ནི་ཁམ་ཕོར་འདྲ་བ་སྟེ། ཁམ་སའི་ཕོར་པ་ཞེས་རྫ་ཕོར་འདྲ་བའོ། །ནང་དུ་ཟུག་ཅིང་མཆེད་འཇམ་ཞིང་རུས་སྦལ་རྒྱབ་འདྲ་བ་རུས་སྦལ་ལོ། །ནང་དུ་ཟུག་ཅིང་རྣག་ཐོར་ཆེ་བ་དབྱིབས་དགུར་བས་དགུར་པོ། །སྲ་ཞིང་རྩའི་དྲ་བས་ཁེབས་པས་དྲ་བ་ཅན། དམར་ཚ་གས་པས་མེ་དབལ། སྨིན་དཀའ་སྲན་ཆུང་བས་སྲན་ཆུང༌། མྱུར་སྨིན་རྣག་ཚབས་ཆེ་བས་ཡུངས་ཀར་འདྲ་བས་ཡུངས་ཀར། བ་ད་ར་ནི་འདིར་རྒྱ་ཤུག་འབྲས་བུར་འདོད་ལ་སྙིང་པོ་བསྡུས་པར། ལྡུམ་བུ་བ་ད་རི་ལྟར་ཟླུམ། འདྲ་བ་བ་ད་ར་ཞེས་བྱ། ཞེས་འབྱུང་བས་བརྟག་གོ འབྲུམ་བུ་གཅིག་ལ་མང་པོས་བསྐོར་ནས་ལྦུ་བ་འདྲ་བས་ལྦུ་བཅས། སྐྲངས་ཤིང་རྣག་པས་ཁོང་འབྲས་འདྲ་བ་དང་བཅུའོ། །གནད་སྟེང་འབྱུང་ཞེས་པ་ལ་སྙིང་པོ་བསྡུས་པར་ཚིགས་དང་གནད་དང་ཤ་ཆེ་བའི་སྲོག་གི་གནས་སུ་འབྱུང་བར་འགྱུར། ཞེས་འབྱུང་ལ་འབྲུ་གཉེར་ལུགས་འདི་དག་དེའི་དགོངས་པའོ། །བཞི་པ་བཅོས་ཐབས་བཤད་པ་ལ་གཉིས་སྤྱིའི་བཅོས་ཐབས་དང༌། བྱེ་བྲག་གི་བཅོས་ཐབས་བསྟན་པའོ། །དང་པོ་ནི། ཟ་ཁུ་ཞེས་འབྲུ་བདུན་དང་རྐང་པ་བདུན་གྱིས་བསྟན་ཏེ། བ་གཅིན་ལྕི་བ་ལས་བྱུང་ཁ་ཟས་ཟ་ཞེས་པ། སྙིང་པོ་བསྡུས་པར། ལྕི་བ་རྟ་རྒྱུག་ལས་བྱུང་ངམ། །འོ་མ་ལས་ཀྱང་སྐྱེས་པ་དག །ཁུར་བ་ཟན་དྲོན་ཆག་རྩེ་སོགས། །ནས་ལ་བྱས་པའི་ཟན་ཀྱང་ཕན། །ཞེས་སོ། ངལ་དུབ་མང་དུ་སྤྱད་དང་གཉིད་མི་ལོག་ཅེས་པར།

        ཡན་ལག་བརྒྱད་པར། ལམ་དུ་གདུགས་དང་ལྷམ་དག་ནི། །མེད་པར་དྲང་སྲོང་ཚུལ་དུ་ནི། །དཔག་ཚད་བརྒྱ་ཡི་བར་དུ་འགྲོ །ཆུ་ཡིས་གནས་ནི་བརྐོ་བའམ། །བ་གཅིན་ལྕི་བ་བསྟེན་པ་དང༌། །བ་ལང་དང་ནི་ལྷན་ཅིག་འཁྱམས། །ཞེས་འབྱུང་ངོ༌། །ཡང་ཞིང་རྩུབ་པའི་སྨན་གྱིས་དྲིས་ཕྱིས་བྱ་ཞེས་པ་ནི། སྲན་མ་སྐྱི་འབྲུམ་རྒྱ་ཤུག་སོགས་ཀྱིས་དྲིལ་ཞིང་ཕྱི་བའོ། །གཉིས་པ་བྱེ་བྲག་གི་བཅོས་བསྟན་པ་ལའང་གསུམ་ལས། དང་པོ་ནི། བད་ཀན་ཞེས་རྐང་པ་ལྔས་བསྟན་ནོ། །དེ་ཡང་ཐང་སྦྱོར་གསུམ་པོ་གང་རུང་སྐབས་དང་སྦྱར་བར་བྱའོ། །གཉིས་པ་ནི་མཁྲིས་པའི་ཞེས་རྐང་པ་ལྔས་བསྟན་ཏེ། སྦྱོང་རྗེས་ཤ་ཁུས་བརྡ་ཞེས་པའི་ཤ་ཁུ་ནི་སྐོམ་ཤའི་ཤ་ཁུའོ། །གསུམ་པ་ནི། རླུང་གྱུར་ཞེས་རྐང་པ་བཞི་དང་འབྲུ་གསུམ་གྱིས་བསྟན་ཏེ། བླ་གཉན་ཐོར་བའི་གཅིན་བླུད་པ་ནི། ར་ཐུག་གི་གཅིན་བླུད་ཅིང་རྨ་སྤྱི་ལྟར་གསོ་བ་སྦྱར་རོ། །གསུམ་པ་ལེའུའི་མཚན་ནི། བདུད་རྩི་ཞེས་པ་ནས་ལྔ་བཅུ་རྩ་ལྔ་པའོ་ཞེས་པས་བསྟན་ནོ།།

 

 

མཐའ་མའི་འདོན་ཐེངས་།: 24.08.2011 ཉིན། 2:50 PM

<< སྔ་མ།

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

ཆོས་རིག་དྲུང་ཆེ་སྐུ་ཚེ་མ་ཟིན་པའི་ཡིད་སྐྱོའི་གནས་ཚུལ།

སྤྱི་ཁྱབ་འགན་འཛིན་མཆོག་གི་གསུང་བཤད།

འགྲོ་ཕན་བོད་ཀྱི་སྨན་རྩིས་ཁང་དབུ་བརྙེས་པའི་དུས་དྲན་མཛད་སྒོ་སྲུང་བརྩི།

ཞབས་ལོ་ ༤༠། ༣༠། ༢༠། ལོན་པ་རྣམས་ཀྱི་ངོ་སྤྲོད།

སྨན་རྩིས་འབུམ་རམས་པ་དང་ཉེ་བའི་འབུམ་རམས་པར་ཕྱག་ཁྱེར་བསྩལ།

ཐོན་ཟོག་ཁྲལ་འབབ་སྡེ་ཚན་གྱིས་ཆེ་བསྟོད་གནང་།

བོད་ཡིག་མིང་བྱང་ལ་འགྱུར་བཅོས་བཏང་བ།

ཅོན་ཏ་ར་སྨན་སྦྱོར་སྡེ་ཚན་དུ་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།

བརྟན་བཞུགས་སྔོན་འགྲོའི་རིམ་གྲོར་སྲོག་ཆགས་ཚེ་ཐར་བཏང་བ།

འགྲོ་ཕན་སྨན་རྩིས་ཁང་གི་མིང་དུ་བརྫུས་ཏེ་ནད་པ་བསླུ་བྲིད་བྱེད་པའི་གནས་ཚུལ།

ཁ་ལོ་བ་གཅིག་དང་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།

ཆོད་གན་ལས་མི་སྐྱེས་པ་གཉིས་དང་བུད་མེད་གསུམ་གྱི་ས་མིག་གསལ་བསྒྲགས།

ལེའུ་དང་པོ། ཀླད་དོན་གླེང་སློང་བ།

ལེའུ་གཉིས་པ། རླུང་ནད་གསོ་བ།

ལེའུ་གསུམ་པ། མཁྲིས་པའི་ནད་གསོ་པ།